སྔོན་དཔག་ལྟར་ན་མཚོ་ཤར་གྲོང་ཁྱེར་གྱིས་དཔྱིད་འདེབས་རྒྱ་ཁྱོན་སྤྱི་ཆིང་ཁྲི21སླེབས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ནམ་ཟླ་རིམ་བཞིན་ཇེ་དྲོར་སོང་བ་དང་བསྟུན། རང་ཞིང་གི་ས་ཁུལ་སོ་སོས་དཔྱིད་ཀྱི་རྨོ་འདེབས་བྱེད་པའི་དུས་ལ་སླེབས་ཡོད། མཚོ་ཤར་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཁག་དང་ཤང་དང་གྲོང་བརྡལ་གྱིས་སྔ་མོ་ནས་གྲ་སྒྲིག་དང་བཀོད་སྒྲིག་བརྒྱབ་སྟེ། རྒྱ་ཆེའི་ཞིང་བ་མང་ཚོགས་རྣམས་དཔྱིད་འདེབས་ལས་ལ་བྲེལ་མགོ་བརྩམ། ད་ལོར། སྔོན་དཔག་བྱས་པ་ལྟར་ན། མཚོ་ཤར་གྲོང་ཁྱེར་གྱིས་དཔྱིད་འདེབས་རྒྱ་ཁྱོན་སྤྱི་ཆིང་ཁྲི21ལ་སླེབས་པ་རེད།  

ཉེ་སྔོན། མཚོ་ཤར་གྲོང་ཁྱེར་གྱི་སྡེ་ཁག་སོ་སོས་དཔྱིད་ཀྱི་རྨོ་འདེགས་ལས་དོན་ལ་ཐུན་མོང་ཐོག་ཤུགས་བརྒྱབ་པ་དང་། རྨོ་འདེབས་ས་བོན་སྤྱི་རྒྱ་ཁྲི11209.51གྲ་སྒྲིག་བྱས་ཡོད། དགུན་དུས་ཀྱི་ཁོམ་ལོང་དུས་ཚོད་བེད་སྤྱད་དེ། ཞིང་ལས་འཕྲུལ་ཆས་ཞིག་གསོ་དང་། ས་བོན་ལེགས་པོ་འདེམས་པ་དང་ཉར་ཚགས་སོགས་ཀྱི་ལག་རྩལ་གསོ་སྦྱོང་སོགས་དང་། ལུད་རྫས་དང་ཞིང་སྨན་ཐད་ཀྱི་ལས་འགུལ་འཆར་འགོད་ནན་གྱིས་སྤེལ།དུས་མཚུངས་སུ། ཁོར་ཡུག་ལྗང་མདོག་ལ་བརྟེན་ནས་ཞིང་ལས་ལ་སྲུང་སྐྱོབ་བྱེད་པའི་ལས་འགུལ་སྤེལ་བ་དང་། ས་བོན་དང་ལུད་རྫས།ཞིང་སྨན་སོགས་ཞིང་ལས་རྒྱུ་ཆའི་ཐད་ཀྱི་ཆེད་དོན་དག་སྒྲིག་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ། ཕན་ནུས་ལྡན་པའི་སྒོ་ནས་གྲོང་ཁྱེར་ཡོངས་ཀྱི་དཔྱིད་འདེབས་ཐོན་སྐྱེད་བྱ་བར་འགན་སྲུང་ལེགས་པོ་བྱས་པ་རེད།

དེ་ལས་གཞན། མཚོ་ཤར་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཁག་གིས་ཞིང་བའི་ཁྱིམ་ཚང་གི་འདེབས་འཛུགས་གྲུབ་ཚུལ་ལ་ལེགས་སྒྲིག་དང་། ཐོན་སྐྱེད་བྱེད་སྟངས། སྤུས་ཚད་མཐོར་འདེགས།ཐན་སྐྱོན་སྔོན་འགོག་ནུས་པ་མཐོར་འདེགས་སོགས་ལ་སྣེ་ཁྲིད་བྱས། དུས་མཚུངས་སུ། ཐོན་རྫས་གསར་བ་དང་ལག་རྩལ་གསར་བ་ཁྱབ་བརྡལ་དུ་བཏང་། ཁེ་ལས་ལ་བརྟེན་ནས་ཀུང་ཟི་དང་རྟེན་གཞི། ཁྱིམ་ཚང་སོགས་མཉམ་འདྲེས་རྣམ་པའི་སྟེང་ནས་ཁྱིམ་ཚང་འཕེལ་རྒྱས་སུ་གཏོང་བར་སྣེ་ཁྲིད་བྱས།

ལོ་ཙཱ་བ། ཀླུ་མོ།