གུང་གཞོན་ཚོགས་པའི་ན་གཞོན་ལས་ཞུགས་ཞབས་ཞུ་བྱ་འགུལ་ཏེ2018 ལོའི་དཔྱིད་དུས་ལས་བསྡུའི་ཚོགས་འདུ་ཟི་ལིང་དུ་སྤེལ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  ཟླ3པའི་ཚེས24 ཉིན། གུང་གཞོན་ཚོགས་པའི་ཞིང་ཆེན་ཏང་ཨུ་དང་།  ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་གསུམ་གྱིས་གཙོ་གཉེར་བྱས་པའི“ སློབ་གྲྭ་དང་ཁེ་ལས་མཉམ་དུ་ལས་ཞུགས་ཀྱི་ཕུགས་འདུན་བཟོས་ཏེ་ལང་ཚོར་བརྟེན་ནས་དུས་རབས་གསར་པར་བྱས་རྗེས་འཇོག ”  ཅེས་པའི་2018 ལོའི་གུང་གཞོན་ཚོགས་པའི་ན་གཞོན་གྱི་ལས་ཞུགས་ཞབས་ཞུ་བྱ་འགུལ་ཏེ་དཔྱིད་དུས་ཀྱི་ལས་བསྡུ་ཚོགས་འདུ་ཟི་ལིང་གྲོང་ཁྱེར་ཞིན་ཉིན་ཐང་ཆེན་དུ་སྤེལ་པ་རེད། ཐེངས་འདིའི་ལས་བསྡུའི་ཚོགས་འདུས་བསྡོམས་པའི་ཞིང་ཆེན་ཕྱི་ནང་གི་མི་སྤྱོད་ལས་ཁུངས260ཡོད་ལ། ལས་ཞུགས་ལས་གནས7800མཁོ་འདོན་བྱས་ཡོད་པ་དང་།  ཡུལ་དངོས་ལས་བསྡོམས་པའི་ལས་ཀ་འཚོལ་མཁན་མི་ཁྲི2.3ལྷག་ཡོད་ལ།དེའི་ནང་མི7893ཡིས་མི་སྤྱོད་ལས་ཁུངས་བར་ལས་ཞུགས་འདོད་འདུན་གྱི་གྲོས་མཐུན་བཞག་པ་རེད་།

ཐེངས་འདིའི་ལས་བསྡུའི་ཚོགས་འདུར་ཞུགས་པའི་ཁེ་ལས་ནང་གཞུང་ཁོངས་ཁེ་ལས་དང་། ཀྲུང་དབྱང་ཁེ་ལས། དམངས་གཉེར་ཁེ་ལས་དང་བྱ་གཞག་གསར་གཏོད་ཀྱི་ཁེ་ལས་སོགས་རིགས་མང་པོ་ཡོད་ལ། ལས་བསྡུའི་ལས་རིགས་དེ་དངུལ་རྩ་དང་། བཟོ་བ། རིག་གནས།ཡུལ་སྐོར་སྤྲོ་གསེང་། སློབ་གསོ།  IT ། ཞིང་འབྲོག ས་གཞིས་རྒྱུ་ནོར།  སྨན་དང་སྨན་བཅོས།  བཟའ་བཅའ།  སྤྱི་ཚོགས་ཞབས་ཞུའི་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད། མི་སྤྱོད་རིགས་ཀྱི་ཐོག་ནས་བལྟས་ན་དོ་དམ་རིགས་དང་ཆེད་ལས་ལག་རྩལ་རིགས་ཀྱི་ལས་གནས་ཡོད་པ་མ་ཟད། ཕྱོགས་བསྡུས་ཞབས་ཞུ་རིགས་ཀྱི་ལས་གནས་ཀྱང་ཡོད། ལས་ཞུགས་མི་ཚོགས་ཀྱི་ཐོག་ནས་བལྟས་ན་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་ལ་འཚམ་པ་མ་ཟད། ད་དུང་གྲོང་ཁྱེར་ནང་ཡོང་ནས་ལས་གཉེར་མི་སྣ་སོགས་ལས་ཤོར་ཚོགས་སྤྱི་གཞན་དག་གི་ལས་ཞུགས་འདོད་བློའི་ཁྱད་ཆོད་དང་འཚམ་པས།  རྒྱ་ཆེའི་ལས་ཀ་འཚོལ་མཁན་ལ་འདེམས་གསེས་ཀྱི་རང་དབང་ཅུང་ཆེན་པོ་བྱིན་ཡོད།

ལས་བསྡུ་ཚོགས་འདུའི་ཡུལ་དངོས་སྟེང་།གུང་གཞོན་ཚོགས་པའི་ཞིང་ཆེན་ཏང་ཨུ་དང་།མཚོ་སྔོན་གཞོན་ནུའི་ལས་གཏོད་གླིང་།ཞིང་ཆེན་གཞོན་ནུ་ཁེ་ལས་པའི་མཐུན་ཚོགས། ཞིང་ཆེན་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་རིགས་མཐུན་ཚོགས་ཀྱིས་སྲིད་ཇུས་བློ་འདྲི་ཁུལ་བཙུགས་ཡོད་པ་དང་། ན་གཞོན་ལས་གཏོད་ལས་ཞུགས་དང་། ཁ་བཤད་དོན་ལ་གནས་པའི་སྤྱི་ཚོགས་འཛུགས་སྐྲུན། མི་ཤུགས་ཐོན་ཁུངས་ཞབས་ཞུ་སོགས་ཀྱི་འབྲེལ་ཡོད་སྲིད་ཇུས་རྒྱ་ཁྱབ་ཏུ་དྲིལ་བསྒྲགས་བྱས་ཏེ།  དྲིལ་བསྒྲགས་དཔྱད་ཡིག་2000 ལྷག་ཙམ་སྤྲད་ནས་བློ་འདྲི་བྱེད་མཁན 530 ལྷག་སླེབས་ཡོད་པ་རེད་།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ལས་བསྡུའི་ཚོགས་འདུས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་།  རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་བཅས་ཀྱི་དགོངས་དོན་གཏིང་ཟབ་ལག་བསྟར་བྱས་ཏེ།  གུང་གཞོན་ཚོགས་པའི་ན་གཞོན་གྱི་ལས་ཞུགས་ཞབས་ཞུ་བྱེད་སྤྱོད་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། དོན་དངོས་སུ་རྒྱ་ཆེའི་ན་གཞོན་གྱི་ལས་ཞུགས་དང་ཡང་བསྐྱར་ལས་ཞུགས་ལ་རོགས་རམ་ཏན་ཏིག་བྱས་པའི་བྱ་ཐབས་གལ་ཆེན་ཞིག་དང་། 2018ལོར་མཚོ་སྔོན་གྱི་གུང་གཞོན་ཚོགས་པས་ཞིང་ཆེན་ཡོངས་ཀྱི་གཞོན་ནུ་ལོ་ཆུང་ལ་ཕྱོགས་ནས་ཁས་ལེན་བྱས་པའི་དོན་དངོས་བྱ་བ་བཅུ་གྲས་ཀྱི་གཅིག་རེད།

ལོ་ཙཱ་བ། གཡང་སྐྱིད།