མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་ཝང་ཅིན་ཅུན་ལ་གསར་འགོད་པས་ཆེད་དོན་བཅར་འདྲི་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། མཚོ་སྔོན་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་ཀྲུང་ཧྭའི་ཆུ་མཛོད། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུལ་ཡོལ་གལ་ཆེན་ཡིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་ཝང་ཅིན་ཅུན་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་བཅར་འདྲི་ལ་དང་ལེན་བྱེད་སྐབས་འདི་སྐད། མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་སློབ་སྟོན་དུ་བཟུང་ནས་ཆུ་གཙང་མོ་དང་རི་སྔོན་པོ་ནི་གསེར་རི་དང་དངུལ་རི་ཡིན་པའི་བསམ་བློ་ཇེ་བརྟན་དུ་བཏང་ནས་ལག་ལེན་མཐའ་འཁྱོལ་དང་།  རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་ལ་སྲུང་སྐྱོང་ལེགས་པོ་བྱས་ནས་དྭངས་གཙང་ཆུ་མོ་ཤར་དུ་འབབ་པར་འགན་ལེན་བྱས་ཏེ།  སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་མཚོ་སྔོན་པ་རང་སྟེང་ནས་འབད་འབུངས་བྱེད་ངེས་ཡིན་ཞེས་བརྗོད།

གསར་འགོད་པས།  ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐའ་འཁྱོལ་བྱས་ནས་དཔལ་འབྱོར་གྱི་ཞིང་ཆེན་ཆུང་ངུ་ནས་སྣོད་བཅུད་ཀྱི་ཞིང་ཆེན་ཆེ་ཤོས་ནས་སྟོབས་ཆེན་དུ་བསྒྱུར་བའི་གོམ་ཁ་ཇེ་མགྱོགས་སུ་གཏང་བའི་ཐད་ལ་ཞིབ་ཕྲའི་བསམ་ཕྱོགས་གང་དག་ཡོད།

ཝང་ཅིན་ཅུན། མཚོ་སྔོན་ནི་མཚོ་བོད་མཐོ་སྒང་གི་ཤར་བྱང་རྒྱུད་དུ་ཆགས་ཤིང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་ཀྲུང་ཧྭའི་ཆུ་མཛོད་དུ་གྲགས་ལ། རྒྱལ་ཁབ་ཀྱི་སྣོད་བཅུད་སྲུང་ཡོལ་གལ་ཆེན་ཡིན།  ཆེད་མཁས་པས་ཐོག་མར་དཔྱད་དཔག་བྱས་པ་ལྟར་ན། མཚོ་སྔོན་གྱི་སྣོད་བཅུད་རྒྱུ་ནོར་གྱི་སྤྱིའི་རིན་ཐང་དེ་སྒོར་དུང་ཕྱུར18.4ལ་སླེབས་ཡོད་པ་དང་། དེས་ཞིང་ཆེན་གྱི་རྒྱུ་ནོར་ཡོངས་ཀྱི་བརྒྱ་ཆའི་82.7%ཟིན་ཡོད་སྐད། མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ།  དཔལ་འབྱོར་གྱི་ཞིང་ཆེན་ཆུང་ངུ་ནས་སྣོད་བཅུད་ཀྱི་ཞིང་ཆེན་ཆེ་ཤོས་ནས་སྟོབས་ཆེན་དུ་བསྒྱུར་བའི་གོམ་ཁ་ཇེ་མགྱོགས་སུ་གཏང་རྒྱུའི་བླང་བྱ་བཏོན་ཡོད་པས། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་སྣོད་བཅུད་དཔལ་ཡོན་འཛུགས་སྐྲུན་ཐད་བསམ་སྦྱོར་གཉིས་གཅིག་གྱུར་བྱས་ནས་རྣམ་པ་གསར་བ་བཏོད་རྒྱུ་བྱས་ཡོད།  

