རང་ཞིང་གི་ཁོར་ཡུག་ཐད་ཀྱི་ཁྲིམས་འགལ་ཁེ་ལས732ལ་སྲིད་འཛིན་གྱི་ཆད་པ་ཕོག་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།  2017ལོར།  རང་ཞིང་གིས་ཁོར་ཡུག་སྤུས་ཚད་ལེགས་སུ་གཏོང་རྒྱུ་ལྟེ་བར་བཟུང་སྟེ། 《ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས》དང་ཡང་ན་ཆ་སྒྲིག་བྱེད་ཐབས་ལག་བསྟར་ནན་པོ་བྱས་ཏེ། ཁོར་ཡུག་ཁྲིམས་འཛིན་གྱི་ཆེད་དོན་བྱེད་སྤྱོད་སྣ་ཚོགས་རྒྱུན་མཐུད་ངང་སྤེལ།  ལོ་ཧྲིལ་པོར་ཁེ་ལས་དང་རྣམ་གྲངས་སྣ་མང་10912ལ་ཞིབ་བཤེར་བྱས་ཤིང་།  ཁོར་ཡུག་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ཡོད་པའི་ཁེ་ལས732ལ་སྲིད་འཛིན་ནས་ཆད་པ་བཅད་པ་དང་།  ཆད་གཅོད་དངུལ་གྲངས་སྒོར་ཁྲི་5332ལ་སླེབས་པ་རེད།

ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན།  2017ལོར་སྲིད་འཛིན་ཆད་པ་བཅད་པའི་ཁྲིམས་འཁལ་ཁེ་ལས732ཁྲོད་དུ།  ཉིན་རེ་བཞིན་བསྟུད་མར་ཆད་པ་བཅད་པའི་ཁེ་ལས12དང་།   ཁེ་ལས39ལ་སྒོ་ཐེལ་བཀག་ཉར་བྱས་ཤིང་། ཁེ་ལས18ཡི་ཐོན་འབོར་ཚོད་འཛིན་དང་ཐོན་སྐྱེད་བྱེད་མཚམས་བཞག་པ་རེད། ཁྲིམས་འཛིན་ལས་ཁུངས་ལ་རྩིས་སྤྲོད་བྱེད་རྒྱུའི་གྲོས་གཞི27སྤྲད་པ་དང་། མི25སྲིད་འཛིན་གྱི་བཀག་ཉར་བྱས་ཤིང་། དུས་མཚུངས་སུ།  2017ལོར་རང་ཞིང་གིས་སྦགས་བཙོག་འབྱུང་གནས་སུ་དྲ་སྦྲེལ་ལྟ་སྐུལ་ཚོད་འཛིན་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ་དང་། ཞིང་ཆེན་ཡོངས་ཀྱི་ཁེ་ལས་དྲ་ཐོག་ལྟ་སྐུལ་ཚོད་འཛིན་སྒྲིག་ཆས་ལྷུ་སྒྲིག་བྱས་པའི་ནུས་ལྡན་གཞི་གྲངས་97%ཟིན་པ་རེད། ཙོང་ཆུ་འབབ་རྒྱུད་དང་ས་གནས་ཁག་གི་གཏེར་སྙིགས་གསོག་མཛོད་སོགས་སུ་ཆེད་དོན་ཁྲིམས་འཛིན་ཞིབ་བཤེར་བྱས་པ་དང་། ལྟ་སྐུལ་དག་ཐེར་ཡོ་བསྲང་ལ་ཐེངས་མང་པོར་སྐུལ་འདེད་བཏང་བ་མ་ཟད། ལས་ཀའི་བླང་བྱ་ལྟར་བཟོ་ལས་ཀྱི་སྦགས་བཙོག་འབྱུང་ཁུངས་ཕྱོགས་ཡོངས་ནས་འབུད་གཏོང་ཚད་མཐུན་ཡོང་བའི་ལས་དོན་སྤེལ་ཞིང་། ཁག་དང་པོའི་ངར་ལྕགས་དང་ཨར་འདམ་སོགས་ལས་རིགས5དང་ཁེ་ལས47ལ་དག་ཐེར་ཡོ་བསྲང་གི་དཔྱད་དཔོག་ལེགས་འགྲུབ་བྱུང་བ་དང་། ཁག་གཉིས་པ་ད་ལྟ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།

 ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།