རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་གསར་འགོད་པའི་ཚོགས་འདུ་ཚོགས་པ་དང་། ཚན་རྩལ་པུའི་འབྲེལ་ཡོད་འགན་ཁུར་བས་གསར་འགོད་པས་བཏོན་པའི་དྲི་བར་ལན་བསྐྱོན་པ།

སྤྱི་ཚེས་༡༠ཉིན་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོས་གསར་འགོད་པའི་ཚོགས་འདུ་སྐོང་ཚོགས་བྱས་པ་དང་། ཚན་རྩལ་པུའི་པུའུ་ཀྲང་ཝན་ཀང་དང་། ཚན་རྩལ་པུའི་སྲིད་ཇུས་ཁྲིམས་གཞི་དང་ལྟ་སྐུལ་སེའི་སེ་ཀྲང་ཧེ་སྡེ་ཧྥང་། གསར་གཏོད་གོང་འཕེལ་སེའི་སེ་ཀྲང་ཞུལ་ལེའང་བཅས་ཀྱིས་༼གསར་གཏོད་རྣམ་པའི་རྒྱལ་ཁབ་ཇེ་མགྱོགས་འཛུགས་རྒྱུར་༽གཞིགས་ཏེ་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་དྲི་བར་ལན་བསྐྱོན་ཡོད།

ཝང་ཀང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ནས་ལོ་ལྔ་སོང་རིང་། རང་རྒྱལ་གྱི་ཚན་རྩལ་གསར་གཏོད་ཆུ་ཚད་མཐོ་རུ་མངོན་གསལ་ཕྱིན་པ་དང་། ཚན་རྩལ་ཡར་རྒྱས་ཀྱིས་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་ཚད་དེའི་སྔོན་གྱི་བརྒྱ་ཆ་༥༢དང་གྲངས་ཆུང་༢ནས་ད་ལྟའི་བརྒྱ་ཆ་༥༧དང་གྲངས་ཆུང་༥བར་མཐོ་རུ་ཕྱིན་ཡོད། གཞན་ཡང་མཁའ་སྐྱོད་དང་། མཚོ་གཏིང་། རིམ་འདས་རྩིས་རྒྱག རྡུལ་གློག་སོགས་ཁྱབ་ཁོངས་རིམ་བཞིན་འཛམ་གླིང་གི་མདུན་གྲལ་དུ་སླེབས་པ་དང་། ཚད་རྡུལ་མཉམ་བསྲེས། རྒྱུད་བཤུས་སྤྲེའུ་སོགས་ཞིབ་འཇུག་གྲུབ་འབྲས་ཀྱིས་འཛམ་གླིང་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད་པ་རེད།

ཝང་ཀང་གིས། ༼མཐུ་ནུས་ཆེ་བྱུང་། ངའི་མེས་རྒྱལ་༽ཞེས་པའི་གློག་བརྙན་དེ་བལྟས་རྗེས་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། ང་ཚོས་དུས་རྒྱུན་གྱི་འཚོ་བའི་ནང་ནས་ཚན་རྩལ་གསར་གཏོད་ཀྱིས་དམངས་འཚོ་ལེགས་བཅོས་དང་རིམ་སྤར་ཤུགས་ཆེན་བྱས་པ་མ་ཟད། གནམ་སྔོན་སྲུང་བའི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། དབུལ་སྒྲོལ་འགག་གཏོར། མི་དམངས་བདེ་ཐང་བཅས་ཀྱི་ཁྱབ་ཁོངས་སུ་ནུས་པ་གལ་ཆེན་ཐོན་དང་ཐོན་མུས་ཡིན་པ་གསལ་པོ་མཐོང་ཐུབ་ཅེས་གསུངས་ཡོད་པ་རེད།

ཚན་རྩལ་གསར་གཏོད་ཀྱི་སྟོབས་ཤུགས་དེ་དེ་སྔ་ཚན་རྩལ་མི་སྣས་གཙོ་བོ་བྱེད་པ་ནས་སྤྱི་དམངས་མཉམ་ཞུགས་ཀྱི་ཕྱོགས་སུ་འགྱུར་ལྡོག་ཕྱིན་པ་དང་། དམངས་ཀྱིས་བཞག་གཏོད་པ་དང་། ཀུན་གྱིས་གསར་གཏོད་བྱེད་པའི་ལོ་རྒྱུས་རང་བཞིན་གྱི་དུས་བབ་གསར་པ་རིམ་གྱིས་གྲུབ་ཡོད། མིག་སྔར། རང་རྒྱལ་ལ་སྤྱི་གཏོད་ཚན་པ་༤༢༠༠ལྷག་ཙམ་དང་། ཙན་རྩལ་ཁེ་ལས་༣༠༠༠ལྷག་ཙམ། ཁེ་ལས་མགྱོགས་གཏོང་ཚན་པ་༤༠༠ལྷག་ཙམ། རྒྱལ་ཁབ་མཐོ་གསར་ཁུལ་༡༥༠ལྷག་ཙམ་བཅས་ཡོད་པ་དང་། གསར་གཏོད་ཞབས་ཞུའི་སྐྱེས་ཁམས་དྲ་བ་དང་། སྐྱེས་ཁམས་ཁོར་ཡུག་ཅིག་ཆགས་པ་དང་། ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་༤འབུམ་ལྷག་ཙམ་ལ་ཞབས་འདེགས་ཞུས་པ་དང་། ན་ནིང་གི་གསར་འཕར་ལས་ཞུགས་མི་གྲངས་ས་ཡ་༢ཟིན་གྱི་ཡོད་པ་རེད།