དེ་ཡང་གཅིག་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྣོད་བཅུད་དཔལ་ཡོན་གྱི་ལྟ་གྲུབ་ཇེ་བརྟན་དུ་གཏང་རྒྱུ་དེ་ཡིན།  རང་བྱུང་གི་སླར་གསོ་གཙིགས་འཛིན་དང་ཟད་གྲོན་དང་སྲུང་སྐྱོང་གཉིས་ལས་ཀུན་གྱི་དང་པོར་བཟུང་ནས་སྣོད་བཅུད་དཔལ་ཡོན་གྱི་ལྟ་གྲུབ་དེ་ཐོན་ཁུངས་ཟད་གྲོན་དང་ཁོར་སྲུང་གི་བར་སྟོང་།  ཐོན་ལས་ཀྱི་སྒྲིག་གཞི། ཐོན་སྐྱེད་བྱེད་སྟངས། འཚོ་བ་རོལ་སྟངས་བཅས་ཀྱི་བག་ཏུ་བཅུག་ནས་རང་བྱུང་ལ་བརྩི་འཇོག་དང་རང་བྱུང་དང་མཐུན་པོ། རང་བྱུང་ལ་སྲུང་སྐྱོང་བཅས་བྱེད་པའི་སྣོད་བཅུད་དཔལ་ཡོན་འཛུགས་སྐྱོང་གི་ལས་དེ་ཐོག་མཐའ་བར་གསུམ་དུ་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས་འཛུགས་སྐྱོང་གི་གོ་རིམ་ཧྲིལ་བོར་འཇུག་རྒྱུ་དང་།  སྣོད་བཅུད་དཔལ་ཡོན་གྱི་སློབ་གསོ་ལ་མཚོན་ན་ཡང་རྒྱལ་དམངས་སློབ་གསོ་དང་ལས་བྱེད་དང་ལས་བཟོ་བའི་ཟབ་སྦྱོང་།  རོང་འབྲོག་པའི་རྩལ་ནུས་ཟབ་སྦྱོང་བཅས་ཀྱི་མ་ལག་ཁྲོད་བླངས་ནས་སྣོད་བཅུད་དཔལ་ཡོན་གྱི་ཤེས་བྱ་ཁྱབ་གདལ་དང་།   སྣོད་བཅུད་དཔལ་ཡོན་དང་སྣོད་བཅུད་ཀུན་སྤྱོད་སྐྱེད་སྲིང་ཧུར་ཐག་བྱ་རྒྱུ།  ལྗང་མདོག་ཐཱན་ཉུང་གི་སྟབས་བདེ་འོས་འཚམ་གྱི་འཚོ་བ་རོལ་སྟངས་ལ་འབོད་སྐད་བཏང་ཐོག གྲོན་ཆུང་ཅན་གྱི་ལས་ཁུངས་དང་ལྗང་མདོག་ཁྱིམ་ཚང་། ལྗང་མདོག་སློབ་གྲྭ། ལྗང་མདོག་སྡོད་ཁུལ། ལྗང་མདོག་འགྲུལ་བཞུད་བཅས་ལྗང་མདོག་གི་ལས་གཞི་ཆེན་པོ་ལྔ་སྤེལ་ནས་ལྗང་མདོག་གོང་སྤེལ་དང་ཐོན་ལས་བྱེད་སྟངས་ཤིག་ཆགས་སུ་འཇུག་རྒྱུ།

གཉིས་ནི། མི་དང་རང་བྱུང་འཆམ་གནས་ཀྱི་བར་སྟོང་ཕྱེས་བའི་སྲུང་སྐྱོང་རྣམ་པ་བཏོད་རྒྱུ་དེ་ཡིན། གཙོ་གཟུགས་བྱེད་ནུས་ཁུལ་གྱི་འཆར་འགོད་བླང་བྱ་དོན་འཁྱོལ་བྱས་རྗེས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་འགན་སྲུང་གི་བྱེད་ནུས་གཙོ་བོར་ཕན་ནུས་ཆེན་པོ་བཏགས་ཡོད།  རྒྱལ་དབང་ས་ཞིང་གི་བར་སྟོང་གསར་སྤེལ་གྱི་བཀོད་པ་འཐུས་ཚང་དུ་བཏང་ནས་གཙོ་གཟུགས་བྱེད་ནུས་ཀྱི་འཛུགས་སྐྲུན་དེ་ནོར་སྲིད་དང་། ཐོན་ལས། མ་འཇོག  ཐོན་ཁུངས་གསར་སྤེལ་ལ་སོགས་པའི་སྲིད་ཇུས་དང་བསྟུན་མཁས་བྱས་ཐོག བར་སྟོང་བེད་སྤྱོད་ཀྱི་ཕན་འབྲས་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ནུས་པ་ཇེ་ལེགས་སུ་གཏང་རྒྱུ་དང་།  གསར་སྤེལ་བྱེད་མི་ཆོག་པའི་མངའ་ཁོངས་དང་གསར་སྤེལ་ཚོད་འཛིན་བྱེད་པའི་མངའ་ཁོངས་ཀྱི་ཆོག་འཐུས་དོན་ཚན་གསལ་འབེབས་བྱས་ཏེ། སྣོད་བཅུད་ནུས་ཁུལ་གཙོ་བོར་ཐོན་ལས་ཞུགས་འཐུས་ཀྱི་ལྡོག་ཕྱོགས་གསལ་ཐོ་ལག་བསྟར་ནན་མོ་བྱས་ནས་ཆ་རྐྱེན་འོས་འཚམ་གྱི་ཡུལ་ཕྱོགས་སུ་མི་འབོར་འདུས་སྡོད་དང་།  ཐོན་ལས་རྣམས་གསར་སྤེལ་ཁུལ་གཙོ་གྲས་ཀྱི་མངའ་ཁོངས་སུ་བསྡུ་བར་སྐུལ་སྤེལ་དང་། ཞིང་ཆེན་ཡོངས་ཀྱི་རི་སྔོ་ཆུ་གཙང་གི་སྣོད་བཅུད་བར་སྟོང་དང་ཕྱོགས་འདུས་འབྲས་བཟང་གི་ཐོན་སྐྱེད་བར་སྟོང་། འཚོ་སྡོད་གཅིག་བསྡུ་ལ་འཚམ་བའི་འཚོ་བའི་བར་སྟོང་། དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་དེ་མི་འབོར་གྱི་ཐོན་ཁུངས་ཁོར་ཡུག་བར་མཐུན་སྦྱོར་ཡོང་བ་བཅས་ལ་སྐུལ་འདེད་རྒྱུན་མི་ཆད་པ་གཏང་རྒྱུ་བཅས་བསམ་ཕྱོགས་ཡོད་ཟེར།

