ད་ལོར་མཚོ་སྔོན་གྱིས་ནགས་ལས་གཙོ་གནད་ལས་དོན་ཁག་བཞིའི་སྒྱུར་བཅོས་ལས་འགན་ལག་བསྟར་གཏན་འཁེལ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ན་ནིང་། མཚོ་སྔོན་གྱི་རིམ་པ་ཁག་གི་ནགས་ལས་སྡེ་ཁག་གིས་འཕེལ་རྒྱས་བསམ་ཕྱོགས་མཐའ་འཁྱོངས་བྱེད་པར་བརྟེན་ནས་ནགས་ལས་འཕེལ་རྒྱས་སུ་འགྲོ་བར་སྣེ་ཁྲིད་པ་དང་། སྒྱུར་བཅོས་དང་གསར་གཏོད་བྱེད་པའི་ཐབས་ལམ་རྒྱུན་འཁྱོངས་བྱས་ནས་ནགས་ལས་བྱ་བར་སྐུལ་སྤེལ་བཏང་ཞིང་། སྡོང་འཛུགས་ནགས་སྐྲུན་བྱ་བའི་ལམ་སྲོལ་གསར་གཏོད་བྱས་པ་དང་། རྒྱལ་དབང་ནགས་ལས110སྒྱུར་བཅོས་དང་། ནགས་ལས་བདག་དབང་ལམ་ལུགས་གཏིང་ཟབ་བྱས་པ། བརླན་སའི་སྲུང་སྐྱོབ་སྐྱེ་ཁམས་ཁ་གསབ་དང་ནགས་ལས་འགན་སྲུང་བཅས་ཀྱི་སྒྱུར་བཅོས་བདེ་བླག་ངང་ཡོངས་འགྲུབ་བྱས་ཏེ། ཕན་ནུས་ལྡན་པའི་སྒོ་ནས་ནགས་ལས་འཕེལ་རྒྱས་སུ་འགྲོ་བར་གསོན་ཤུགས་གསར་བ་བསྩལ།

ད་ལོར། མཚོ་སྔོན་ཞིང་ཆེན་ནགས་ལས་ཐིན་གྱིས་སྒྱུར་བཅོས་ལས་དོན་བཞི་གཙོ་གནད་དུ་བཟུང་ནས་སྐུལ་སྤེལ་བྱ་རྒྱུ།

གཅིག་ནས་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་གནས་ལ་སྐུལ་སྤེལ་བྱ་རྒྱུ།སྤྱིའི་འཆར་འགོད་སྒྲིག་འཛུགས་དང་སྒྲིག་གཞི་རྩ་འཛུགས་ལས་དོན། སྲིད་ཇུས་བཅའ་ཁྲིམས་དྲིལ་སྒྲོག་གསོ་སྦྱོང་སོགས་ཀྱི་བྱ་བ་ལེགས་པོར་བསྒྲུབ་པ་དང་། ཚན་རྩལ་ཞིབ་འཇུག་ཁང་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། གསའ་གཟིག་གཙོར་བཟུང་ནས་སྐྱེ་དངོས་སྣ་མང་ཅན་ལ་བརྟག་དཔྱད་དང་། སྐྱེ་ཁམས་ཁོར་ཡུག་དང་སྐྱེ་དངོས་སྣ་མང་ཅན་གྱི་ལྟ་ཞིབ་ཚད་ལེན་མ་ལག་གྲུབ་པར་བྱེད་པ། སྲུང་སྐྱོབ་ས་ཚུགས་རིག་ནུས་ཅན་དང་ཚད་ལྡན་ཅན་དུ་སྒྱུར་བཀོད་བྱེད་པར་ཤུགས་སྣོན་པ། མཉམ་འབྲེལ་ཐོག་སྲུང་སྐྱོབ་ཁྲིམས་འཛིན་ལྟ་སྐུལ་བྱེད་པར་སྐུལ་སྤེལ་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་བཅོས་སྐྱོང་འགན་འཁྲི་དོན་འཁྱོལ་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་དོ་དམ་སྲུང་སྐྱོབ་མ་ལག་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་རྒྱུ།

གཉིས་ནས། ནགས་ལས་བདག་དབང་སྤྲོ་རྒྱུད་གཏོང་བའི་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་བྱེད་པ། རྫོང་རིམ་པའི་ནགས་ལས་བདག་དབང་འཁོར་སྐྱོད་གཏོང་བའི་དོ་དམ་ཞབས་ཞུའི་ཆ་འཕྲིན་སྟེགས་བུའི་འཛུགས་སྐྲུན་དམ་འཛིན་བྱེད་པ་དང་། ནགས་ལས་བདག་དབང་འཁོར་སྐྱོད་དོ་དམ་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། དངུལ་ཁང་དང་སྲིད་གཞུང་མཉམ་ལས་ཀྱི་སྟེགས་བུ་བསྐྲུན་པ་དང་། བར་ཁྱད་ཅན་གྱི་ཡིད་རྟོན་དངུལ་བུན་སྲིད་ཇུས་གཞོགས་འདེགས་དོན་འཁྱོལ་བྱས་ཏེ། དངུལ་རྩ་ལ་བརྟེན་ནས་ནགས་ལས་ཐད་ཀྱི་གཙོ་གནད་ལས་གཞིའི་འཛུགས་སྐྲུན་ལ་གཞོགས་འདེགས་ཆ་རྐྱེན་བསྐྲུན་པར་ཤུགས་སྣོན་པ།

གསུམ་ནས། ནགས་ལས་མ་འཇོག་ལམ་སྲོལ་སྒྱུར་བཅོས་ལ་སྐུལ་སྤེལ་གཏིང་ཟབ་བྱེད་པ། ནོར་སྲིད་མ་དངུལ་གྱི་ནུས་པ་འདོན་སྤེལ་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་ནགས་ལས་སྐྱེ་ཁམས་འཛུགས་སྐྲུན་མ་འཇོག་ཚད་ཡོད་འགན་འཁྲི་ཀུང་ཟི་བཙུགས་ཏེ། སྐྱེ་ཁམས་འཛུགས་སྐྲུན་ལས་གཞིའི་མ་འཇོག་གཙོ་བོ་རུ་བྱེད་པ།

བཞི་ནས། རྒྱལ་དབང་ནགས་ལས་སྒྱུར་བཅོས་གྲུབ་འབྲས་སྔར་བས་སྲ་བརྟན་དང་རྒྱ་བསྐྱེད་བཏང་སྟེ། རིགས་མི་འདྲ་བའི་དོ་དམ་བྱེད་སྟངས་འཚོལ་ཞི་བྱེད་པ་དང་། དེང་རབས་ཅན་གྱི་རྒྱལ་དབང་ནགས་ལས་འཛུགས་སྐྲུན་ལ་སྐུལ་སྤེལ་དང་། སྤུས་ཚད་མཐོ་བའི་ནགས་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་སྤེལ་བྱ་རྒྱུ།

ལོ་ཙཱ་བ། ཀླུ་མོ།