ཞིང་ཆེན་ཡོངས་ཀྱིས་ཞིང་ལས་ཐོན་རྫས་རྫུན་མར་ཆེད་དོན་དག་ཐེར་བྱེད་པའི་བྱ་འགུལ་སྤེལ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་ལམ་ཞིང་ཆེན་རྒྱུ་སྤུས་ཚད་ལེན་ཅུའུ་ཡིས2018ལོའི་རྒྱུ་སྤུས་ཚད་ལེན་ཞིང་ལས་ཐོན་རྫས་རྫུན་མར་ཆེད་དོན་དག་ཐེར་བྱེད་པའི་བྱ་འགུལ་ཚོ་ཆུང་དེ་མཚོ་ཤར་གྲོང་ཁྱེར་དམར་གཙང་རྫོང་དུ་སོང་ནས་ཆེད་དོན་ཁྲིམས་འཛིན་ཞིབ་བཤེར་བྱས་པ་མ་ཟད། ཞིང་ལས་ཐོན་རྫས་རྫུན་མའི་རིགས་ལ་ཆེད་དོན་དག་ཐེར་བྱས་པ་རེད།

ཆེད་དོན་ཁྲིམས་འཛིན་ཞིབ་བཤེར་སྐབས་བྱ་འགུལ་ཚོ་ཆུང་གི་རུ་དཔུང་དག་གིས་ཞིབ་བཤེར་ཚད་ལེན་འཕྲུལ་ཆས་དང་རྩིས་ཆས་སོགས་བཟུང་ནས་མཚོ་ཤར་གྲོང་ཁྱེར་དམར་གཙང་རྫོང་གི་ཁྲོན་ཁུ་གྲོང་བརྡལ་དང་པ་ཀྲུའུ་གྲོང་བརྡལ། ཙུང་པོ་ཤང་བཅས་སུ་སོང་ཞིང་། དམར་གཙང་རྫོང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡི་འགན་ཁུར་མི་སྣ་དང་དེའི་ཁོངས་གཏོགས་ཀྱི་ཁྲོན་ཁུའུ་གྲོང་བརྡལ། པ་ཀྲིན་གྲོང་བརྡལ། ཙུང་པོ་ཤང་གི་ཁྲོམ་རའི་ལྟ་སྐུལ་སའོ་ཡི་འགན་ཁུར་མི་སྣ་དག་གིས་ཤུགས་ཆེན་པོས་རྒྱབ་སྐྱོར་འོག་ཁྲིམས་འཛིན་མི་སྣ་དག་གིས་ཞིང་ལས་ཐོན་རྫས་ཕྱིར་འཚོང་བྱེད་ས་མི་འདྲ་བ5དང་ཐོན་སྐྱེད་ཁེ་ལས་མི་འདྲ་བ2ལ་ཞིབ་བཤེར་བྱས། ཞིང་ལས་ཐོན་རྫས་ཕྱིར་འཚོང་གི་གཙོ་གནད་དུ་ཚོང་ཁང་མི་འདྲ་བ5ཡི་ཁྱོན་བསྡོམས་རིན་མེད་ཚད་ལེན་ཞིབ་བཤེར་བྱེད་རྒྱུའི་རྒྱུ་ཆ5བླངས། ཞིང་ཆེན་རིམ་པའི་ལྟ་སྐུལ་ཚད་ལེན་ཁེ་ལས2གྱི་མ་དཔེ་མི་འདྲ་བ4ལ་ཡང་ཞིབ་བཤེར་བྱས། མཚོ་སྔོན་ཞིང་ཆེན་ཀོ་ཐའེ་ཚྭ་མཚོའི་ཐོན་ཁུངས་མ་རྐང་ཚད་ཡོད་ཀུང་ཟིས་ཁྱོན་བསྡོམས་ལིག་སྐྱུར་ཅཱ་མེས་ལུད་བཅས་ཀྱི་རྨང་གཞི་ཏུན30དང་འཐག་མ་ཏུན12ལ་ཐེངས་གཉིས་ལ་ཞིབ་བཤེར་བྱས་པ་རེད། མཚོ་སྔོན་ཞིང་ཆེན་རེ་ཡུན་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་ཟིའི་སྐྱེ་ལྡན་ལུད་རྫས་ཀྱི་རྨང་གཞིའི་གྲངས་ཚད་ལས་ཏུན1བླངས་ཤིང་ལུད་རྫས་མཉམ་བསྲེས་ཀྱི་རྨང་གཞི་ལས་ཏུན0.8ཚད་ལེན་བྱས་ནས་འོས་འཚམ་ཡིན་མིན་དང་ཆ་རྐྱེན་གྱིས་འདང་ཡོད་མེད་ལ་ཞིབ་བཤེར་ནན་མོ་བྱས་པ་རེད།

ཁྲིམས་འཛིན་ཞིབ་བཤེར་གྱི་ཡུལ་དངོས་སུ་ཁྲིམས་འཛིན་མི་སྣ་དག་གི་བླང་བྱ་ལྟར་གནས་གང་དུ་སོང་ན་ཡང་ཧ་ཅང་གཟབ་ནན་སྒོས་ཁྲིམས་ལུགས་ཁྲིམས་སྲོལ་གཞིར་བཟུང་ནས་རྫས་འགྱུར་ཚད་ལེན་གྱི་གཏན་ཁེལ་ཧ་ཅང་ནན་ཏན་སྒོས་མ་དཔེ་ལེན་དུས་ནན་ཏན་ཡིན་ལ། ཡང་དང་བསྐྱར་དུ་མ་དཔེ་ཡི་རྨང་གཞི་ལ་ཞིབ་བཤེར་བྱས་ནས། ནན་ཏན་སྒོས་ཕྱིར་འཚོང་མཁན་གྱི་དངོས་རྫས་ཀྱི་ཞིབ་བཤེར་ཚད་ལེན་སྙན་ཞུར་ནན་ཏན་སྒོས་བལྟས་པ་དང་དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་ཐོ་འགོད་གནས་ཚུལ་དང་ཞིབ་བཤེར་ཁྲོད་ཞིང་བ་མི་དམངས་ལ་འགྲེལ་བཤད་གསལ་བོ་དང་ལུད་རྫས་འདེམས་སྒྲུགས་ཉོ་སྒྲུབ་སྐབས་ཀྱི་རྒྱུན་ཤེས་དྲིལ་སྒྲོག་བྱས་པ་རེད། ཁྲིམས་འཛིན་ཞིབ་བཤེར་བྱས་པ་བརྒྱུད་ཞིང་ལས་ཐད་ཀྱི་ཐོན་རྫས་རྫུན་མར་དག་ཐེར་བྱས་ཤིང་ཞིང་བ་དག་གིས་དཔྱིད་དུས་སོན་འདེབས་ལ་གྲ་སྒྲིག་བྱེད་པར་ཞབས་ཞུ་ལེགས་པོ་ཞིག་འདོན་སྤྲོད་བྱས་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།