རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་ཚོང་དོན་བྱ་གཞག་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་གསར་འགོད་པའི་ཚོགས་འདུ་སྐོང་འཚོགས་བྱས་པ།

སྤྱི་ཟླ་༣ཚེས་༡༡ཉིན། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོས་གསར་འགོད་པའི་སྣེ་ལེན་ཚོགས་འདུ་སྐོང་འཚོགས་བྱས་པ་དང་། ཚོན་དོན་པུའི་པུའུ་ཀྲང་ཀྲུང་ཧྲན་དང་། པུའུ་ཀྲང་གཞོན་པ་དང་རྒྱལ་སྤྱིའི་ཉོ་ཚོང་དབྱེ་འབྱེད་གྲོས་མོལ་གྱི་སྐུ་ཚབ་གཞོན་པ་གཅིག་ལྕོག་ཝང་ཧྲའུ་ཝེན། པུའུ་ཀྲང་གཞོན་པ་ཇན་ཁེ་མིང་བཅས་ཀྱིས་ཁྱོན་ཡོངས་ནས་སྒོ་དབྱེའི་རྣམ་པ་གསར་པ་གྲུབ་རྒྱུར་སྐུལ་འདེད་དང་། ཚོང་དོན་བྱ་གཞག་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་གནད་དོན་སོགས་ཀྱི་ཐད་གསར་འགོད་པའི་དྲི་བར་ལན་བསྐྱོན་གནང་ཡོད་པ་རེད།

ཀྲུང་ཧྲན་གྱིས། རང་རྒྱལ་འདི་ཉིད་ད་ཆ་དཔལ་འབྱོར་ཉོ་ཚོང་གི་རྒྱལ་ཁབ་ཆེན་པོར་གྱུར་ཟིན་པས། མཛད་སྤྱོད་དང་། ཕྱི་ཕྱོགས་ཉོ་ཚོང་། ཕྱི་དངུལ། དེ་བཞིན་ཕྱི་རྒྱལ་དུ་མ་འཇོག་བྱེད་པའི་དམིགས་ཚད་བཅས་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད། ཡིན་ནའང་གཞི་རྒྱ་ཆེ་རུང་སྟོབས་ཤུགས་ཆུང་བའི་གནས་ཚུལ་སྔར་བཞིན་གནས་ཡོད། དེར་བརྟེན་དཔལ་འབྱོར་ཉོ་ཚོང་གི་སྟོབས་ཆེན་རྒྱལ་ཁབ་ཞིག་ཆགས་པ་བྱེད་དགོས་ན། ངེས་པར་དུ་གསར་གཏོད་ཀྱིས་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་ལམ་ཐོག་བསྐྱོད་དགོས་ཞེས་བསྟན་ཡོད་པ་རེད།