ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེའི་དར་རྒྱས་ཀྱི་ལམ་དུ་བསྐྱོད་པ།

— ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོའི་དགོངས་དོན་ཀློག་འགྲེལ། དང་པོ།

ཏང་ཀྲུང་དབྱང་གིས་བཏོན་པའི་ཞིང་སྡེའི་དར་རྒྱས་འཐབ་ཇུས་ལག་བསྟར་བྱེད་པའི་དམིགས་འབེན་ནི་ཅི་ཡིན་ནམ།

ལན། ཞིང་སྡེའི་དར་རྒྱས་འཐབ་ཇུས་ལག་བསྟར་ནི་ཏང་གི་ཞིང་གསུམ་བྱ་བའི་བྱེད་ཐབས་སྲིད་ཇུས་ཀྱི་མུར་འཕེལ་དང་འཕེལ་རྒྱས་རབས་དང་རིམ་པ་ཡིན་ལ། ཞིང་འབྲོག་མང་ཚོགས་ཀྱི་རེ་ལྟོས་བྱེད་སའང་ཡིན། ཞིང་སྡེའི་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པར་རྨང་གཞི་དང་ཆ་རྐྱེན་ཡོད་ལ། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་འགལ་ཟླ་ལས་འགོ་བརྩམས་ནས་ཐག་གཅོད་བྱ་དགོས་ཤིང་དམིགས་འབེན་གསལ་བོའི་ཁ་ཕྱོགས་དང་ཏང་གི་འོས་འགན་གྱིས་ཐག་གཅོད་བྱས་ཤིང་། གོ་ལ་ཧྲིལ་བོའི་ཞིང་སྡེའི་གནད་དོན་ཐད་ལ་བྱས་རྗེས་བཞག་པའི་ཀྲུང་གོ་བའི་ཤེས་རབ་དང་ཀྲུང་གོ་བའི་ཐབས་ཇུས་ཡང་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འགན་འཁྲི་གལ་ཆེན་ཞིག་ཀྱང་ཡིན།

དུས་རབས་གསར་བའི་ཞིང་སྡེའི་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པའི་དོན་སྙིང་གལ་ཆེན་ནི་ཅི་ཞིག་ཡིན་ནམ།

ལན། ཞིང་སྡེའི་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ་དེ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་བསྐྲུན་འཐབ་ཇུས་དམིགས་འབེན་ལག་བསྟར་བྱེད་པ་ཡིན་ལ། ཞིང་ལས་ཞིང་སྡེ་དེང་རབས་ཅན་ནི་རྒྱལ་ཁབ་དེང་རབས་ཅན་གྱི་གྲུབ་ཆ་གལ་ཆེན་ཞིག་དང་རྨང་གཞིའི་རྒྱབ་རྟེན་ཡང་ཡིན། རྒྱལ་ཁབ་ཅིག་གི་གྲོང་ཁྱེར་འཛུགས་བསྐྲུན་བྱས་པ་དེ་ཇི་འདྲའི་ལེགས་ན་ཡང་གལ་ཏེ་ཞིང་ལས་རྗེས་ལུས་དང་ཞིང་བ་དབུལ་ཕོངས། ཞིང་སྡེའི་རྗེས་ལུས་བཅས་ཡིན་ན་རྒྱལ་ཁབ་དེ་ནི་དེང་རབས་ཅན་གྱི་རྒྱལ་ཁབ་ཅིག་གཏན་ནས་ཡིན་མི་སྲིད།

