རིག་རྩལ་བྱ་འགུལ་གྱིས་ངེས་པར་དུ་མི་དམངས་དཀྱིལ་སྙིང་དུ་བཟུང་ནས་སྣེ་ཁྲིད་བྱེད་དགོས།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། རིག་རྩལ་ནི་དུས་རབས་མདུན་སྐྱོད་བྱེད་པའི་དུང་བརྡ་དང་མི་རིགས་སྙིང་སྟོབས་ཀྱི་དཔལ་འབར། མི་རྣམས་ཀྱི་ནང་སེམས་ཀྱི་གཞིས་ཁྱིམ་ལྟ་བུ་ཡིན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་རྩལ་བྱ་བའི་བཞུགས་མོལ་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་གྱིས་ལོ་རྒྱུས་གསར་པའི་ཆ་རྐྱེན་འོག་གི་སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དེ་དུས་རབས་ཀྱི་འགན་འཁྲི་རུ་བཟུང་ནས་ཇི་ལྟར་འཕེལ་རྒྱས་དང་ཇི་ལྟར་དར་རྒྱས་སུ་གཏོང་རྒྱུའི་ཐད་དྲིས་ལན་གསལ་པོ་ཞིག་བཏབ་པ་མ་ཟད། རིག་རྩལ་གསར་རྩོམ་ཐད་ཀྱི་ཚན་རིག་གི་ཆོས་ཉིད་དེ་ཁུངས་དག་པའི་སྒོ་ནས་རྒྱས་བཤད་གསལ་པོ་བྱས་ཤིང་། རིག་རྩལ་དང་མི་དམངས། རིག་རྩལ་དང་ཁྲོམ་རའི་འབྲེལ་བ་བཅས་ལ་ཡང་དག་པའི་སྒོ་ནས་འགྲེལ་བཤད་གསལ་པོ་བྱས་ཏེ་རིག་རྩལ་བྱ་བར་ཁ་ཕྱོགས་གསལ་པོ་ཞིག་བསྟན་ཡོད།

གསུང་བཤད་དགོངས་དོན་དེ་མཛུབ་སྟོན་དང་སྣེ་ཁྲིད་དུ་བཟུང་ནས་རང་ཞིང་གི་རིག་རྩལ་བྱ་གཞག་དེ་སྤྱོད་བཟང་གཞུང་དྲང་དང་འཕེལ་རྒྱས་ཆེ་བའི་སྐས་རིམ་གསར་པ་ཞིག་ལ་གོམ་པ་སྤོས།

གཏམ་བརྗོད་ཟློས་གར《རྩྭ་ཐང་གི་བུ་རྒོད》དང་བོད་ཀྱི་ཟློས་གར《སྲོང་བཙན་སྒམ་པོ།》 ཞབས་བྲོའི་ཟློས་གར《ཐང་ཀ》 ཉམས་འགྱུར་གླུ་གར《རེབ་གོང་ཡུལ་གྱི་སྟངས་སྟབས》སོགས་ཕུལ་བྱུང་འཁྲབ་གཞུང་དག་བདེ་བླག་ངང་འཁྲབ་སྟོན་བྱས་པ་དེ་ལས། རིག་རྩལ་གསར་རྩོམ་དཔུང་སྡེ་གཞི་རིམ་ས་ཁུལ་དུ་བསྐྱོད་དེ་སྒྱུ་རྩལ་བརྩམས་ཆོས་ཀྱི་རྒྱུ་ཆ་འཚོལ་སྡུད་བྱས་རྟོགས་ཐུབ། ཞིང་ཆེན་ཧྲིལ་པོའི་རིག་རྩལ་བྱ་འགུལ་གྱིས“འཚོ་བར་ཁ་གཏད་པ”དང”མི་དམངས་རྨང་གཞིར་འཛིན་པ”བརྗོད་དོན་ཡིན་པའི་དངོས་ཡོད་བྱ་འགུལ་དེ་གོ་སྐབས་སུ་བཟུང་ནས། ལས་མི་སྐུལ་སློང་སྒོས་ཞིང་ཆེན་ཧྲིལ་པོའི་རིག་རྩལ་བྱ་བ་སྒྲུབ་མཁན་དག་གིས་ས་ཆེན་རྐང་སྟེགས་སུ་འཆོས་ནས་མི་དམངས་ཀྱི་སྐྱིད་སྡུག་མི་བརྗེད་ཅིང་། དམངས་ཁྲོད་ཀྱི་གསར་རྩོམ་མཉམ་མྱོང་ལས་སྒྱུ་རྩལ་གྱི་ཆུ་མགོ་འཚོལ་སྙེག་བྱས་ཏེ། འཚོ་བའི་སྣུམ་གྱིས་སིམ་ཞིང་རེ་བའི་གསོན་སྟོབས་འབུས་པའི་ཕུལ་ཕྱིན་བརྩམས་ཆོས་རབས་དང་རིམ་པ་གསར་རྩོམ་བྱ་དགོས་པའི་བླང་བྱ་བཏོན།