གསར་འགོད་པས། སྣོད་བཅུད་དཔལ་ཡོན་གྱི་ལམ་ལུགས་བཅོས་སྒྱུར་ཇེ་མགྱོགས་སུ་གཏང་ན་འཐུས་ཚང་བའི་སྣོད་བཅུད་དཔལ་ཡོན་གྱི་ལམ་ལུགས་མ་ལག་ཅིག་ངེས་པར་དུ་ཡོད་དགོས།  དེ་ན་མཚོ་སྔོན་གྱིས་ལམ་ལུགས་ལ་བརྟེན་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོབ་བྱེད་པ་ལ་བྱེད་ཐབས་གསར་བ་གང་དག་ཡོད།

ཝང་ཅིན་ཅུན།   སྣོད་བཅུད་དཔལ་ཡོན་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་བསྟུན་མཚོ་སྔོན་གྱི་གཙོ་གཟུགས་བྱེད་ནུས་ཁུལ་གྱི་ལམ་ལུགས་རིམ་གྱིས་ལག་བསྟར་དང་རྒྱལ་དབང་ས་ཞིང་གི་བར་སྟོང་སྒྲིག་བཀོད་ཇེ་ལེགས་སུ་སོང་ཡོད་པ་དང་།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གཉིས་ཀྱི་ལམ་ལུགས་ཚོད་ལྟ་གེགས་མེད་བདེ་བླག་ཡིན་པས།  སྣོད་བཅུད་འགན་འཁྲི་དཔྱད་ཞིབ་དང་བདའ་འདེད་ལམ་ལུགས་མུ་མཐུད་ནས་འཐུས་ཚང་དུ་གཏོང་བཞིན་ཡོད་ལ། “ཀ་བཞི་གདོང་བརྒྱད་”ཀྱི་སྣོད་བཅུད་དཔལ་ཡོན་ལམ་ལུགས་ཀྱི་སྒྲོམ་གཞི་རིམ་པ་བཞིན་འགྲུབ་སྒང་ཡིན།

