སློབ་ཆུང་དང་སློབ་འབྲིང་ནས་ཟླ་རེར་ངེས་པར་དུ་མཁོ་བསྟུན་གནོད་གཡོལ་སྦྱོང་བརྡར་ཐེངས་རེར་སྤེལ་དགོས།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། གནོད་གཡོལ་སྲོག་ཐར་དང་མཁོ་བསྟུན་རོགས་སྐྱོབ་སོགས་ཀྱི་བདེ་འཇགས་སློབ་གསོ་དེ་བྱིས་པ་ནས་མགོ་རྩོམ་དགོས།   རང་ཞིང་གིས《གནོད་འགོག་གནོད་ཉུང་གནོད་སེལ་གྱི་མ་ལག་སྒྲིག་གཞི་སྐུལ་འདེད་གཏོང་བའི་ཐད་ཀྱི་ལག་བསྟར་བསམ་འཆར》ཕྱིར་བཏོན་པའི་ཁྲོད།  གནོད་འགོག་གནོད་ཉུང་གི་བདེ་འཇགས་བྱེད་ཐབས་རྒྱལ་དམངས་སློབ་གསོའི་འཆར་འགོད་ནང་བཞག་སྟེ།  སློབ་ཆུང་དང་སློབ་འབྲིང་ནས་ཟླ་རེར་ངེས་པར་དུ་མཁོ་བསྟུན་གནོད་གཡོལ་སྦྱོང་བརྡར་ཐེངས་རེར་སྤེལ་དགོས་པ་དང་། བྱིས་གཉོར་ཁང་ནས་དུས་ཚིགས་རེར་མཁོ་བསྟུན་གནོད་གཡོལ་སྦྱོང་བརྡར་ཐེངས་རེར་སྤེལ་དགོས་པ་གཏན་འཁེལ་བྱ་རྒྱུ་རེད།

ལོ་འདི་དག་གི་རིང་ལ་རང་ཞིང་གིས་གནོད་འགོག་གནོད་ཉུང་གནོད་སེལ་བྱ་བའི་ལམ་ལུགས་ཉིན་རེར་འཐུས་ཚང་དུ་གཏོང་བ་དང་མང་ཚོགས་ཀྱི་གནོད་འགོག་དང་གནོད་ཉུང་གནོད་སེལ་གྱི་འདུ་ཤེས་རིམ་བཞིན་ཇེ་དྲག་ཏུ་བཏང་སྟེ།  ཕྱོགས་བསྡུས་གནོད་འགོག་དང་གནོད་ཉུང་གནོད་སེལ་ནུས་པ་མུ་མཐུད་དུ་ཇེ་མཐོར་སོང་ཡོད་ནའང་།   རང་བྱུང་གནོད་འཚེ་རིགས་མང་ལ་ཁྱབ་རྒྱ་ཆེ་བ།  གནོད་འཚེ་བྱུང་ཚད་མཐོ་བ་དང་གནོད་སྐྱོན་ཐེབས་ཚད་ཀྱང་དེ་ལྟར་ཆེ་བས་གནོད་འགོག་གནོད་ཉུང་གནོད་སེལ་མ་ལག་སྒྲིག་གཞི་འཐུས་ཚང་དུ་བཏང་སྟེ་ཕྱོགས་བསྡུས་འཆར་འགོད་ནུས་པ་མཐོ་རུ་གཏོང་དགོས།   

《གནོད་འགོག་གནོད་ཉུང་གནོད་སེལ་གྱི་མ་ལག་སྒྲིག་གཞི་སྐུལ་འདེད་གཏོང་བའི་ཐད་ཀྱི་ལག་བསྟར་བསམ་འཆར》ཁྲོད་རང་ཞིང་གིས་སྤྱི་ཚོགས་ཀྱི་སྟོགས་ཤུགས་རྒྱ་ཆེར་གྱིས་ནང་ཞུགས་བྱེད་པར་སྐུལ་སློང་བྱས་ཏེ། གཞིས་སྡོད་རུ་ཁག་དང་དྲག་ཆས་ཉེན་རྟོག་རུ་ཁག དམངས་དམག་འཕྲལ་རྒོལ་རུ་ཁག་གི་ནུས་པ་འདོན་སྤེལ་བྱེད་པ་གཙོར་འཛིན་པ།  གནོད་འཚེ་ཉེན་འགོག་ལམ་ལུགས་འཐུས་ཚང་དུ་བཙུགས་ནས་སྲིད་གཞུང་དང་རུ་ཁག  སྤྱི་ཚོགས་སྟོབས་ཤུགས་དང་ཁྲོམ་རའི་སྒྲིག་གཞིས་མཉམ་དུ་གཞོགས་འདེགས་བྱེད་པའི་བྱ་བའི་རྣམ་པ་གྲུབ་དུ་འཇུག་དགོས།  དེ་དང་མཉམ་དུ་གནོད་འཚེ་ཉེན་ཁ་ཆེ་བའི་སློབ་གྲྭ་དང་སྨན་ཁང་།  སྡོད་དམངས་ཁང་བ།  རྨང་གཞིའི་སྒྲིག་ཆས་ཀྱི་འགོག་སྲུང་གི་ཆུའི་ཚད་དང་གནོད་འགོག་གི་ནུས་པ་མཐོ་རུ་གཏོང་དགོས་ཟེར།  མཁོ་བསྟུན་གནོད་གཡོལ་བྱེད་ས་འཛུགས་སྐྲུན་བྱེད་རྒྱུ་དེ་མཁར་ཤང་འཛུགས་སྐྲུན་གྱི་སྤྱིའི་འཆར་འགོད་ཁྲོད་བཞག་སྟེ། སྤྱི་གླིང་དང་ཐང་ཆེན། སློབ་གྲྭ།  མིས་གནོད་འགོག་བཟོ་སྐྲུན་སོགས་ཀྱི་སྤྱི་བོའི་སྒྲིག་ཆས་བེད་སྤྲོད་གང་ལེགས་བྱེད་པ་དང་འཛུགས་སྐྲུན་བཀོད་སྒྲིག་ལེགས་བསྒྱུར་བྱེད་དགོས།   རྒྱལ་ཁབ་ཀྱི་མཁོ་བསྟུན་གནོད་གཡོལ་བྱེད་སའི་འཛུགས་སྐྲུན་སྲུང་སྐྱོབ་ཚད་གཞི་དང་དོ་དམ་ཚད་གཞི་གཞིར་བཟུང་སྟེ།   ས་བབས་དང་བསྟུན་ནས་ལམ་ལུགས་འཛུགས་སྐྲུན་བྱེད་པ་དང་མཁོ་བསྟུན་གནོད་གཡོལ་བྱེད་ས་བསྒྱུར་བཀོད་དང་མཐོ་རུ་གཏོང་བ།  ཁོ་བསྟུན་གནོད་གཡོལ་བྱེད་སའི་ཁ་གྲངས་ཇེ་མང་དུ་བཏང་སྟེ་གནོད་ཐེབས་མང་ཚོགས་ལ་བདེ་སྡོད་ཞབས་ཞུ་འདོན་སྤྲོད་བྱ་རྒྱུ་རེད།