ད་ལོར་རང་ཞིང་གིས་རོང་འབྲོག་ཁྱིམ་ཚང་ཁྲི6གི་ཉེན་ཁང་སྒྱུར་བཀོད་བྱ་རྒྱུ་ཡིན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གསར་འགོད་པས་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིན་ནས་རྒྱུས་ལོན་པ་ལྟར་ན། ད་ལོར་རང་ཞིང་གིས་རོང་འབྲོག་ཁྱིམ་ཚང་ཁྲི6གི་ཉེན་ཁང་སྒྱུར་བཀོད་ལས་འགན་ལག་བསྟར་བྱ་རྒྱུའི་འཆར་གཞི་ཡོད་ཅིང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་། ཆུས། སྲིད་འཛིན་སྡེ་བ25ཡི་ཆེད་དོན་གད་སྙིགས་བཅོས་སྐྱོང་ལས་དོན་ལ་ཞིང་ཆེན་རིམ་པའི་ཞིབ་བཤེར་རྩིས་ལེན་བྱེད་པའི་ལས་དོན་ལེགས་འགྲུབ་བྱ་རྒྱུ་རེད།

ཤེས་གསལ་ལྟར་ན། རོང་འབྲོག་མང་ཚོགས་ཀྱི་ཉེན་ཁང་སྒྱུར་བཀོད་ལས་འགན་གྱི་རྩ་དོན་ལྟར་དུ། རྫོང་རིམ་པའི་སྲིད་གཞུང་གིས་གཅིག་བསྡུས་འཆར་འགོད་སྒོས། ཡིག་ཚགས་རིམ་པ་ལྟར་དུ་དབུལ་ཕོངས་མང་ཚོགས་ཀྱི་ཁྱིམ་ཚང་རེའི་ཆ་སྙོམས་རོགས་སྐྱོར་ཚད་གཞི་མཐོ་རུ་བཏང་བ་དང་། གནད་འཁེལ་དབུལ་སྐྱོར་དང་ཟུང་འབྲེལ་བྱས་ཏེ་སྡོད་ཁང་བསྐྲུན་པའི་ནུས་པ་མེད་པའི་དབུལ་ཕོངས་ཁྱིམ་ཚང་གི་ཉེན་ཁང་སྒྱུར་བཀོད་གནད་དོན་ཐག་གཅོད་བྱས།

ས་མཐོའི་མཛེས་པའི་གྲོང་སྡེ་བསྐྲུན་ཏེ། ཞིང་སྡེའི་སྤུས་ཚད་ཁྱོན་ཡོངས་ནས་མཐོར་འདེགས་སུ་བཏང་། ཁ་ཐོར་རྣམ་པའི་འཛུགས་སྐྲུན་ནས་གཞི་ཁྱོན་ཆེ་བའི་འཛུགས་སྐྲུན་རྣམ་པར་སྒྱུར་བ་དང་། ས་མཐོའི་མཛེས་པའི་གྲོང་སྡེ་བསྐྲུན་པའི་ཚད་གཞིར་ཞིབ་འཇུག་གཏན་འབེབས་བཟོས་ཤིང་། ས་མཐོའི་མཛེས་པའི་གྲོང་སྡེའི་དཔེ་སྟོན་རྫོང་བསྐྲུན་པ་ཁྱབ་བརྡལ་དུ་བཏང་། རོང་འབྲོག་ཁུལ་གྱི་གད་སྙིགས་ཆེད་དོན་བཅོས་སྐྱོང་ལས་འགུལ་ཧུར་ཐག་གིས་སྤེལ་ཏེ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་། ཆུས། སྲིད་འཛིན་སྡེ་བ25ཡི་ཆེད་དོན་གད་སྙིགས་བཅོས་སྐྱོང་ལས་དོན་ལ་ཞིང་ཆེན་རིམ་པའི་ཞིབ་བཤེར་རྩིས་ལེན་བྱེད་པའི་ལས་དོན་ལེགས་འགྲུབ་བྱས། སྡེ་བའི་གད་སྙིགས་འཚོལ་སྡུད་དང་། ཞིང་དང་གྲོང་བརྡལ་གྱི་གད་སྙིགས་འཁོར་སྐྱོད། རྫོང་རིམ་པའི་གད་སྙིགས་བཅོས་སྐྱོང་བྱེད་པའི་ལམ་སྲོལ་སྔར་བས་སྲ་བརྟན་དུ་བཏང་།

ལོ་ཙཱ་བ། ཀླུ་མོ།