སྣོད་བཅུད་དཔལ་ཡོན་གྱི་ལམ་ལུགས་བཅོས་སྒྱུར་ཐད་ནས་མཚོ་སྔོན་གྱིས་ཚོད་ལྟ་སྔོན་ལ་བྱེད་པ་དང་ལས་ཀ་ཧྲིལ་བོར་སྐུལ་སྤེལ་བྱེད་པ་གཉིས་ཟུང་དུ་འབྲེལ་ནས་རྒྱལ་དབང་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་དོ་དམ་དང་། སྣོད་བཅུད་ཁོར་ཡུག་གི་ལྟ་སྐུལ་དོ་དམ། རང་བྱུང་སྣོད་བཅུད་ཀྱི་བར་སྟོང་བེད་སྤྱོད་དང་ཚོད་འཛིན། སྣོད་བཅུད་ཁ་གསབ་ལ་སོགས་པའི་ལམ་ལུགས་བཅོས་སྒྱུར་ལག་ལེན་མཐའ་འཁྱོལ་བྱ་རྒྱུ་དང་། མངའ་ཁོངས་ཀྱི་བྱེད་ནུས་ཞིབ་ཕྲ་ཅན་དང་ལམ་ལུགས་ཇུས་འགོད་སྔར་བས་འཐུས་ཚང་དུ་བཏང་ནས་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་བདག་དབང་དང་། སྣོད་བཅུད་དཔལ་ཡོན་གྱི་དཔྱད་འཇོག་དཔྱད་ཞིབ།  རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་འགོ་ཁྲིད་ལས་བྱེད་བསྐོ་འཐེན་བར་གྱི་རྩིས་བཤེར་ལ་སོགས་པའི་ལམ་ལུགས་མགྱོགས་པོར་བཙུགས་ཐོག ཐོན་དབང་ཞིབ་ཅིང་གསལ་ལ།   ཕྱོགས་མང་ནང་ཞུགས་ཆོག་པ།  ཡར་སྐུལ་གཅུན་སྡོམ་ཟུང་ལྡན།  མ་ལག་འཐུས་ཚང་ཡིན་པའི་སྣོད་བཅུད་དཔལ་ཡོན་གྱི་ལམ་ལུགས་མ་ལག་ཅིག་གཟུག་པར་འཚོལ་ཞིབ་བྱ་རྒྱུ། དེ་དང་ཆབས་ཅིག རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། སྲིད་ཇུས་མ་ལག་དང་། ལྟ་སྐུལ་ཚད་འཇལ་མ་ལག དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་གྱི་དཔྱད་འཇོག་མ་ལག་བཅས་འཐུས་ཚང་དུ་བཏང་ནས་“གོམ་པ་གསུམ་”གྱི་དམིགས་འབེན་ལེགས་འགྲུབ་དང་།“ གཅིག་གྱུར་གྱི་ལག་ལེན་གཉིས”མངོན་འགྱུར།  “ཕྱོགས་དགུའི་ཆུ་བཅོས་”ཀྱི་རྣམ་པ་བསྒྱུར་ཐུབ་པར་འགན་ལེན་བྱ་རྒྱུ།   མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་ལམ་ལུགས་ཚོད་ལྟའི་ལས་ཀ་དམ་འཛིན་བྱས་ནས་སྣོད་བཅུད་ཐོན་རྫས་ཀྱི་རིན་ཐང་ལམ་ལུགས་ཚོད་ལྟ་དང་། ཁོར་སྲུང་ལས་ཁུངས་ཀྱི་ལྟ་སྐུལ་ཚད་འཇལ་དང་ལྟ་ཞིབ་ཁྲིམས་འཛིན་རིམ་པ་དེ་གོང་ནས་འོག་ཏུ་ཐད་ཀར་དོ་དམ་བྱེད་པའི་ལམ་ལུགས་བཅོས་སྒྱུར་བྱ་རྒྱུ་མ་ཟད། ཆུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་རྨང་གཞིའི་ཐོག་མཚོ་དཔོན་གྱི་ལམ་ལུགས་ལག་བསྟར་བྱས་ཏེ།  ཐུན་མོང་ཐོག་གསར་སྤེལ་ཆེན་པོ་མི་བྱེད་པར་སྲུང་སྐྱོང་ཆེ་བར་དམ་འཛིན་བྱེད་པའི་བླང་བྱ་དོན་ཐོག་ཏུ་འཁྱོལ་ཐོག    འབྲི་ཆུའི་དཔལ་འབྱོར་ཁུལ་དུ་ཞུགས་ཐུབ་ཧུར་ཐག་བྱས་ནས་ཆུ་བོ་འབབ་རྒྱུད་ཀྱི་སྣོད་བཅུད་སྲུང་སྐྱོང་མཉམ་ལས་ལམ་ལུགས་འཛུགས་པར་སྐུལ་སྤེལ་བྱ་རྒྱུ་དེ་ཡིན་ཟེར།

གསར་འགོད་པས།  ལྗང་མདོག་གོང་སྤེལ་གྱིས་དམངས་ཡོངས་ལ་སྣོད་བཅུད་བྱ་དགའ་གནང་བར་སྐུལ་སྤེལ་བྱེད་པའི་ཐད་མཚོ་སྔོན་ལ་བསམ་གཞིགས་ཅི་ཡོད།