ལོ་འདི་དག་གི་རིང་ལ་རང་རྒྱལ་གྱི་ཞིང་ལས་ཞིང་སྡེའི་དེང་རབས་ཅན་གྱི་ཆུ་ཚད་དེ་ཇེ་མཐོར་སོང་མོད། འོན་ཀྱང་དེ་ནི་ནམ་ཡང་བཟོ་ལས་ཅན་དང་མཁར་གྲོང་ཅན་ལ་སྐུལ་འདེད་བྱེད་པའི་མྱུར་ཚད་ཀྱི་བརྒྱུད་རིམ་དང་བར་ཐག་ངེས་ཅན་ཞིག་ཡོད་ལ། འཕེལ་རྒྱས་ཆེ་བའི་རྒྱལ་ཁབ་དང་སྡུར་ན་ཡང་བར་ཐག་ཧེ་བག་ཆེན་པོ་ཞིག་ཡོད། ང་ཚོས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་པ་དང་གཞི་རྩའི་དེང་རབས་ཅན་མངོན་འགྱུར་གྱི་བརྒྱུད་རིམ་ལས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་དུ་མངོན་འགྱུར་བྱེད་པ་ལ་ངེས་པར་དུ་ཞིང་ལས་ཞིང་སྡེ་དེང་རབས་ཅན་གྱི་ཞན་ཆ་འདི་ལྟ་བུ་གཏན་ནས་ལྷོད་གཡེང་བྱེད་མི་རུང་བར་དམ་འཛིན་བྱེད་དགོས།

མིག་སྔར་རང་རྒྱལ་གྱི་དཔལ་འབྱོར་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྐས་རིམ་དུ་ཕྱོགས་བསྒྱུར་བྱས་ཤིང་། ངེས་པར་དུ་འགུལ་སྐྱོད་གསར་བ་གསོ་སྐྱོང་དང་འཕེལ་རྒྱས་ཀྱི་བར་སྟོང་གསར་བ་རྒྱ་བསྐྱེད་དགོས། དེ་ཡང་ཞིང་སྡེའི་དར་རྒྱས་འཐབ་ཇུས་ལག་བསྟར་བྱས་པ་བརྒྱུད་ཞིང་ལས་འཕེལ་རྒྱས་ལ་སྐུལ་འདེད་དང་ཞིང་བའི་ཡོང་འབབ་འཕར་སྣོན་གྱིས་ཞིང་སྡེ་རྨང་གཞིའི་སྒྲིག་ཆས་དང་སྤྱི་གཞུང་ཞབས་ཞུར་ཤུགས་སྣོན་བྱས་ཏེ། གཅིག་ནས་འཛད་སྤྱོད་ཀྱི་དགོས་མཁོར་འཕར་སྣོན་བྱུང་བ་དང་གཉིས་ནས་མ་རྩ་ནུས་ལྡན་འཇོག་ཚད་ཡང་ཆེས་ཆེར་སོང་། དེ་མིན་ད་དུང་ཞིང་སྡེའི་ཕུན་སུམ་ཚོགས་པའི་གཞི་རྒྱུ་གསོ་སྐྱོང་གིས་ཐོན་ལས་གསར་བ་དང་རྣམ་པ་གསར་བ། རྣམ་གཞག་གསར་བ་བཅས་བྱུང་ནས་དཔལ་འབྱོར་འཕེལ་རྒྱས་ཐད་ལ་སྒུལ་ཤུགས་གསར་བ་ཞིག་བསྣན་ཡོད།

འཚོ་བ་དེ་ཡོངས་ཁྱབ་ཀྱིས་འབྱོར་འབྲིང་སྤྱི་ཚོགས་སུ་སླེབས་པའི་རྗེས་སུ་ཞིང་བ་མང་ཚོགས་ཀྱི་རེ་ལྟོས་བྱེད་ས་དེ་སྔར་ལས་སྤུས་ཚད་མཐོ་བའི་ལས་ཞུགས་ཡིན་ལ། དེ་ལས་ཀྱང་བློ་ཡིད་ཡོངས་སུ་ཚིམས་པའི་ཡོང་འབབ་ཡིན། དེ་ལས་ལེགས་པོའི་གཞི་རྩའི་སྤྱི་གཞུང་ཞབས་ཞུ་དང་སྔར་ལས་ཕུན་སུམ་ཚོགས་པའི་བསམ་པའི་རིག་གནས་ཀྱི་འཚོ་བ་ཡིན། དམངས་གཙོ་དང་ཁྲིམས་སྐྱོང་། འདྲ་མཉམ། དྲང་བདེན། བདེ་འཇགས། ཁོར་ཡུག་སོགས་ཐད་ཀྱི་དགོས་མཁོ་ཡང་ཉིན་རེ་ལས་ཉིན་རེར་འཕར་བཞིན་ཡོད། ཞིང་བ་མང་ཚོགས་ཀྱི་རེ་ལྟོས་གསར་བ་འདི་དག་གིས་ཞིང་སྡེའི་དར་རྒྱས་ལ་སྔར་ལས་སྐུལ་འདེད་ངེས་ཅན་ཞིག་བྱས་ཡོད།

