ཨུ་ཡོན་མཱ་ཀྲི་ཝེ་ཡིས་མཚོ་སྔོན་དེ་རྒྱལ་ཁབ་རིམ་པའི་རང་གི་རླངས་འཁོར་བསྐོར་ནས་ཡུལ་སྐོར་གསར་གཏོད་བྱེད་པའི་དཔེར་མཚོན་ཞིང་ཆེན་བྱེད་པའི་བསམ་འཆར་བཏོན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་བའི་ལོ་འདི་དག་གི་རིང་ལ། རྨང་གཞིའི་སྒྲིག་ཆས་དང་མི་རྣམས་ཀྱི་འཚོ་བའི་ཆ་རྐྱེན་མུ་འཕེལ་ལེགས་བཅོས་བྱུང་བ་དང་བསྟུན་ནས་རང་ཞིང་གིས་རླངས་འཁོར་བསྐོར་ནས་ཡུལ་སྐོར་བྱེད་པའི་ཐོན་ལས་ཀྱི་འཕེལ་རྒྱས་ཇེ་མགྱོགས་སུ་སོང་བ་རེད། དེའི་ཕྱིར་མཚོ་སྔོན་དུ་གནས་སྡོད་སྲིད་གྲོས་ཨུ་ཡོན་མཱ་ཀྲི་ཝེ་ཡིས་རྒྱལ་ཁབ་རིམ་པའི་རང་གི་རླངས་འཁོར་བསྐོར་ནས་ཡུལ་སྐོར་བྱེད་པའི་དཔེར་མཚོན་ཞིང་ཆེན་གསར་གཏོད་བྱས་ཏེ། གོམ་གང་མདུན་སྤོས་སྒོས་མཚོ་སྔོན་གྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་མགྱོགས་མྱུར་སྒོས་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བ་གསར་གཏོད་བྱས་པ་རེད།

རང་གིས་རླངས་འཁོར་བསྐོར་ནས་ཡུལ་སྐོར་བྱེད་པའི་ཡུལ་སྐོར་མཁོ་སྤྲོད་ལ་སྣེ་ཁྲིད་བྱས་ཞིང་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་བརྒྱུད་ཡུལ་སྐོར་ཐོན་ལས་ལ་སྐུལ་འདེད་བྱས་ཤིང་འཕེལ་རྒྱས་མགྱོགས་མྱུར་གྱི་བསྡུས་གཟུགས་གཙོ་བོར་གྱུར། ཟི་ལིང་གྲོང་ཁྱེར་གཙོ་བོར་བཟུང་ནས་ཟི་ལིང་གྲོང་ཁྱེར་གྱིས་ཉེ་བའི་ལོ་འདི་དག་གི་རིང་ལ་ཟི་ལིང་གྲོང་ཁྱེར་དེ་འགོ་འཛུགས་ས་དང་དཀྱོགས་མཚམས་བྱེད་པར་སྐུལ་འདེད་ཀྱིས་ཀྲུང་གོའི་དར་གོས་ཚོང་ལམ་དུ་རང་གིས་རླངས་འཁོར་བསྐོར་ནས་སྒར་རྒྱག་པ། ནུབ་རྒྱུད་དུ་རང་གིས་རླངས་འཁོར་བསྐོར་བའི་ཡུལ་སྐོར་གཅིག་བསྡུས་ལྟེ་གནས་སོགས་ཀྱི་རྣམ་གྲངས་བཙུགས་ཤིང་། ཤུགས་རྒྱག་པ་དང་ངལ་གསོ་བ། ལུས་སྟོབས་གསོ་བ། བསྐྱར་དུ་ལམ་ལ་ཆས་པ་སོགས་གསར་གཏོད་ཀྱིས་རང་གི་རླངས་འཁོར་བསྐོར་ནས་ཡུལ་སྐོར་བྱེད་པའི་དུས་ཀྱི་ངལ་གསོ་ཡུལ་དང་སྒར་འདེབས་སའི་འཐབ་ཇུས་སོགས་བཀོད་སྒྲིག་གང་ལེགས་ཀྱིས་རང་གིས་རླངས་འཁོར་བསྐོར་ནས་ཡུལ་སྐོར་བྱེད་རྒྱུ་དེ་ཟི་ལིང་གྲོང་ཁྱེར་གྱི་ཡུལ་སྐོར་བྱ་བ་གཙོ་བོར་བཞག་པ་རེད། 2007ལོ་ནས2016ལོའི་བར་རང་ཞིང་གིས་ཞིང་ཆེན་གཞན་དུ་རང་གིས་རླངས་འཁོར་བསྐོར་ནས་འགྲོ་བའི་རླངས་འཁོར་གྱི་སྤྱིའི་ཁ་གྲངས་དེ་སྔོན་གྱི་ཁྲི12.25ནས་ཁྲི90ལ་བུད་པ་དང་ཆ་སྙོམས་བྱས་ན་ལོ་རེའི་འཕར་སྣོན་བྱུང་ཚད་རླངས་འཁོར་ཁྲི10ཡིན་ངེས།