ཝང་ཅིན་ཅུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་སྙན་ཞུའི་ནང་། ང་ཚོས་དེང་རབས་ཅན་འགྱུར་འཛུགས་སྐྲུན་ནི་མི་དང་རང་བྱུང་འཆམ་གནས་ཀྱི་དེང་རབས་ཅན་ཡིན་པས། རྒྱུ་དངོས་ཀྱི་ལོངས་སྤྱོད་དང་བསམ་པའི་ལོངས་སྤྱོད་དེ་བས་མང་པོ་གསར་དུ་བཟོས་ནས་ཉིན་རེར་འཕེལ་བཞིན་པའི་མི་དམངས་ཀྱི་མཛེས་པའི་འཚོ་བའི་དགོས་མཁོ་བསྐང་དགོས་པ་མ་ཟད། སྣོད་བཅུད་ཀྱི་ཐོན་རྫས་སྤུས་ལེགས་མང་པོས་ཉིན་རེར་འཕེལ་བཞིན་པའི་མི་དམངས་ཀྱི་སྣོད་བཅུད་ཁོར་ཡུག་ཡག་པོར་རེ་བའི་དགོས་མཁོ་བསྐང་དགོས་པ་ཡིན་ཞེས་གསུངས་ཡོད། དེ་ནི་ང་ཚོས་དུས་རབས་གསར་བའི་ལས་ཀར་ཤུགས་རྒྱག་སའི་གནད་གཙོ་བོ་ཡིན་ཟེར།

ལྗང་མདོག་འཕེལ་རྒྱས་ནི་མཚོ་སྔོན་གྱི་འཁོར་སྐྱོད་དཔལ་འབྱོར་གྱི་འགག་གཏོར་ཁ་ཕྱོགས་གཙོ་བོ་ཡིན།  ལྗང་མདོག་གི་ལས་གཞི་བཟོ་སྐྲུན་ལག་བསྟར་ལ་ཤུགས་རྒྱག་ན་མུ ་མཐུད་ནས་“མ་དངུལ་དུང་ཕྱུར་སྟོང་ཅན་བཞི”ཡི་ཐོན་ལས་དང་།“ གློག་ཆིང་ཝ་ཁྲི་སྟོང་ཅན ”གཉིས་ཚུད་པའི་བསྐྱར་སྐྱེ་ནུས་ཁུངས་རྟེན་གཞི་དང་། “ལྗང་མདོག་ཐོན་ལས་ཀྱི་ལག་རྩལ་མ་ལག་ཆེ་ཤོས་བརྒྱད་བཅས་བཟོ་སྐྲུན་བྱ་དགོས།  དེ་བས་ནུས་གྲོན་ཆུ་གྲོན་ས་གྲོན་དང་། ཁོར་ཡུག་དང་བདེ་འཇགས་ལ་སོགས་པར་ཚད་གཞི་ནན་མོ་བཏོན་ནས་བཟོ་ལས་ཀྱི་ནུས་གྲོན་དང་ལྗང་མདོག་ཚད་གཞི་ཅན་དུ་བསྒྱུར་ཐོག སྣོད་བཅུད་མ་ལག་དང་འཚོ་བའི་མ་ལག་ཕན་ཚུན་རེས་མོས་འཁོར་སྐྱོད་བྱེད་དུ་བཅུག་ནས་མཐོ་སྒང་གི་ཁྱད་ལྡན་དེང་རབས་ཏེ་ཞིང་འབྲོག་ལས་གོང་དུ་སྤེལ་ནས་སྒོ་ཟོག་གསོ་སྤེལ་དང་འབྲུ་སྣུམ་འདེབས་གསོ། སིལ་སྡོང་དང་འཕང་འབྲས། འོམ་བུ་ལ་སོགས་པའི་“སྒོར་དུང་ཕྱུར་བརྒྱ་ཅན་བཞིའི་”ཐོན་ལས་གསར་འཛུགས་ལ་ཤུགས་རྒྱག་རྒྱུ་དང་། འབྲི་གཡག་དང་བོད་ལུག  ཉ་མོ།  གཟན་རྩྭ་ལ་སོགས་པའི་ཐོན་ལས་ཇེ་རྒྱས་སུ་གཏང་རྒྱུ།  འབྲི་ཆུའི་རིག་གནས་དང་རྨ་ཆུའི་རིག་གནས་ཀྱི་ཟུངས་ནོར་སྔོག་འདོན་བྱས་ནས་རི་ཀླུང་གྲགས་ཅན་དང་གནམ་གཤིས་འཁྱགས་གྲང་ཐད་ནས་ལས་ཀ་ལེགས་པོ་བསྒྲུབ་ཐོག   མཚོ་སྔོན་གྱི་རི་རྒྱུད་དང་ཆུ་རྒྱུད། མི་རྒྱུད། རིག་གནས་ཀྱི་རྒྱུད་བཅས་གཅིག་ལ་གཅིག་རྟེན་དུ་གྱུར་བའི་ལེའུ་གཟི་འོད་ཀྱིས་ཕྱུག་པ་བརྩམ་ནས་རྒྱལ་ཡོངས་སུ་གྲགས་ཆེ་བའི་ཡུལ་སྐོར་གནས་མཆོག་མགྱོགས་པོར་བསྐྲུན་རྒྱུ།