འདི་ནི་མཁར་གྲོང་སྡོད་དམངས་ཀྱི་བདེ་སྐྱིད་དང་དར་རྒྱས། འབྱོར་ཕྱུག མཛེས་སྡུག་ལྡན་པའི་དེང་རབས་ཅན་གྱི་ཞིང་སྡེ་ཡི་འཕེལ་རྒྱས་ལ་ཁེ་ཕན་ཆེན་པོ་ལྡན། དེའི་མི་ཚད་དེ་ནི་ཞིང་བ་མང་ཚོགས་ལ་དབང་ཞིང་མཁར་གྲོང་སྡོད་དམངས་ལ་ཡང་དབང་བ་རེད། ཞིང་སྡེའི་དར་རྒྱས་འཐབ་ཇུས་ལག་བསྟར་གྱིས་རྒྱལ་ཡོངས་མི་དམངས་ཀྱིས་སྔར་ལས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་ཐུན་མོང་གི་འཚོ་བ་ཞིག་ལ་རེ་ལྟོས་བཅངས་ཡོད།

ཞིང་སྡེའི་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ནི་མི་རྣམས་ཀྱི་ཉིན་རེའི་འཚོ་བའི་ཡོང་འབབ་ཐག་གཅོད་བྱེད་པའི་མཛེས་སྡུག་གི་འཚོ་བའི་དགོས་མཁོ་དང་དྲང་བདེན་མིན་ཞིང་འཐུས་ཚང་མིན་པའི་འཕེལ་རྒྱས་བར་གྱི་འགལ་ཟླའི་དགོས་མཁོ་ཞིག་ཡིན་ལ། ལོ་བརྒྱའི་ཇུས་ཆེན་གཉིས་ཀྱི་ཧུར་བརྩོན་དམིགས་འབེན་གྱི་དགོས་མཁོ་མངོན་འགྱུར་དང་། རྒྱལ་ཡོངས་མི་དམངས་ཐུན་མོང་ཕྱུག་འགྱུར་གྱི་ལམ་དུ་ཞུགས་པ་ཡང་མངོན་འགྱུར་བྱས་ཡོད།  

ཞིང་སྡེའི་དར་རྒྱས་ཀྱི་དམིགས་འབེན་འགན་འཁྲི་ནི་ཅི་ཞིག་ཡིན་ནམ།

ལན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྟེང་བཏོན་པའི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་རྒྱལ་ཕམ་ཐག་གཅོད་བྱེད་པར་དུས་རིམ་མི་འདྲ་བ་གཉིས་སུ་དབྱེ་ནས་ལོ་བརྒྱའི་ཇུས་ཆེན་གཉིས་པའི་འཐབ་རྩོད་དམིགས་འབེན་གྱི་འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་ན། ཞིང་སྡེའི་དར་རྒྱས་འཐབ་ཇུས་ལག་བསྟར་བྱེད་པའི་དམིགས་འབེན་འགན་འཁྲི་ནི2020ལོར་སླེབས་དུས་ཞིང་སྡེའི་དར་རྒྱས་ལ་འཕེལ་རྒྱས་གལ་ཆེན་ཞིག་བྱུང་བ་དང་ལམ་ལུགས་སྒྲིག་གཞི། སྲིད་ཇུས་མ་ལག་སོགས་ཕལ་ཆེར་ཡོངས་འགྲུབ་བྱུང་ཡོད།

