སྲིད་གྲོས་ཐེམ་ཆེན་རྫོང་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚོགས་འདུ་གཟབ་རྒྱས་ངང་འཚོགས་པ།


ཚོགས་རའི་ཡུལ་དངོས།

         2018ལོའི་ཟླ3པའི་ཚེས9ཉིན་གྱི་སྔ་དྲོའི་དུས་ཚོད་དགུའི་སྟེང་། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་ཐེམ་ཆེན་རྫོང་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་རྔམ་བརྗིད་ཀྱི་རྒྱལ་གླུའི་ཁྲོད་གཟབ་རྒྱས་ངང་འགོ་བརྩམས་པ་རེད།


རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ། རྒྱུན་ཨུ་དག

        ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་ཐེམ་ཆེན་རྫོང་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པར་ཐོན་དགོས་པའི་ཨུ་ཡོན76ཡོད་ལ་ཐོན་ཟིན་པའི་ཨུ་ཡོན65ཡོད། ཟུར་ཞུགས་དགོས་པའི་མི་སྣ49དང་ཞུགས་ཟིན་པའི་མི་སྣ42ཡོད། ཐེངས་འདིའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་ཧིའུ་ཙི་པོ། རྟ་ལོ།  སྐར་མ་འཚོ། སྐར་མ་བཀྲ་ཤིས། ཚེ་རིང་དོན་གྲུབ། ཧིའུ་ཅེ། ཀྲིན་ཡན་མེན་བཅས་རེད།


རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རྟ་ལོས་ཚོགས་འདུར་འགོ་འཛིན་བྱས།

         རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་ཧིའུ་ཙི་པོ་དང་ཀྲུའུ་ཞི་གཞོན་པ། རྒྱུན་ཨུ་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད། རྫོང་ཨུའི་ཧྲུའུ་ཅུ་མ་ཞོ་ཐེ། རྫོང་དམངས་འཐུས་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཚེ་ལ་རྒྱལ། རྫོང་སྲིད་གཞུང་གི་རྒྱུན་ལས་དང་རྫོང་དཔོན་གཞོན་པ་ཞ་ཡོན་ཧྥིན་སོགས་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་ཚོགས་འདུར་ཞུགས་ཡོད། རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རྟ་ལོས་ཚོགས་འདུར་འགོ་འཛིན་བྱས།

རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་ཧིའུ་ཙི་པོ་ཡིས་བྱ་བའི་སྙན་ཞུ་འབུལ་བཞིན་པ།

        ཐོག་མར་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་ཧིའུ་ཙི་པོ་ཡིས་ཐེམ་ཆེན་རྫོང་སྲིད་གྲོས་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ཚོགས་པའི་མངགས་བཅོལ་ལྟར་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་ཕུལ། སྙན་ཞུ་ལས་རྫོང་སྲིད་གྲོས་ཀྱི་2017ལོའི་བྱ་བར་སྤྱི་བསྡོམས་དང་། 2018ལོའི་བྱ་བར་རྒྱང་ལྟ་དང་རེ་བ་གསར་བ་བཏོན་པ་རེད།

རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྐར་མ་འཚོ་ཡིས་བྱ་བའི་སྙན་ཞུ་འབུལ་བཞིན་པ།

         མཇུག་མཐར་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྐར་མ་འཚོ་ཡིས་ཐེམ་ཆེན་རྫོང་སྲིད་གྲོས་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ཚོགས་པའི་མངགས་བཅོལ་ལྟར་ཚོགས་ཆེན་ལ་རྫོང་སྲིད་གྲོས་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་གྱི་ཚོགས་པས་བཏོན་པའི་གྲོས་གཞི་བྱ་བའི་སྙན་ཞུ་ཕུལ། སྙན་ཞུ་ལས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གཉིས་པའི་སྲིད་གྲོས་ཀྱི་གྲོས་གཞི་བྱ་བར་ཕྱིར་དྲན་དང་རྗེས་ཕྱོགས་སྲིད་གྲོས་ཀྱི་གྲོས་གཞི་དང་བསམ་ཕྱོགས་གསལ་བོ་བསྟན་པ་རེད། ཚོགས་འདུ་ལས་ད་དུང་མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོའི་ཚོགས་འདུའི་དགོངས་དོན་དང་རྫོང་ཨུའི་སྐབས་བཅུ་གཅིག་པའི་རྒྱུན་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་ཚོགས་འདུའི་དགོངས་དོན་ཡིག་ངོས་ནས་བརྒྱུད་བསྒྲགས་བྱས་པ་རེད།

སྲིད་གྲོས་ཨུ་ཡོན་གྱིས་སྙན་ཞུར་ཉན་པ།

ཚོགས་རའི་ཟུར་ཞིག

ཚོགས་རའི་ཟུར་ཞིག

ཚོགས་རར་ཕེབས་ཀྱིན་པའི་འགོ་ཁྲིད་རྣམ་པ།

གསར་འགོད་པ། གཅོད་པ་ཐར།