ཞིང་ཆེན་ཧྲིལ་པོའི་རིག་རྩལ་བྱ་བ་སྒྲུབ་མཁན་གྱིས། གཞི་རིམ་ས་ཁུལ་དེ་སྒྱུ་རྩལ་གྱི་གན་འཛོད་ཅིག་ཏུ་བཟུང་ནས་དངོས་ཡོད་ཁྲོད་དུ་སིམ་འཛུལ་བྱེད་པ་དང་རྐང་བཙུགས་ཏེ། སྒྱུ་རྩལ་གསར་རྩོམ་ཐད་ལ་རྨང་གཞི་བརྟན་པོ་ཞིག་འདིང་དགོས། དེ་མིན”གཞི་རིམ་ས་དུ་སྤྲོ་སྣང་སྐྱེལ་བ”དང”དམངས་ཁྲོད་དུ་ཞུགས་པ།” ”རིག་རྩལ་གཞིས་ཁྱིམ་དུ་སྤོ་བ”སོགས་ཀྱི་རིག་རྩལ་དང་བླངས་ཞབས་ཞུའི་བྱ་འགུལ་རབས་དང་རིམ་པ་སྤེལ། རིག་རྩལ་དང་བླངས་མཁན་གྱིས་ཁེ་ལས་དང་ཞིང་སྡེ། སློབ་གྲྭ། དམག་སྒར་བཅས་སུ་རིག་རྩལ་འཁྲབ་སྟོན་རྩ་འཛུགས་བྱས་ཤིང་། སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བའི་སྲོག་ཤིང་དར་སྤེལ་བཏང་ཞིང་ཧུར་ཐག་སྒོས་བྱེད་ནུས་ངེས་ཅན་བརྒྱུད་སྒྲོག་བྱས། ཟི་ལིང་གྲོང་ཁྱེར་རྒྱལ་ཡོངས་ཀྱི་དཔལ་ཡོན་གྲོང་ཁྱེར་དུ་གསར་འཛུགས་བྱེད་པའི་སྐབས་རིག་གནས་དང་བླངས་པ་སྟོང་ཕྲག་ལྷག་རྩ་འཛུགས་བྱས་ཏེ་གཞི་རིམ་གཞིས་ཁུལ་དང་ཞིང་སྡེ། གཏེར་ཁུངས་བཟོ་གྲྭ། དམག་སྒར། སློབ་གྲྭ་སོགས་སུ་སོང་སྟེ། འཁྲབ་སྟོན་བྱས་པ་བརྒྱུད་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་དྲིལ་སྒྲོག་གིས་ཁྱིམ་སྲོལ་དང་ཁྱིམ་གྱི་སློབ་གསོ་སོགས་རིག་རྩལ་འཁྲབ་སྟོན་གྱི་བརྗོད་བྱར་བཟུང་སྟེ་གཞི་རིམ་གྱི་རིག་རྩལ་སྟེགས་བུར་གསོན་ཤུགས་བསྣན་པ་དང་མང་ཚོགས་ཀྱི་བསམ་པའི་འཚོ་བ་ཕུན་སུམ་ཚོགས་པར་བཏང་། རིག་རྩལ་དྲིལ་སྒྲོག་འཁྲབ་སྟོན་བྱ་འགུལ་བཅས་ཟླ་ངོ་གསུམ་གྱི་རིང་ལ་ཐེངས2541ལ་འཁྲབ་སྟོན་བྱས་ཤིང་མང་ཚོགས་ཁྲི200ལྷག་གིས་ལྟད་མོར་བལྟས།