ཞིང་ལས་སྣ་འཛོམས་ཐོན་སྐྱེད་ནུས་ཤུགས་དེ་བརྟན་འཇགས་ངང་རིམ་འཕར་བྱུང་ནས་ཞིང་ལས་ཀྱིས་མཁོ་སྤྲོད་གནང་བའི་མ་ལག་གི་སྤུས་ཚད་ཀྱང་མངོན་གསལ་གྱིས་ཇེ་མཐོར་སོང་། ཞིང་སྡེའི་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་བསྲེས་འཕེལ་རྒྱས་ཀྱི་ཆུ་ཚད་དེ་གོམ་གང་མདུན་སྤོས་ཀྱིས་མཐོར་འདེགས་བྱུང་ཞིང་། ཞིང་བའི་ཡོང་འབབ་ཁ་ཕྱོགས་དེ་ཡང་གོམ་གང་མདུན་སྤོས་ཀྱིས་རྒྱ་ཆེར་སོང་ནས་མཁར་གྲོང་སྡོད་དམངས་ཀྱི་འཚོ་བའི་ཆུ་ཚད་ཀྱི་ཧེ་བག་གི་རྒྱུན་མཐུད་ཇེ་ཆུང་དུ་སོང་ཞིང་། ད་ལྟའི་ཚད་ལྡན་འོག་ཞིང་སྡེའི་དབུལ་ཕོངས་མི་གྲངས་ཀྱི་དབུལ་ཐར་མངོན་འགྱུར་བྱས་ཤིང་། དབུལ་ཕོངས་རྫོང་གི་ཞྭ་མོ་ཡོངས་སུ་དོར་ནས་ཁྱབ་ཁོངས་རང་བཞིན་གྱི་ཡོངས་ཁྱབ་དབུལ་ཕོངས་དེ་ཐག་གཅོད་ཀྱིས་ཞིང་སྡེའི་རྨང་གཞིའི་སྒྲིག་ཆས་འཛུགས་བསྐྲུན་དེར་སྔར་ལས་སྐུལ་འདེད་ཀྱིས་ཞིང་སྡེའི་མི་དམངས་འདུས་སྡོད་ཀྱི་ཁོར་ཡུག་ལ་མངོན་གསལ་གྱིས་བཅོས་སྒྱུར་བྱས་ཤིང་མཛེས་སྡུག་ལྡན་པའི་ཞིང་སྡེའི་འཛུགས་བསྐྲུན་དེར་ཏན་ཏིག་གིས་སྐུལ་འདེད་བྱས་ནས། མཁར་གྲོང་གི་གཞི་རྩའི་སྤྱི་གཞུང་ཞབས་ཞུའི་ཆུ་ཚད་དེ་ཆ་སྙོམས་ཀྱིས་གོམ་གང་མདུན་སྤོས་ཀྱིས་ཇེ་མཐོར་བཏང་ཞིང་། མཁར་གྲོང་མཉམ་བསྲེས་འཕེལ་རྒྱས་སྒྲིག་གཞིའི་གྲུབ་ཆ་དེ་ཐོག་མར་གསར་འཛུགས་བྱས་ནས་ཞིང་སྡེ་ཡི་ཤེས་ལྡན་མི་སྣའི་འགུགས་ཤུགས་དེ་ཡང་རིམ་བཞིན་འཕར་སྣོན་བྱུང་ཞིང་། ཞིང་སྡེའི་སྐྱེ་ཁམས་ཁོར་ཡུག་དེ་མངོན་གསལ་གྱིས་ཆེས་ཆེར་སོང་ཞིང་། ཞིང་ལས་སྐྱེ་ཁམས་ཞབས་ཞུའི་ནུས་པ་དེ་ཡང་གོམ་གང་མདུན་སྤོས་ཀྱིས་མཐོར་འདེགས་སུ་སོང་ཡོད། ཏང་རྩ་འཛུགས་སྲོག་ཤིང་ཡིན་པའི་ཞིང་སྡེའི་གཞི་རིམ་རྩ་འཛུགས་འཛུགས་བསྐྲུན་དེར་གོམ་གང་མདུན་སྤོས་ཀྱིས་ཤུགས་སྣོན་ཐེབས་ནས་ཞིང་སྡེའི་བཅོས་སྐྱོང་གི་མ་ལག་དེ་ཡང་གོམ་གང་མདུན་སྤོས་ཀྱིས་འཐུས་ཚང་ཅན་དུ་བཏང་། ཏང་གི་ཞིང་སྡེའི་བྱ་བའི་འགོ་ཁྲིད་སྒྲིག་གཞི་དེ་ཡང་གོམ་གང་མདུན་སྤོས་ཀྱིས་བདེ་ཐང་འཐུས་ཚང་དུ་བཏང་སྟེ་ས་གནས་མི་འདྲ་བ་སོ་སོའི་ཞིང་སྡེའི་དར་རྒྱས་ཀྱི་བསམ་བློ་དང་བྱེད་ཐབས་དེ་ཡང་གཏན་ཁེལ་གསལ་བོ་བྱས་པ་རེད།