ལྗང་མདོག་དམངས་ཕན་ལ་སྐུལ་འདེད་གཏང་རྒྱུ། དམངས་ཚིས་ལ་ཞབས་ཞུ་དང་སྣོད་བཅུད་སྲུང་སྐྱོང་ལ་དམ་འཛིན། སྣོད་བཅུད་དམངས་ཕན་བཅོས་སྒྱུར་བཅས་ཀྱི་རིན་ཐང་འཛིན་ཕྱོགས་རྒྱུན་བསྐྱངས་ཏེ། སྣོད་བཅུད་དང་དམངས་ཚིས་ལེགས་སྒྱུར་དེ་གལ་གནད་དུ་བཟུང་ནས་སྣོད་བཅུད་སྲུང་སྐྱོང་ལ་ཤུགས་བསྣན་པ་དང་ཆབས་ཅིག   དམངས་ཕྱུག་ཐོན་ལས་མགྱོགས་པོར་གོང་དུ་སྤེལ་ནས་སྣོད་བཅུད་ནུས་ཁུལ་གྱི་མང་ཚོགས་རྣམས་ཡུལ་བབ་དང་བསྟུན་པའི་སྣོད་བཅུད་ཡུལ་སྐོར་དང་སྣོད་བཅུད་འབྲོག་ལས། ནགས་ལས་ཡུལ་སྐོར་ལ་སོགས་པའི་ཁྱད་ལྡན་ཐོན་ལས་ཀྱི་ཕྱོགས་ལ་འཁྲིད་སྟོན་བྱ་རྒྱུ།   སྣོད་བཅུད་བདག་སྐྱོང་གི་སྤྱི་ཕན་ལས་གནས་གསར་སྤེལ་གྱི་ལས་ཀ་གཟེངས་སུ་བཏེགས་ནས་སྣོད་བཅུད་བདག་སྐྱོང་གི་སྤྱི་ཕན་ལས་གནས་ཚོད་ལྟ་བྱེད་པའི་ཁྱབ་ཁོངས་ཇེ་ཆེར་གཏང་རྒྱུ།  འབྲོག་བསྐྱར་རྩྭ་འདེབས་ཀྱི་ལས་གཞི་དང་རྩྭ་ཐང་ཁ་གསབ་ཀྱི་སྲིད་ཇུས་གཉིས་ཟུང་དུ་སྦྲེལ་ཐོག  རྒྱལ་ཁབ་ཀྱིས་དེ་ལ་མ་དངུལ་གྱིས་རྒྱབ་སྐྱོར་གནང་བར་བརྩོན་ལེན་དང་། སྣོད་བཅུད་ཆད་གསབ་ཀྱི་ཤུགས་ཇེ་དྲག་ཏུ་བཏང་ནས་ཆད་གསབ་ཀྱི་ཚད་གཞི་ཇེ་མཐོར་གཏང་རྒྱུ།   སྣོད་བཅུད་དབུལ་སྐྱོར་ཐད་ནས་བྱེད་ཐབས་སྣ་མང་བརྒྱུད་ནས་སྣོད་བཅུད་སྲུང་སྐྱོང་དང་དམངས་ཚིས་བཅོས་ལེགས་བཅོས་དེ“གཉིས་ཕན་”གྱི་ལམ་དུ་ཞུགས་པར་འབད་པ་བྱས་ནས་སྣོད་བཅུད་དབུལ་སྐྱོར་ལ་སྐུལ་སྤེལ་བྱ་རྒྱུ་བཅས་ཡིན་ཟེར།

ལོ་ཙཱ་བ། ཁོན་ཐར་འཚོ།