རིག་རྩལ་གླིང་དང་རིག་རྩལ་དཔུང་སྡེས་རང་སྟེང་གི་ཐོན་ཁུངས་ལེགས་ཆ་བེད་སྤྱད་ནས་གཞི་རིམ་རིག་གནས་ལས་ཁུངས་དག་ལ་ལས་དོན་གསབ་སྦྱོང་མཁོ་སྤྲོད་གནང་བ་དང”ངའི་མིག་ལམ་གྱི་མཚོ་སྔོན”ཞེས་པའི་ཞིང་བ་དག་གིས་འཆད་ཁྲིད་སྟེགས་བུ་རུ་གཏམ་བཤད་དང”མཛེས་རྩལ་ཁྱིམ་ཚང་ཁྲི་ལ་སྐྱེལ་བ”། ”ཟློས་གར་སློབ་གྲྭ་རུ་བསྐྱོད་པ”། ན་གཞོན་དར་མའི་རིག་རྩལ་རིན་མེད་གསབ་སྦྱོང་འཛིན་གྲྭ་སོགས་བསྡུས་པ་རེད། དེ་མིན་རུ་དཔུང་མི་འདྲ་བ160རྩ་འཛུགས་བྱས་ཏེ་གློག་བརྙན་མང་པོ་གཞི་རིམ་དུ་སྟོན་པའི་བྱ་འགུལ་ཡང་སྤེལ་ནས་ཞིང་ཆེན་ཧྲིལ་པོའི་རོང་འབྲོག་མང་ཚོགས་དག་ལ་དུས་རབས་ཀྱི་འགྱུར་ཁུགས་གཙོ་བོ་དང་རྒྱལ་གཅེས་རིང་ལུགས་ཀྱི་གློག་བརྙན་ཁྲི4ལྷག་བསྟན་པ་དང་མང་ཚོགས་ཁྲི320ལྷག་གིས་ལྟད་མོར་བལྟས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་པ་ལ་དགའ་བསུ་བྱེད་ཆེད་ཞིང་ཆེན་རིག་གནས་ཁང་སྐར་ཚོམས་ཟློས་གར་འཁྲབ་སྟོན་ཁང་གིས་ཞིན་ཉེན་ཐང་ཆེན་དང་དབུས་ཐང་ཆེན་སོགས་སུ་སྔ་གཞུག་ཏུ་རིག་རྩལ་འཁྲབ་སྟོན་གྱི་ཆེད་ལས་རང་བཞིན་ལྡན་པའི་ཟློས་གར་མི་འདྲ་བ10དང་དམངས་ཁྲོད་རིག་རྩལ་རུ་དཔུང་གི་འཁྲབ་སྟོན12 ། མང་ཚོགས་ཀྱི་རིག་རྩལ་ཕུལ་བྱུང10བཅས་འཁྲབ་སྟོན་བྱེད་པའི་བྱ་འགུལ་སྤེལ་བ་དང་འཁྲབ་སྟོན་མི་སྣ1000དང་མང་ཚོགས་ཁྲི8ལྷག་བྱ་འགུལ་དེའི་ཁྲོད་དུ་ཟབ་ཞུགས་བྱས་ཡོད།

རིག་རྩལ་གྱིས་དུས་རབས་ཤིག་གི་རྣམ་པ་མཚོན་ཡོད་པས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཀྲུང་གོའི་ཕུགས་འདུན་གྱི་ལོ་རྒྱུས་ཁྲོད། རིག་རྩལ་བྱ་བ་སྒྲུབ་མཁན་དག་གི་ཕྲག་སྟེང་དུ་ཀྲུང་གོའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་ཀྲུང་གོའི་སྟོབས་ཤུགས་གཅིག་བསྡུས་གྱི་ལས་འགན་དང་འགན་འཁྲི་ཡོད། རྒྱ་ཆེའི་རིག་རྩལ་འཁྲབ་སྟོན་མཁན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་རྩལ་བྱ་བའི་བཞུགས་མོལ་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་ལག་ལེན་མཐར་ཕྱིན་གྱིས་དུས་ནམ་ཡང་མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་ཀྱིས་གསར་རྩོམ་ལ་མཛུབ་སྟོན་བྱེད་པ་དང་འཚོ་བར་ཟུང་འབྲེལ་དམ་པོ་བྱེད་པ་དང་སྤྱི་ཚོགས་ལ་ཟུང་འབྲེལ་དམ་པོ་བྱེད་པ། དུས་རབས་ལ་ཟུང་འབྲེལ་དམ་པོ་བྱེད་པ་བཅས་ཀྱིས་གསར་རྩོམ་ཐོན་སྐྱེད་ཐད་རླབས་ཆེ་བའི་མི་རིགས་འདིར་དུས་རབས་དང་མཐུན་པའི་རླབས་ཆེ་བའི་ཕུལ་བྱུང་བརྩམས་ཆོས་འབྱུང་བར་ངོ་གནོང་མི་དགོས་ཤིང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དག་དཔའ་སྤོབས་ཆེན་པོའི་ངང་མ་འོངས་པར་ཁ་ཕྱོགས་ལ་ཡང་སྐུལ་འདེད་བྱས་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།