2036ལོར་ཞིང་སྡེའི་དར་རྒྱས་ལ་རྒྱལ་ཕམ་རང་བཞིན་གྱི་འཕེལ་རྒྱས་བྱུང་ཞིང་། ཞིང་ལས་ཞིང་སྡེའི་དེང་རབས་ཅན་ཕལ་ཆེར་མངོན་འགྱུར་བྱས་ཡོད། ཞིང་ལས་སྒྲིག་གཞི་ལ་རྩ་བའི་རང་བཞིན་གྱི་བཅོས་སྒྱུར་ཐོབ་པ་དང་ཞིང་བའི་ལས་ཞུགས་སྤུས་ཚད་དེ་ཡང་མངོན་གསལ་གྱིས་མཐོར་འདེགས་སུ་སོང་བས། ལྟོས་བཅས་ཀྱི་སྒོ་ནས་བཤད་ན་དབུལ་ཕོངས་དེ་གོམ་གང་མདུན་སྤོས་ཀྱིས་འཕར་ཞིང་ཐུན་མོང་ཕྱུག་འགྱུར་གྱི་གོམ་སྟབས་སུ་ཞུགས་ནས་མཁར་གྲོང་གི་གཞི་རྩའི་སྤྱི་གཞུང་ཞབས་ཞུ་དེ་ཆ་སྙོམས་ཅན་ལ་འགྱུར་བ་མངོན་འགྱུར་བྱས་ནས་མཁར་གྲོང་གི་མཉམ་བསྲེས་འཕེལ་རྒྱས་ཀྱི་སྒྲིག་གཞི་དེ་སྔར་ལས་འཐུས་ཚང་ཅན་དང་ཞིང་སྡེའི་དཔལ་ཡོན་དེ་ཡང་ཡང་རྩེར་སླེབས་ནས་ཞིང་སྡེའི་བཅོས་སྐྱོང་མ་ལག་དེ་སྔར་ལས་འཐུས་ཚང་གིས་ཞིང་སྡེའི་སྐྱེ་ཁམས་ཁོར་ཡུག་དེ་རྩ་བའི་ཆ་ནས་ཇེ་ལེགས་སུ་སོང་ཞིང་མཛེས་སྡུག་ལྡན་པའི་ཞིང་གྲོང་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད།

2050ལོར་སླེབས་དུས་ཞིང་སྡེ་དེ་ཁྱོན་ཡོངས་ནས་དར་རྒྱས་སུ་སོང་སྟེ་ཞིང་ལས་སྟོབས་ལྡན་དང་ཞིང་སྡེ་མཛེས་ཤིང་སྡུག་ལ། ཞིང་བ་ཡོངས་རྫོགས་ཕྱུག་པོར་འགྱུར་བ་མངོན་འགྱུར་བྱ་རྒྱུ་ཡིན་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།