ཞིང་ཆེན་འགྲིམ་འགྲུལ་སྡེ་ཁག་གིས་ཉིན་བརྒྱའི་མཁྲེགས་གཏོར་དུས་ཚོད་བཀོལ་སྒྲིག་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ལོ་གཅིག་གི་འཆར་གཞི་དེ་དཔྱིད་ཀ་ནས་འགོ་ཚུགས་པ་ཡིན་པས། ད་ལོ་ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་ཆེས་ཐོག་མའི་བྱ་བ་མངོན་འགྱུར་བྱེད་ཆེད། རང་ཞིང་གི་འགྲིམ་འགྲུལ་སྡེ་ཁག་གིས་མུ་མཐུད་དུ་གཞུང་ལམ་བཟོ་བསྐྲུན་འཛུགས་བསྐྲུན་ཐད་ཀྱི་རིགས་སོ་སོའི་བྱ་བར་སྐུལ་འདེད་བྱས་ཤིང་། འཆར་གཞི་ལྟར་ཟླ3པའི་ཟླ་དཀྱིལ་བར2018ལོའི་ཞིང་སྡེའི་གཞུང་ལམ་རིམ་པ་དང་པོའི་འཆར་གཞི་མར་བསྒྲགས་པ་དང་མུ་མཐུད་དུ་ཟི་ལིང་གྲོང་ཁྱེར་དུ་ཟི་ལིང་ཤར་གཏོང་དང་སྤྱི་སྤྱོད་གྲོང་ཁྱེར་དུ་ཐོན་པ་འཛུགས་བསྐྲུན་གྱིས་ཤུགས་གང་ཡོད་སྒོས་འགྲིམ་འགྲུལ་ཤར་གཏོང་གི་འཛུགས་བསྐྲུན་ཡོངས་འགྲུབ་བྱས་ཤིང་། མང་ཚོགས་ལ་སྟབས་བདེ་དང་ཕན་འབྲས་ཆེན་པོ། བདེ་འཇགས། མགྱོགས་མྱུར་བཅས་ཀྱི་ཞབས་ཞུ་མཁོ་སྤྲོད་གང་ལེགས་བྱས་པ་རེད།

རང་ཞིང་གིས་གང་མགྱོགས་སྒོས་མཚོ་སྔོན་ཞིང་ཆེན་གྱི་མྱུར་བགྲོད་གཞུང་ལམ་དྲ་བའི་འཆར་འགོད་རྩོམ་སྒྲིག་ཡོངས་འགྲུབ་བྱས་ཤིང་། འོས་མཐུན་གྱི་འཆར་འགོད་བཀོད་སྒྲིག་བྱས་ཤིང་མྱུར་བགྲོད་གཞུང་ལམ་དང་རྒྱལ་ཁབ་ཞིང་ཆེན་རིམ་པའི་གཞུང་ལམ་དྲ་རྒྱ་བཀོད་སྒྲིག་གང་ལེགས་བྱས། ཞིང་ཆེན་སྲིད་གཞུང་གི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་ཁྲོད་ཤུལ་དུ་ལུས་པའི་རྣམ་གྲངས་དག2018ལོར་ཁྱོན་ཡོངས་ནས་བཟོ་སྐྲུན་བྱེད་འགོ་འཛུགས་པའི་བླང་བྱ་བཏོན་པ་དང་ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་ལས་ཁུངས་དག་ལ་སྙོམས་སྒྲིག་བྱས་པ་བརྒྱུད་ཁྱོན་ཡོངས་ནས་རྣམ་གྲངས་ཀྱི་དུས་སྔོན་མའི་འགྲོ་ལུགས་ཞིབ་བཤེར་ལ་ཁྱོན་ཡོངས་ནས་སྐུལ་འདེད་བྱས་པ་རེད། ཚོད་དཔག་བྱས་པ་ལྟར་ན་དུས་ཚིགས་དང་པོའི་ནང་འགྲིམ་འགྲུལ་སྲ་བརྟན་མ་དངུལ་སྒོར་དུང་ཕྱུར45བཏང་ནས་ཞིང་སྡེའི་དར་རྒྱས་ཀྱི་འཐབ་ཇུས་དང་ཞབས་ཞུ་ལ་ཤུགས་ཆེན་པོས་སྐུལ་འདེད་ཀྱིས་ཞིང་སྡེའི་གཞུང་ལམ་འཛུགས་བསྐྲུན་ལ་ཧུར་ཐག་གིས་སྐུལ་འདེད་བྱས་ཡོད། རིམ་པ་སོ་སོའི་ས་གནས་སྲིད་གཞུང་གིས་ཞིང་སྡེའི་གཞུང་ལམ་འཛུགས་བསྐྲུན་གྱི་རྣམ་གྲངས་དེ་གཏིང་ཟབ་སྒོས་སྤེལ་བ་མ་ཟད། འཆར་གཞི་ལྟར་ན་ཟླ3པའི་ཟླ་དཀྱིལ་ལ2018ལོའི་རིམ་པ་དང་པོའི་ཞིང་སྡེའི་གཞུང་ལམ་འཛུགས་བསྐྲུན་གྱི་འཆར་གཞི་དེ་ལག་བསྟར་བྱེད་རྒྱུ་ཡིན་པ་རེད། དབུལ་ཕོངས་སྡེ་བའི་བཟོ་སྐྲུན་གཞུང་ལམ་གྱི་བརྟག་དཔྱད་བྱ་བའི་ལག་བསྟར་ཇུས་གཞི་གཏན་ཁེལ་བྱས་ནས་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་སྡེ་བ1622ལ་འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་ལག་བསྟར་བྱས་ཤིང་། འགྲིམ་འགྲུལ་གྱི་དབུལ་སྐྱོར་གྲུབ་འབྲས་སྲ་བརྟན་ཅན་དུ་བཏང་། ས་གནས་ཀྱི་འགྲིམ་འགྲུལ་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་དམངས་ཚོས་བཟོ་སྐྲུན་གྱི་འཛུགས་བསྐྲུན་ལ་དོ་སྣང་གིས་གཞུང་ལམ་གྱི་ལམ་ཐིག་བཅོས་སྒྱུར་དེ་དུས་ལྟར་ཡོངས་འགྲུབ་བྱས་ཤིང་། བཟོ་བསྐྲུན་བཅོས་སྒྱུར་གྱི་བརྟག་དཔྱད་འཆར་གཞི་སོགས་དུས་སྔོན་མའི་བྱ་བ་དེ་ཡོངས་འགྲུབ་བྱས་ནས་ཟི་ལིང་གྲོང་ཁྱེར་གྱི་འཛུགས་བསྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་བྱེད་རྒྱུ་ཡིན་པ་རེད།

ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱིས་ད་རུང་ཟི་ལིང་གྲོང་ཁྱེར་དུ་སྤྱི་སྤྱོད་རླངས་འཁོར་གྱིས་གྲོང་ཁྱེར་ཁེབས་པར་བྱེད་པ་དེ་གསར་གཏོད་ཀྱི་གོ་སྐབས་སུ་བཟུང་ནས། ཞིང་ཆེན་ཡོངས་སུ2018ལོར་སྤྱི་སྤྱོད་རླངས་འཁོར་གྱི་འཕེལ་རྒྱས་འཐབ་ཇུས་ཀྱི་སྣེ་ཁྲིད་ལ་སྔར་ལས་ཤུགས་སྣོན་བྱས་ཤིང་། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་སྦྲེལ་དྲའི་རྨང་གཞིའི་སྟེང་འགྲིམ་འགྲུལ་ཤར་གཏོང་དེ་ཞིང་ཆེན་ཡོངས་ཀྱི་སྤྱི་སྤྱོད་རླངས་འཁོར་དང་གླ་གཏོང་རླངས་འཁོར། རླངས་འཁོར་འཇོག་ས། མྱུར་བགྲོད་གཞུང་ལམ་གྱིETCསོགས་འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས་སུ་བེད་སྤྱོད་བྱས་ནས་སྐྱེལ་འདྲེན་ཞབས་ཞུ་མུ་མཐུད་དུ་རིམ་འཕར་མཐོར་འདེགས་སུ་བཏང་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།