གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་ཁྲིམས་སྲོལ།

༡ འཕྲུལ་སྒུལ་འཁོར་ལོར་གནས་ཚུལ་ཇི་འདྲའི་འོག་བབ་མཚུངས་ཀྱི་ཐོ་འགོད་འགྲོ་ལུགས་བསྒྲུབ་དགོས།

༼ ༡ ༽འཕྲུལ་སྒུལ་འཁོར་ལོའི་བདག་དབང་ལ་འགྱུར་བ་གཏོང་སྐབས།

༼ ༢ ༽འཕྲུལ་སྒུལ་འཁོར་ལོའི་ཐོ་འགོད་ནང་དོན་ལ་འགྱུར་བ་གཏོང་སྐབས།

༼ ༣ ༽འཕྲུལ་སྒུལ་འཁོར་ལོ་གཏའ་མར་འཇོག་སྐབས།

༼ ༤ ༽འཕྲུལ་སྒུལ་འཁོར་ལོ་བེད་མེད་གཏོང་སྐབས།

༢ འཕྲུལ་སྒུལ་འཁོར་ལོར་ཐོ་འགོད་རེ་ཞུ་བྱེད་པར་རྒྱུ་ཆ་གང་དག་ཅིག་འདོན་སྤྲོད་བྱ་དགོས།

༼ ༡ ༽འཕྲུལ་སྒུལ་འཁོར་ལོའི་བདག་པོའི་ཐོབ་ཐང་བདེན་དཔང་།

༼ ༢ ༽འཕྲུལ་སྒུལ་འཁོར་ལོའི་ཡོང་ཁུངས་བདེན་དཔང་།༼རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་འགྲོ་ལུགས་ལྟར་སྒྲུབ་པའི་བདེན་དཔང་སྣ་ཚོགས། འཁོར་ལོའི་ཉོ་ཚོང་འཛིན་ཡིག་སོགས༽

༼ ༣ ༽འཕྲུལ་སྒུལ་འཁོར་ལོ་བཟོ་གྲྭ་ལས་ཐོན་པའི་ཚད་ལྡན་དཔང་ཡིག་དང་ཡང་ན་ཕྱི་རྒྱལ་ནས་ནང་འདྲེན་བྱས་པའི་ནང་འདྲེན་དཔང་ཡིག

༼ ༤ ༽འཕྲུལ་སྒུལ་འཁོར་ལོ་ཉོ་སྐབས་ཀྱི་ཁྲལ་འཇལ་དཔང་ཡིག་གམ་ཁྲལ་མེད་དཔང་ཡིག

༼ ༥ ༽བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་འཕྲུལ་སྒུལ་འཁོར་ལོར་ཐོ་འགོད་སྐབས་སྤྲོད་དགོས་པའི་བདེན་དཔང་གཞན་དག་དང་དཔང་ཡིག

༣ འཕྲུལ་སྒུལ་ཁ་ལོ་བས་འཁོར་ལོ་བསྐོར་བར་གཏན་འབེབས་གང་དག་འཛོམས་དགོས།

༼ ༡ ༽འཕྲུལ་སྒུལ་འཁོར་ལོ་བསྐོར་བར་འཕྲུལ་སྒུལ་ཁ་ལོ་བའི་འཛིན་ཡིག་ལེན་དགོས།

༼ ༢ ༽འཕྲུལ་སྒུལ་འཁོར་ལོ་བསྐོར་དུས། འཕྲུལ་སྒུལ་ཁ་ལོ་བའི་འཛིན་ཡིག་ངེས་པར་དུ་བཟུང་ནས་འགྲོ་དགོས།

༼ ༣ ༽འཕྲུལ་སྒུལ་ཁ་ལོ་བས་འཛིན་ཡིག་ལས་གཏན་ཁེལ་བྱས་པའི་འཕྲུལ་སྒུལ་འཁོར་ལོའི་རིགས་བསྐོར་དགོས།

སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་ལས་གཞན་ལས་ཁུངས་སམ་མི་སྒེར་གང་གིས་ཀྱང་འཕྲུལ་སྒུལ་ཁ་ལོ་བའི་འཛིན་ཡིག་རྩིས་ལེན་དང་བཙན་ཉར་སོགས་བྱས་མི་ཆོག

༤ འཕྲུལ་སྒུལ་མིན་པའི་འཁོར་ལོའི་རིགས་གཞུང་ལམ་སྟེང་ཇི་ལྟར་བསྐྱོད་དགོས།

འཕྲུལ་སྒུལ་མིན་པའི་འཁོར་ལོའི་རིགས་ནི་འཕྲུལ་སྒུལ་མིན་པའི་འཁོར་ལོའི་རིགས་ཀྱི་གཞུང་ལམ་སྟེང་བསྐྱོད་དགོས། འཕྲུལ་སྒུལ་མིན་པའི་འཁོར་ལམ་མེད་པའི་གཞུང་ལམ་སྟེང་གཞུང་ལམ་གྱི་གཡས་ཕྱོགས་སུ་གཏད་ནས་བསྐྱོད་དགོས།

དབང་བོ་སྐྱོན་ཅན་གྱི་འཕྲུལ་སྒུལ་རྐུབ་སྟེགས་འཁོར་ལོ། གློག་སྒུལ་རང་འགུལ་འཁོར་ལོ་ནི་འཕྲུལ་སྒུལ་མིན་པའི་འཁོར་ལམ་སྟེང་བསྐྱོད་དགོས། ཟོག་འཐེན་འཁོར་ལོ་ནི་ངེས་པར་ནི་ཁ་ལོ་བཏུལ་ཟིན་པའི་སྒོ་ཕྱུགས་ལ་འདྲུད་དུ་འཇུག་དགོས། ཟོག་འཐེན་འཁོར་ལོ་གཞུང་ལམ་འཕྲེད་བརྒལ་བྱེད་སྐབས་ཁ་ལོ་བ་ཤིང་རྟ་ལས་བབས་ཏེ་སྒོ་ཕྱུགས་ཁྲིད་ནས་འགྲོ་དགོས། ཁ་ལོ་བ་ཤིང་རྟ་འཁོར་ལོ་དང་ཁ་བྲལ་སྐབས་སྒོ་ཕྱུགས་དམ་པོར་འདོགས་དགོས།

༥ གཞུང་ལམ་སྟེང་འགྲིམ་འགྲུལ་དོན་རྐྱེན་བྱུང་ཚེ་ཇི་ལྟར་བྱ།

གཞུང་ལམ་སྟེང་འགྲིམ་འགྲུལ་དོན་རྐྱེན་བྱུང་ཚེ་འཕྲུལ་སྒུལ་འཁོར་ལོ་བསྡད་དེ་ཁ་ལོ་བའི་དོན་རྐྱེན་ཡུལ་དངོས་ལ་སྲུང་སྐྱོབ་བྱེད་དགོས།

༼ ༡ ༽རྨས་སྐྱོན་ཕོག་ཡོད་ན་རྨས་མ་མྱུར་སྐྱོབ་དང་རྒྱུ་ནོར་ལ་སྲུང་སྐྱོབ་བྱ་དགོས། ༼ གནས་སྤོར་བྱེད་ན་ངེས་པར་དུ་གནས་དེར་བབ་མཚུངས་ཀྱི་རྟགས་འགོད་དགོས། ༽ ཆེས་ཐོག་མར120༼ མྱུར་སྐྱོབ་ལྟེ་གནས ༽དང122༼ འགྲུམ་འགྲུལ་དོན་རྐྱེན་ཐག་གཅོད་ལྟེ་གནས ༽ལ་ཁ་པར་བཏང་ནས། དོན་རྐྱེན་འབྱུང་ཡུལ་ས་གནས་གསལ་བོར་བཤད་དགོས།

