རང་ཞིང་གིས་ལས་ཁུངས་ཀྱི་ལས་གནས་བཅའ་ཁྲིམས་སྲིད་ཇུས་ཀྱི་དྲིལ་སྒྲོག་བྱ་འགུལ་སྤེལ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ3པའི་ཚེས10ཉིན་རང་ཞིང་གིས་སྐབས་གཉིས་པའི་ལས་ཁུངས་ཀྱི་ལས་གནས་བཅའ་ཁྲིམས་སྲིད་ཇུས་ཀྱི་དྲིལ་སྒྲོག་བྱ་འགུལ་སྤེལ་བ་རེད། ཟི་ལིང་གི་དཀྱིལ་སྙིང་ཐང་ཆེན་དུ་ཟི་ལིང་གྲོང་ཁྱེར་ལས་ཁུངས་ཀྱི་ལས་གནས་དོ་དམ་གཞུང་སྒྲུབ་ཁང་གི་དྲིལ་སྒྲོག་ཅོག་ཙེའི་མདུན་དུ་མི་ཞིག་ཡོང་ནས་འདྲི་གཅོད་བྱས་པ་མ་ཟད། བཀའ་དྲིན་ཡང་ཞུས་པ་རེད།

ལོ་རེའི་ཟླ3པའི་ཚེས10ཉིན་ནི་རང་ཞིང་གི་ལས་ཁུངས་དག་གི་ལས་གནས་བཅའ་ཁྲིམས་སྲིད་ཇུས་དྲིལ་སྒྲོག་གི་ཉིན་མོ་ཡིན་ཞིང་། བྱ་འགུལ་སྤེལ་བའི་ཉིན་དེར་ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་ལས་གནས་གཞུང་སྒྲུབ་ཁང་གིས་ཞིང་ཆེན་གྱི་གྲོང་ཁྱེར་དཀྱིལ་སྙིང་ཐང་ཆེན་དུ་གཞི་རྒྱ་ཆེ་བའི་ཡུལ་དངོས་དྲིལ་སྒྲོག་བྱ་འགུལ་སྤེལ་བ་དང་། གཅིག་བསྡུས་སྒོས་ལས་ཁུངས་ཀྱི་ལས་གནས་བཅའ་ཁྲིམས་སྲིད་ཇུས་དྲིལ་སྒྲོག་བྱས་པ་དང་ལས་བྱེད་མི་སྣ་དག་གིས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་འབྲེལ་ཡོད་ཤེས་བྱའི་སྐོར་དྲིལ་སྒྲོག་ལག་དེབ་བཟོས་ཤིང་། དྲིལ་སྒྲོག་བྱང་བུ་དང་འགྲེམས་སྟོན་བྱང་བུ་སོགས་ལ་བརྟེན་ནས་འགྲེམས་སྟོན་གསལ་བཤད་བྱས་ཤིང་། ཡུལ་དངོས་ནས་དོགས་གནད་ཀྱི་དྲི་བར་ལན་འདེབས་གནང་བ་མ་ཟད། འབྲེལ་ཡོད་དོན་དག་གི་བརྒྱུད་རིམ་ཐད་ལ་འགྲེལ་བཤད་གསལ་བོ་གནང་ཤིང་། ད་དུང12310ཡི་སྙན་གསེང་སྟེགས་བུ་ཡང་གསར་འཛུགས་ཀྱིས་ཡུལ་དངོས་སུ་ལས་ཁུངས་ཀྱི་ལས་གནས་ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་ཞུ་གཏུག་བྱས་པ་རེད། བྱ་འགུལ་ཁྲོད་ཁྱོན་བསྡོམས་དྲིལ་སྒྲོག་ལག་དེབ་དང་དྲིལ་སྒྲོག་བྱང་བུ2000ལྷག་མར་བཀྲམས་པ་དང་མི་གྲངས100ལྷག་གི་འདྲི་གཅོད་སྣེ་ལེན་བྱས་ཤིང་ཡུལ་དངོས་ཀྱི་དོགས་གནད་གནད་དོན་མི་འདྲ་བ10ཐག་གཅོད་བྱས་པ་རེད།

