རང་ཞིང་གིས་ཚན་རྩལ་བྱ་དགའི་ལམ་ལུགས་ལ་བཅོས་སྒྱུར་གཏིང་ཟབ་བྱ་རྒྱུ་ཡིན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཚན་རྩལ་པའི་གསར་གཏོད་ལས་གཏོད་ཀྱི་སེམས་ཤུགས་ལ་ཡར་སྐུལ་དང་། ཚན་རྩལ་གྲུབ་འབྲས་སྒྱུར་བཅོས་དང་ཐོན་ལས་ཅན་འགྱུར་ལ་སྐུལ་སྤེལ། གསར་གཏོད་ལ་བརྟེན་པའི་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་མཐའ་འཁྱོབ་བཅས་བྱ་ཆེད། ཟླ༣པའི་ཚེས༨ཉིན་ལ་《མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་བྱ་དགའི་ལམ་ལུགས་བཅོས་སྒྱུར་ཟབ་མོ་བྱ་བའི་སྐོར་གྱི་འཆར་ཇུས་》ལག་བསྟར་བྱས།

《འཆར་ཇུས་》ནང་ཚན་རྩལ་བྱ་དགའི་མིང་འདོན་ཐབས་ལ་བཅོས་སྒྱུར་དང་། ཚན་རྩལ་བྱ་དགའ་གནང་བའི་ཁྱབ་ཁོངས་ལེགས་བཅོས།  ཚན་རྩལ་བྱ་དགའི་དཔྱད་ཞིབ་གོ་རིམ་ཕྱི་གསལ་ནང་གསལ།  སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་ཡར་སྐུལ་བྱས་ནས་ཚན་རྩལ་བྱ་དགའ་འཛུགས་པ་ལ་སོགས་འོས་འགན་གཙོ་བོ་བརྒྱད་གསལ་འབེབས་བྱས་ཡོད་པ་མ་ཟད།  མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་བྱ་དགའ་ནི་མཚོ་སྔོན་ཞིང་ཆེན་གྱི་སྲིད་གཞུང་གིས་གནང་བའི་ཚན་རྩལ་བྱ་དགའ་གཅིག་པུ་ཡིན་པ་ཡང་གསལ་འབེབས་བྱས་འདུག  ཀྲུང་གོའི་ཚན་རིག་གླིང་གི་ཡོན་ཧྲི་དང་། ཀྲུང་གོའི་བཟོ་སྐྲུན་གླིང་གི་ཡོན་ཧྲི།  མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐད་ལེགས་རྗེས་ཆེན་པོའི་བྱ་དགའ་ཐོབ་མཁན་རྣམས་ཀྱིས་ཐད་ཀར་རང་ཉིད་ཀྱི་ཆེད་ལས་མངའ་ཁོངས་ནང་མིང་བཏོན་ནས་ཞིང་ཆེན་ནང་ཁུལ་གྱི་ཚན་རྩལ་གྲུབ་འབྲས་ནང་ཞུགས་ཀྱིས་གཟེངས་བསྟོད་དཔྱད་བསྡུར་བྱེད་དུ་བཅུག་ཆོག  ཞིང་ཆེན་ཚན་རྩལ་བྱ་དགའི་དོ་དམ་སྡེ་ཚན་གྱིས་རང་ཞིང་གི་ཚན་རྩལ་གོང་སྤེལ་གྱི་ཆུ་ཚད་དངོས་ལ་གཞིགས་ནས་ཚན་རྩལ་བྱ་དགའི་དཔྱད་བསྡུར་མ་ལག་འཐུས་ཚང་དུ་བཏང་ནས་ཚན་རིག་ལག་རྩལ་མི་འདྲ་བ་སོ་སོའི་ཚན་རིག་གི་རིན་ཐང་དང་ལག་རྩལ་གྱི་རིན་ཐང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རིན་ཐང་བཅས་མངོན་ཅི་ཐུབ་བྱེད་དགོས། ཚན་རྩལ་བྱ་དགའི་སྒྲིག་གཞི་ཇེ་ལེགས་དང་། ཐོག་མའི་གསར་སྐྲུན་དང་ལག་རྩལ་གསར་གཏོད། དཔལ་འབྱོར་སྤྱི་ཚོགས་ཀྱི་ཕན་འབྲས་བཅས་མཉམ་འདུས་ཐོག་རང་ཞིང་གི་གསར་གཏོད་ལ་བརྟེན་པའི་འཕེལ་རྒྱས་ལ་སྐུལ་སྤེལ་གོ་ཆོད་པ་ཞིག་བྱེད་དགོས་ཞེས་བསྟན་ཡོད།

གཞན་ཡང་ཚན་རྩལ་བྱ་དགའི་དཔྱད་བསྡུར་གྱི་གོ་རིམ་དེ་ཕྱི་གསལ་ནང་གསལ་བྱས་ནས་ཚན་རྩལ་བྱ་དགའི་གཟི་བརྗིད་རང་བཞིན་དང་ཕྱོགས་སྟོན་རང་བཞིན་ཇེ་དྲག་ཏུ་གཏང་དགོས།   ཁེ་ཕན་གྱི་ཕྱིར་དུ་མཚོ་སྔོན་ཞིང་ཆེན་ཚན་རྩལ་བྱ་དགའི་མིང་ཐོག་ནས་ཚོང་གཉེར་གྱི་དྲིལ་སྒྲོག་འདྲ་མིན་བྱེད་མི་ཆོག་པ་མ་ཟད། ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་ཆད་པ་ནན་པོ་གཅོད་དགོས་པ་དང་།  ཞིང་ཆེན་ཚན་རིག་ལག་རྩལ་བྱ་དགའི་ཚད་གཞི་ཇེ་མཐོར་འོས་འཚམ་རེ་བཏང་ནས་བྱ་དགའི་གྲུབ་འབྲས་ལེན་མཁན་ལ་བྱ་དགའ་དངོས་གནང་དགོས།  ཚན་རྩལ་བྱ་དགའི་ཡར་སྐུལ་ཁ་ཕྱོགས་ཇེ་དྲག་ཏུ་བཏང་སྟེ།  ཚན་རྩལ་པའི་རང་གི་ཚན་རྩལ་གྱི་གྲུབ་འབྲས་དེ་ཐོན་ལས་ཅན་ལ་སོགས་སུ་བེད་སྤྱོད་གཏང་བར་ཡར་སྐུལ་གྱི་བྱེད་ཐབས་ལེགས་པོ་བཟོས་ནས་བྱ་དགའ་ཐོབ་མཁན་ཚན་རྩལ་པའི་གཟི་བརྗིད་ཀྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཇེ་དྲག་གཏང་དགོས།  དུས་མཚུངས་སུ་སྤྱི་ཚོགས་སྟོབས་ཤུགས་ལ་ཡར་སྐུལ་གྱིས་ཚན་རིག་ལག་རྩལ་བྱ་དགའ་གཟུག་དགོས་པ་བཅས་གསལ་འབེབས་བྱས་ཡོད་པ་རེད།

ལོ་ཙཱ་བ། ཁོན་ཐར་འཚོ།