༼ ༢ ༽མི་ལ་རྨས་སྐྱོན་ཕོགས་མེད་པ་མ་ཟད་ཕྱོགས་གཉིས་ཀར་རྩོད་གླེང་མེད་ན་ཡུལ་དངོས་ནས་བུད་དེ་འགྲིམ་འགྲུལ་གྱི་ཤར་གཏོང་སླར་གསོ་བྱས་ཆོག རང་འགུལ་སྒོས་སྐྱིན་ཚབས་སོགས་ལ་གྲོས་སྡུར་ཡང་བྱས་ཆོག

༼ ༣ ༽ཡུལ་དངོས་ནས་ཕྱིར་འཐེན་བྱས་མི་ཆོག་ཚེ། མྱུར་དུ་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་དང་འགན་བཅོལ་ཀུང་སི་ལ་སྙན་ཞུ་བྱེད་དགོས།

༦ འཕྲུལ་སྒུལ་འཁོར་ལོར་འགྲིམ་འགྲུལ་དོན་རྐྱེན་བྱུང་རྗེས། བྱེད་སྟངས་ག་འདྲ་ཞིག་ལ་གཞིགས་ནས་ཇི་ལྟར་སྐྱིན་ཚབ་འཇལ་འགན་འཁུར་དགོས།

༼ ༡ ༽འཕྲུལ་སྒུལ་འཁོར་ལོའི་བར་འགྲིམ་འགྲུལ་དོན་རྐྱེན་བྱུང་ཚེ། ནོར་འཁྲུལ་ཡོད་པ་དེས་སྐྱིན་ཚབ་འཇལ་དགོས། ཕྱོགས་གཉིས་ཀར་ནོར་འཁྲུལ་ཡོད་ཚེ་ནོར་འཁྲུལ་གྱི་སྡུར་ཚད་ལྟར་འགན་འཁུར་དགོས།

༼ ༢ ༽འཕྲུལ་སྒུལ་འཁོར་ལོ་དང་འཕྲུལ་སྒུལ་མིན་པའི་འཁོར་ལོ། རྐང་ཐང་བ་བཅས་ཀྱི་བར་འགྲིམ་འགྲུལ་དོན་རྐྱེན་བྱུང་ཚེ། འཕྲུལ་སྒུལ་འཁོར་ལོའི་ཁ་ལོ་བས་ཕྱོགས་གཅིག་གི་འགན་འཁུར་དགོས། འོན་ཀྱང་འཕྲུལ་སྒུལ་མིན་པའི་འཁོར་ལོ་དང་རྐང་ཐང་བ་གཉིས་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ཀྱི་གཏན་འབེབས་དང་འགལ་ཡོད་པའི་བདེན་དཔང་ཡོད་ན། འཕྲུལ་སྒུལ་འཁོར་ལོའི་ཕྱོགས་གཅིག་གི་འགན་ཇེ་ཡང་དུ་བཏང་ཆོག

༼ ༣ ༽འགྲིམ་འགྲུལ་དོན་རྐྱེན་གྱི་གྱོང་གུད་ནི་འཕྲུལ་སྒུལ་མིན་པའི་འཁོར་ལོ་དང་རྐང་ཐང་བས་བསམ་གཟས་ནས་བཟོས་པ་ཡིན་ཚེ། འཕྲུལ་སྒུལ་འཁོར་ལོས་འགན་གཅིག་ཀྱང་མི་འཁུར།

༧ ཆང་འཐུང་རྗེས་རླངས་འཁོར་བསྐོར་བའི་ཆད་གཅོད་སྲོལ་ཡིག་ནི་ག་འདྲ་ཞིག་ཡིན།

ཆང་འཐུང་རྗེས་རླངས་འཁོར་བསྐོར་ན་ཁ་ལོ་བའི་འཛིན་ཡིག་ཟླ་དྲུག་ལ་བསྡུ་ཉར་དང་། སྒོར་1000ཡན་ནས2000མན་གྱི་ཆད་པ་གཅོད་པ།   སྔོན་ཆད་ཆང་འཐུང་རྗེས་ཆད་གཅོད་མཁན་གྱིས་ཡང་བསྐྱར་ཆང་འཐུང་ནས་རླངས་འཁོར་བསྐོར་ན་ཉིན་10མན་གྱི་བཀག་བསྐྱིལ་དང་སྒོར་1000ཡན་ནས་2000མན་གྱི་ཆད་པ་གཅོད་པ། ཁ་ལོ་བའི་འཛིན་ཡིག་རྩིས་མེད་དུ་གཏོང་བ།

