མཚོ་སྔོན་མི་རིགས་སློབ་ཆེན་གྱིས་སློབ་ཆེན་པ446ཞིང་ཆེན་ཡོངས་ཀྱི་རྫོང་མི་འདྲ་བ16ལ་སློབ་ཁྲིད་བྱེད་དུ་མངགས་པ།

ཚོགས་འདུའི་ཡུལ་དངོས།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་ལམ་མཚོ་སྔོན་མི་རིགས་སློབ་ཆེན་གྱིས2017ལོའི་དགེ་ཐོན་སློབ་མ་དག་སློབ་ཁྲིད་ཀྱི་ལས་གནས་སུ་དངོས་སྦྱོངས་བྱེད་པའི་བྱ་བའི་སྤྱི་སྡོམ་གཟེངས་བསྟོད་གྲོས་ཚོགས་བསྡུས་པ་དང2018ལོའི་དགེ་ཐོན་སློབ་མ་སློབ་ཁྲིད་ཀྱི་ལས་གནས་སུ་དངོས་སྦྱོང་བྱེད་པའི་སྐུལ་སློང་ཚོགས་ཆེན་ཡང་བསྡུས། 2017ལོ་དང2018ལོར་སློབ་ཁྲིད་ཀྱི་ལས་རྐང་དུ་དངོས་སྦྱོང་བྱེད་པའི་དགེ་སློབ་ལྔ་བརྒྱ་ཚོགས་འདུར་ཞུགས་པ་རེད།

ཟླ3པའི་ཚེས12ཉིན་སློབ་ཁྲིད་ཀྱི་ལས་རྐང་དུ་ཞུགས་པའི་དངོས་སྦྱོང་བྱེད་པའི་དགེ་སློབ་དག་ལམ་ལ་ཆས་པའི་མཛད་སྒོ།

ད་ལོ་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་ཐོན་སློབ་མ446དང་མཛུབ་སྟོན་དགེ་རྒན19སོ་སོ་མགོ་ལོག་ཁུལ་དར་ལག་རྫོང་དངོས་སྦྱོང་ས་ཁུལ་དུ་སོང་ཞིང་དུས་ཡུན་ཟླ་ངོ5ཡི་སློབ་ཁྲིད་དངོས་སྦྱོང་བྱེད་རྒྱུ་རེད། ཟླ3པའི་ཚེས13ཉིན་གྱི་སྔ་དྲོར་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དངོས་སྦྱོང་དགེ་སློབ་དག་བདེ་འཇགས་ངང་དངོས་སྦྱོང་བྱེད་ཡུལ་དུ་འབྱོར་བ་དང་དངོས་སྦྱོང་སློབ་གསོའི་སྲིད་འཛིན་སྡེ་ཁག་གི་བཀོད་སྒྲིག་གཞིར་བཟུང་ནས་དངོས་སྦྱོང་ལས་གནས་སུ་དངོས་སྦྱོང་བྱ་བར་དངོས་སུ་ཞུགས་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།