ཐེམ་ཆེན་རྫོང་གི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅོ་ལྔ་བའི་ཚོགས་འདུ་ཐེངས་བཞི་བ་གཟབ་རྒྱས་ངང་འགོ་བརྩམས་པ།

ཟླ3པའི་ཚེས10ཉིན་གྱི་སྔ་དྲོའི་དུས་ཚོད་དགུའི་སྟེང་དུ། བརྗིད་ཉམས་ཀྱི་རྒྱལ་གླུའི་ཁྲོད་དུ་ཐེམ་ཆེན་རྫོང་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅོ་ལྔ་བའི་ཚོགས་འདུ་ཐེངས་བཞི་བ་གཟབ་རྒྱས་ངང་འགོ་བརྩམས་པ་རེད། ཐེངས་འདིའི་ཚོགས་འདུ་ལ་ཞུགས་དགོས་པའི་འཐུས་མི77དང་ཚོགས་འདུ་ལ་ཞུགས་པའི་འཐུས་མི69ཡོད། ཁྲིམས་བཀོད་ཀྱི་མི་གྲངས་དང་མཐུན།

ཚོགས་འདུའི་ཡུལ་དངོས།

ཐེམ་ཆེན་རྫོང་ཏང་ཨུའི་ཧྲུའུ་ཅི་མ་ཞོ་ཐེ། རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཡང་ཡོངས་འགྲུབ། རྫོང་སྲིད་གྲོས་ཀྲུའུ་ཞི་ཧིའུ་ཙི་པོ། རྫོང་དམངས་ཆེན་རྒྱུན་ཨུའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅུ་ཚེ་ལ་རྒྱལ། ཚོགས་འདུའི་ལག་བསྟར་ཀྲུའུ་ཞི་བང་ཀེ ཏུག་ཁྲོན་ཅོན། ཚེ་རིང་འཚོ། ཏང་ཧྥིན་ཆིན། ཚེ་སྐྱབས་རྒྱལ། བསོད་ནམས་རྣམ་རྒྱལ། བསོད་ཀྲུང་དུང་། དཔལ་འབུམ་རྒྱལ་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད། དམངས་ཆེན་འཐུས་མི་མིན་པའི་རྫོང་ཨུ་དང་རྫོང་སྲིད་གཞུང་། རྫོང་སྲིད་གྲོས། ཁྲིམས་འཛིན་སྡེ་ཁག་སོགས་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣ།  རྫོང་སྡོད་ལས་ཁུངས་དང་ཁེ་ལས་པའི་འགན་འཁུར་པ། ཞིང་ཆེན་དང་ཁུལ་གྱི་རང་རྫོང་གི་འཐུས་མི་ཡིན་པའི་འཐུས་ཚབ་མི་སྣ། ཤང་དང་གྲོང་རྡལ་གྱི་ཧྲུའུ་ཅི་དང་དམངས་ཆེན་ཀྲུའུ་ཞི། གྲོང་གཙོ་དང་ཤང་གཙོ། སྲིད་གྲོས་སྐབས་བཅུ་གཅིག་པའི་ཐེངས་གསུམ་པའི་ཨུ་ཡོན་བཅས་ཚོགས་འདུ་ལ་ཟུར་ཞུགས་བྱས་པ་རེད།

ཐེམ་ཆེན་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཡང་ཡོངས་འགྲུབ་ཀྱིས་སྲིད་གཞུང་བྱ་བའི་སྙན་ཞུ་འབུལ་བཞིན་པ།

ཚོགས་འདུ་ལག་བསྟར་ཀྲུའུ་ཞི་ཝང་ཀེ་ཡིས་འགོ་འཛིན་བྱས་ལ་རྫོང་སྲིད་གཞུང་གི་རྫོང་དཔོན་གཡང་ཡོངས་འགྲུབ་ཀྱིས་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ། སྙན་ཞུ་རིགས་གཉིས་སུ་བགར་ཡོད་དེ། 2017ལོའི་བྱ་བའི་ཕྱིར་དྲན་དང2018ལོའི་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་རེད། 2017ལོའི་བྱ་བར་ཕྱོགས་བརྒྱད་ཀྱི་སྟེང་ནས་ཕྱིར་ལྟ་བྱས་ཡོད་ལ། 2018ལོའི་དམིགས་འབེན་ལ་གནད་ས་བརྒྱད་ཀྱི་ཕྱོགས་ནས་རེ་འདུན་བཏོན་པ་རེད།

ཀྲུའུ་ཞི་སྟེགས་བུའི་སྟེང་གི་འགོ་ཁྲིད་རྣམ།

ཚོགས་འདུ་ལས་ད་དུང2017ལོའི་ཐེམ་ཆེན་རྫོང་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་གནས་ཚུལ་དང2018ལོའི་འཆར་གཞིའི་འཆར་ཟིན་གྱི་སྙན་ཞུ། 2017ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་གནས་ཚུལ། 2018ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྙན་ཞུ་ཡིག་ངོས་ནས་གྲོས་ཞིབ་དང་བརྒྱུད་བསྒྲགས་བྱས་པ་རེད།

ཚོགས་འདུ་ལ་ཞུགས་པའི་དམངས་ཆེན་འཐུས་མི།

 

ཟུར་ཞུགས་བྱས་པའི་སྲིད་གྲོས་ཨུ་ཡོན།

 

ཟུར་ཞུགས་བྱས་པའི་སྲིད་གྲོས་ཨུ་ཡོན།

གསར་འགོད་པ། གཅོད་པ་ཐར།