ཆང་གིས་བཟི་ནས་རླངས་འཁོར་བསྐོར་ན་སྤྱི་བདེ་ལས་ཁུངས་ཀྱིས་བཀག་བསྐྱིལ་དང་བཟི་དྭངས་དུ་བཅུག་རྗེས། ཁ་ལོ་བའི་འཛིན་ཡིག་རྩིས་མེད་དུ་གཏོང་བ་མ་ཟད་ཁྲིམས་ལྟར་ཉེས་དོན་གྱི་འགན་འཁུར་དགོས་ལ། ལོ་ལྔའི་ནང་དུ་ཁ་ལོ་བའི་འཛིན་ཡིག་བླངས་མི་ཆོག  

༨ རྐང་ཐང་བས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་ཇི་ལྟར་བརྩི་སྲུང་བྱ་དགོས།

༼ ༡ ༽རྐང་ཐང་བ་ངེས་པར་དུ་རྐང་ཐང་བའི་བགྲོད་ལམ་སྟེང་བསྐྱོད་དགོས། རྐང་ཐང་བའི་བགྲོད་ལམ་མེད་ཚེ་གཞུང་ལམ་གྱི་གཡས་ཕྱོགས་སུ་གཏད་ནས་བསྐྱོད་དགོས།

༼ ༢ ༽རྐང་ཐང་བས་ལམ་མདོ་དང་གཞུང་ལམ་འཕྲེད་བརྒལ་བྱེད་དུས། རྐང་ཐང་བའི་འཕྲེད་བརྒལ་ལམ་དང་སྲང་ལམ་བརྒལ་བའི་སྒྲིག་གཞི་བརྒྱུད་དེ་བརྒལ་དགོས།

༼ ༣ ༽འགྲིམ་འགྲུལ་བརྡ་རྟགས་གློག་སྒྲོན་ཡོད་སའི་རྐང་ཐང་བའི་འཕྲེད་བརྒལ་ལམ་བརྒལ་སྐབས། ངེས་པར་དུ་འགྲིམ་འགྲུལ་བརྡ་རྟགས་གློག་སྒྲོན་གྱི་མཛུབ་སྟོན་ལྟར་བརྒལ་དགོས།

༼ ༤ ༽འགྲིམ་འགྲུལ་བརྡ་རྟགས་གློག་སྒྲོན་མེད་པ་དང་རྐང་ཐང་བའི་འཕྲེད་བརྒལ་ལམ། སྲང་ལམ་བརྒལ་བའི་སྒྲིག་གཞི་བཅས་མེད་པའི་ལམ་མདོ་བརྒལ་དུས། ངེས་པར་དུ་བདེ་འཇགས་ཡིན་པ་གཏན་ཁེལ་བྱས་རྗེས་ད་བཟོད་བརྒལ་དགོས།

༼ ༥ ༽རྐང་ཐང་བས་གཞུང་ལམ་གྱི་བར་བཅད་སྒྲིག་ཆས་ལས་བརྒལ་བ་དང་། བཙན་གྱིས་བགྲོད་བཞིན་པའི་རླངས་འཁོར་འགོག་པ། ཡང་ན་གཞུང་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་ལ་བར་ཆད་གཏོང་བ་སོགས་ཀྱི་བྱ་སྤྱོད་སྤེལ་མི་རུང་།

ལོ་ཙཱ་བ། ལྷ་དཔལ་སྐྱབས།