ད་ལོར་ལས་ཁུངས་དག་གི་ལས་གནས་བཅའ་ཁྲིམས་སྲིད་ཇུས་ཀྱི་དྲིལ་སྒྲོག་ཉིན་མོར་བསུ་བ་བྱེད་ཆེད་ཟི་ལིང་གྲོང་ཁྱེར་ལས་གནས་གཞུང་སྒྲུབ་ཁང་གིས་བློ་སེམས་རྩེ་གཅིག་གི་ཇུས་འགོད་དང་གསར་གཏོད་བྱེད་ཐབས་བརྒྱུད་རིམ་མི་འདྲ་བའི་བྱ་འགུལ་འཆར་གཞི་རབས་དང་རིམ་པ་མང་པོ་ཞིག་གཏན་ཁེལ་བྱས་ཤིང་། ཟླ3པའི་ཚེས5ཉིན་ནས་ཚེས9ཉིན་བར་ལས་ཁུངས་ཀྱི་ལས་གནས་བཅའ་ཁྲིམས་སྲིད་ཇུས་ཀྱི་ཤེས་བྱའི་དྲིས་ལན་གྱི་ཆེད་དོན་བྱ་འགུལ་དེ་དངོས་སུ་ཐོ་འགོད་བྱས་ཤིང་དད་མོས་ཀྱི་སྟོབས་ཤུགས་ཞེས་པའི་ཏང་ཡོན་གྱི་སློབ་གསོའི་ཁ་པར་པར་གཞི་དང་གྲོང་ཁྱེར་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དག་གིསappཁ་ཕྱེས་ནས་དྲི་བར་ལན་འདེབས་བྱས་ཆོག དྲི་བར་ལན་འདེབས་པའི་མི་གྲངས་ཁྲི20ལྷག་ལ་བུད་པ་རེད། ཚེས9ཉིན་ཟི་ལིང་གྲོང་ཁྱེར་ཏང་གི་སློབ་གྲྭས་ཆེད་དོན་འཆད་ཁྲིད་གནང་བ་དང་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་དང་རྫོང་སོ་སོའི་ལས་ཁུངས་དག་གི་ལས་གནས་བྱ་བའི་འགོ་ཁྲིད་དང་བྱ་བའི་སྒྲིག་གཞིའི་ལས་གནས་ཀྱི་མི་སྣ་བཅས་ལ་ལས་ཁུངས་ཀྱི་ལས་གནས་བཅའ་ཁྲིམས་སྲིད་ཇུས་ཀྱི་འབྲེལ་ཡོད་ཤེས་བྱ་འཆད་ཁྲིད་གནང་བ་དང་། གོམ་གང་མདུན་སྤོས་སྒོས་ལས་ཁུངས་ཀྱི་ལས་གནས་སྒྲིག་ལམ་དང་ཡུལ་དངོས་ནསappསྟེང་དྲི་བར་ལན་བཏབ་པའི་ཕུལ་བྱུང་ལས་ཁུངས་ལ་གཟེངས་བསྟོད་བསྔགས་བརྗོད་བྱས། ཚེས10ཉིན་ཟི་ལིང་གྲོང་ཁྱེར་ལས་གནས་གཞུང་སྒྲུབ་ཁང་གི་འགན་ཁུར་མི་སྣ་ཟི་ལིང་གྲོང་ཁྱེར་བརྙན་འཕྲིན་ཁང་གི་བར་ཐག་མེད་པའི་དོ་ཁུར་ཞེས་པའི་ལེ་ཚན་དུ་ཞུགས་ནས་མདོ་འཛིན་པ་དང་རྒྱ་ཆེའི་མང་ཚོགས་ལ་ལས་ཁུངས་ཀྱི་ལས་གནས་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་ཕྱོགས་ཀྱི་ཤེས་བྱ་ལྟར་བསམ་བློ་བརྗེ་རེས་བྱས་ཤིང་། གོམ་གང་མདུན་སྤོས་སྒོས་དྲིལ་སྒྲོག་ཁྱོན་ཡོངས་ལ་ཁེབས་པར་བྱས་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།