དེའི་ཕྱིར་རང་ཞིང་གིས་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་རིམ་པའི་རང་གི་རླངས་འཁོར་བསྐོར་ནས་ཡུལ་སྐོར་བྱེད་པའི་དཔེར་མཚོན་ཞིང་ཆེན་གྱི་འཆར་འགོད་དང་མཚོ་སྔོན་ཞིང་ཆེན་གྱི་རང་གིས་རླངས་འཁོར་བསྐོར་ནས་ཡུལ་སྐོར་བྱེད་པའི་དཔེར་མཚོན་ཞིང་ཆེན་གསར་གཏོད་ཐབས་ཇུས་དང་ཚད་ལྡན་གྱི་སྒྲིག་སྲོལ་རབས་དང་རིམ་པ་ཞེས་པ་རྩོམ་སྒྲིག་ལེགས་འགྲུབ་བྱས་ཏེ་རྒྱལ་ཁབ་ཡུལ་སྐོར་ཅུའུ་ལ་རེ་འདུན་སྙན་ཞུ་ཞུས་པ་རེད། ཚད་ལྡན་སྒྲིག་སྲོལ་གྱི་རིམ་པ་སོ་སོའི་ཁྲོད་བྱེ་བྲག་གི་ཚད་གཞི་གསུམ་གསར་འཛུགས་བྱས་པ་རེད། གསར་གཏོད་ཐབས་ཇུས་གཞིར་བཟུང་ནས་རང་ཞིང་གིས་རང་གིས་རླངས་འཁོར་བསྐོར་ནས་ཡུལ་སྐོར་བྱེད་པའི་ཐོན་ལས་དང་ལམ་ཐིག ལྗོངས་རྣམ་གཞུང་ལམ། ཁོར་ཡུག་སྲུང་སྐྱོབ། བདེ་འཇགས་འགན་སྲུང་། ཚད་ལྡན་བཅའ་ཁྲིམས་སོགས་གཞི་རྟེན་མ་ལག་མི་འདྲ་བ་བཅུ་ནས་འགོ་བརྩམས་ཤིང་། 2020ལོར་རྒྱལ་ཁབ་རིམ་པའི་རང་གིས་རླངས་འཁོར་བསྐོར་ནས་ཡུལ་སྐོར་བྱེད་པའི་དཔེར་མཚོན་ཞིང་ཆེན་ཡོངས་འགྲུབ་བྱ་རྒྱུ་ཡིན་པ་རེད།

རེ་འདུན་སྙན་ཞུའི་ཁྲོད་བསྟན་དོན། རྒྱལ་ཡོངས་ཀྱི་རང་གིས་རླངས་འཁོར་བསྐོར་བའི་ཡུལ་སྐོར་དཔེར་མཚོན་ཞིང་ཆེན་གསར་གཏོད་ཀྱིས་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་བཀག་རྒྱ་གཙོ་བོར་བཟུང་ཞིང་ཡང་དག་པའི་སྒོ་ནས་སྒེར་གཤིས་ཅན་དང་གཏན་འབེབས་ཅན། གཅིག་བསྡུས་ཅན་བཅས་ཀྱི་ཁྱད་ཆོས་ཕྱིར་འདོན་གསལ་བོ་བྱས་ཤིང་། གོ་དོན་གསར་བའི་མཁོ་སྤྲོད་ཞབས་ཞུ་དང་འགན་སྲུང་གིས་མཚོ་སྔོན་གྱི་བསྡུས་གཟུགས་དེ་དྲིལ་སྒྲོག་གང་ལེགས་བྱས་པ་རེད། དེ་ལས་གཞན། རང་གིས་རླངས་འཁོར་བསྐོར་ནས་ཡུལ་སྐོར་བྱེད་པའི་དཔེར་མཚོན་ཞིང་ཆེན་གྱིས་རང་ཞིང་གི་ཡུལ་སྐོར་ཐོན་ལས་སྒྲིག་གཞི་སྔར་ལས་འཐུས་ཚང་ཅན་དང་ཡུལ་སྐོར་གྱི་ནང་དོན་འཐུས་ཚང་གིས་ཡུལ་སྐོར་གྱི་སྣང་བརྙན་མཐོར་འདེགས་སུ་བཏང་ཞིང་ཡུལ་སྐོར་དཔལ་འབྱོར་མགྱོགས་མྱུར་སྒོས་བདེ་ཐང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱས་ཤིང་། རང་ཞིང་གི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་ཁབ་ཀྱི་འཐབ་ཇུས་དེ་སྔར་ལས་ཡང་དག་པའི་སྒོ་ནས་དོན་སྙིང་ཟབ་མོ་ཅན་ཞིག་ལ་འགྱུར་བར་དོན་སྙིང་ངེས་ཅན་ལྡན།

ལོ་ཙཱ་བ། ལྷ་དཔལ་སྐྱབས།