རང་ཞིང་གིས་རོང་འབྲོག་ཁྱིམ་ཚང་ཁྲི6གི་ཉེན་ཁང་དང་ཁང་རྙིང་བསྒྱུར་བཀོད་བྱ་རྒྱུ་ཡིན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  གསར་འགོད་པས་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་ནས་ཤེས་རྟོགས་བྱུང་བ་ལྟར་ན། ད་ལོར་རང་ཞིང་གིས་རོང་འབྲོག་ཁྱིམ་ཚང་གི་ཉེན་ཡོད་སྡོད་ཁང་དང་ཁང་རྙིང་སྒྱུར་བཀོད་ལས་འགན་ཁྱིམ་ཚང་ཁྲི་6 ལྷག་ལ་འཆར་འགོད་ལག་བསྟར་བྱ་རྒྱུ་དང་། ཞིང་ཆེན་ཡོངས་ཀྱི་རྫོང་ཁག་25 ཡི་( གྲོང་ཁྱེར་དང་། ཆུས། སྲིད་འཛིན་ཨུ་ལྷན) གད་སྙིགས་ཆེད་དོན་བཅོས་སྒྲིག་ཞིང་ཆེན་རིམ་པའི་ཞིབ་བཤེར་རྩིས་ལེན་བྱ་རྒྱུ་ཡིན་པ་རེད།
  ཤེས་རྟོགས་བྱུང་བ་ལྟར་ན། རོང་འབྲོག་མང་ཚོགས་ཀྱི་ཉེན་ཡོད་སྡོད་ཁང་དང་ཁང་རྙིང་སྒྱུར་བཀོད་ལས་འགན་ཉུང་དུ་མི་གཏོང་བ་དང་།ཁ་གསབ་རོགས་དངུལ་ཐོད་བརྒལ་མི་བྱེད་པ་ཞེས་པའི་རྩ་དོན་གཞིར་བཟུང་རྫོང་རིམ་པ་སྲིད་གཞུང་གིས་གཅིག་གྱུར་དང་།རིམ་པ་བགོས་ནས་ལག་ལེན་བྱེད་པའི་ཐབས་ཤེས་བརྒྱུད་མང་ཚོགས་དབུལ་པོ་ཁྱིམ་ཚང་རེའི་ཆ་སྙོམས་རོགས་དངུལ་ཚད་གཞི་མཐོ་རུ་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ཏེ། ཁང་པ་བསྐྱར་བཞེངས་ལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་ཉེན་ཁང་བསྒྱུར་བཀོད་བྱ་རྒྱུ་ཡིན་པ་རེད། 
  མཐོ་སྒང་གི་མཛེས་པའི་ཞང་སྡེ་རིམ་སྤོར་ཅན་འཛུགས་སྐྲུན་བྱེད་པ་དང་ཁྱོན་ཡོངས་ནས་ཞང་སྡེའི་སྤུས་ཚད་མཐོར་འདེགས་སུ་གཏོང་རྒྱུ་དང་། ཁ་ཐོར་གྱི་འཛུགས་སྐྲུན་ནས་ཁུལ་ཁོངས་གཅིག་ཏུ་འབྲེལ་བར་ཚུལ་སྒྱུར་བྱས་ཏེ་མཐོ་སྒང་གི་མཛེས་པའི་ཞང་སྡེའི་ཚད་གཞིར་ཞིབ་འཇུག་བྱས་ཏེ་གཏན་འབེབས་བྱེད་པ་དང་ཁྱབ་གདལ་དུ་བཏང་ཆོག་པའི་མཐོ་སྒང་གི་མཛེས་པའི་ཞང་སྡེའི་དཔེ་སྟོན་རྫོང་འཛུགས་སྐྲུན་བྱེད་རྒྱུ་ཡིན་པ་རེད། ཧུར་ཐག་གིས་རོང་འབྲོག་ཁུལ་གྱི་གད་སྙིགས་ཆེད་དམིགས་བཅོས་སྐྱོང་འགུལ་སྐྱོད་ལ་སྐུལ་འདེད་བཏང་སྟེ་ཞིང་ཆེན་ཡོངས་ཀྱི་རྫོང་ཉེར་ལྔའི་གད་སྙིགས་ཆེད་དམིགས་བཅོས་སྐྱོང་བྱེད་པའི་ཞིང་ཆེན་རིམ་པའི་ཞིབ་བཤེར་རྩིས་ལེན་བྱ་བ་ཡོངས་འགྲུབ་བྱེད་རྒྱུ་ཡིན་པ་དང་། སྔར་ལས་ལྷག་པའི་སྒོ་ནས་སྡེ་བས་བསྡུ་རུབ་བྱེད་པ་དང་ཞང་གྲོང་གིས་སྐྱེལ་འདྲེལ་བྱེད་པ།རྫོང་གིས་ཐག་གཅོད་བྱེད་པའི་རོང་འབྲོག་ཁུལ་གྱི་གད་སྙིགས་བཅོས་སྐྱོང་ནང་རྐྱེན་སྲ་བརྟན་དུ་གཏོང་བ་དང་མཉམ་དུ་གད་སྙིགས་འཕོ་སར་དག་ཐེར་བཅོས་སྐྱོང་བྱེད་པའི་བྱ་འགུལ་སྤེལ་རྒྱུ་རེད།


ལོ་ཙཱ་བ།རྟ་མགྲིན་དཔལ།