2018ལོར་ལག་བསྟར་བྱ་རྒྱུའི་དམངས་ཚིས་བཟོ་སྐྲུན་རྣམ་གྲངས་བརྒྱད།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།  ཟླ3པའི་ཚེས27ཉིན།   གསར་འགོད་པས་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་བསྡུས་པའི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱས་པ་ལྟར་ན།   2018ལོར་རང་ཞིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྟེང་བཏོན་པའི“བྱིས་ལ་གཉོར་སྐྱོང་ཡོད་པ། སློབ་ལ་འཁྲིད་བྱ་ཡོད་པ། རྩོལ་ལ་ཐོབ་ཆ་ཡོད་པ།། ནད་ལ་གསོ་བཅོས་ཡོད་པ། རྒན་ལ་བྱམས་སྐྱོང་ཡོད་པ། སྡོད་ལ་གཞིས་ཁང་ཡོད་པ། གཉོམ་ལ་རོགས་སྐྱོར་ཡོད་པ”དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཅས་བསྡོམས་པས་ཕྱོགས་བརྒྱད་གཙོར་བཟུང་སྟེ། དམངས་ཚིས་དོན་དངོས་བཟོ་སྐྲུན་ཁག་ཅིག་ལག་བསྟར་བྱས་ནས་མང་ཚོགས་ཀྱི་སྐྱིད་ཐབས་བདེ་ཐབས་ལ་བརྩོན་རྒྱུ་རེད།  

བྱིས་གཉོར་སློབ་གསོའི་བཟོ་སྐྲུན་ཐད་ནས།     བྱིས་གཉོར་ཁང72གསར་སྐྲུན་དང་གཞི་རྒྱ་ཇེ་ཆེར་གཏང་རྒྱུ། བྱིས་གཉོར་དགེ་རྒན་དང་བྱིས་གཉོར་ལྟ་སྐྱོང་མཁན་ཁྲི་གཅིག་ལ་ཁ་གསབ་སྟེར་རྒྱུ།

སློབ་གསོའི་རྨང་གཞི་ཇེ་ལེགས་སུ་གཏོང་བའི་ཐད་ནས།   འོས་འགན་སློབ་གསོ་ཞན་པའི་སློབ་གྲྭ80དང་མཐོ་འབྲིང་སློབ་གྲྭ3གསར་སྐྲུན་དང་རྒྱ་བསྐྱེད། མཐོ་འབྲིང་སློབ་གྲྭ12ལ་སློབ་ཁྲིད་སྒྲིག་ཆས་བཀོད་སྒྲིགྒྱ། ལས་རིགས་སློབ་གྲྭ20ལ་ཁྱད་ཆོས་ལྡན་པའི་སྤུས་ལེགས་ཆེད་ལས་གསར་འཛུགས་བྱེད་པར་རོགས་འདེགས་བཅས་བྱ་རྒྱུ།

ལས་ཞུགས་ཡོང་འབབ་འཕར་བའི་བཟོ་སྐྲུན་ཐད་ནས།    རྩྭ་སའི་སྐྱེ་ཁམས་ཁ་གསབ་དང་རང་བྱུང་ནགས་ཚལ་སྲུང་སྐྱོབ།  རྨོ་སྐྱུར་ནགས་འཛུགས་བཟོ་སྐྲུན།    ནགས་ཚལ་སྐྱེ་ཁམས་ཕན་འབྲས་ཁ་གསབ་དང་ས་ཞིང་སྲུང་སྐྱོབ་ཁ་གསབ་སོགས་ཀྱི་སྲིད་ཇུས་མུ་མཐུད་དུ་དོན་འཁྱོལ་བྱ་རྒྱུ།   དབུལ་ཕོངས་མི་གྲངས་ཁྲི5.59སྐྱེ་ཁམས་སྤྱི་ཕན་དོ་དམ་སྲུང་སྐྱོབ་ཀྱི་ལས་གནས་སུ་བཞག་ནས་མི་རེའི་ཆ་སྙོམས་ཀྱི་ཡོང་འབབ་སྒོར་ཁྲི2ཡན་ལ་སླེབས་པར་འགན་ལེན་བྱ་རྒྱུ།     རིགས་སོ་སོའི་ལས་འཁྱུར་ངལ་གསོ་བྱས་པའི་མི་དང་མཁར་ཤང་སྡོད་དམངས་ཀྱི་རྒན་གསོའི་དངུལ།  ལས་དོན་ལས་ཁུངས་ཀྱི་ལས་བཟོ་བའི་ཡོང་འབབ་ཚད་གཞིར་ལེགས་སྒྲིག་བྱས་ཏེ་མཐོ་རུ་གཏང་རྒྱུ།     ལས་དོན་ལས་ཁུངས་ཀྱིས་ལས་བཟོ་བ་གསར་བ5000བསྡུ་རྒྱུ།    མཁར་ཤང་གི་མི་ཁྲི8ལ་ངལ་རྩོལ་གྱི་འཇོན་ཐང་གསོ་སྦྱོང་ལེགས་འགྲུབ་བྱས་ཏེ་མཁར་གྲོང་ལ་ལས་ཞུགས་མི་སྣ་ཁྲི6གསར་སྣོན་བྱ་རྒྱུ།    རོང་འབྲོག་ས་ཁུལ་གྱི་ངལ་རྩོལ་པ་ཁྲི105ལས་ཞུགས་བརྗེ་སྤོ་བྱ་རྒྱུ།

དམངས་ཡོངས་ཀྱི་བདེ་ཐང་བཟོ་སྐྲུན་ཐད་ནས།    མཁར་ཤང་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་གི་དངུལ་བསྡུའི་ཚད་གཞི་དང་གཞི་རྩའི་སྤྱི་གཞུང་འཕྲོད་བསྟེན་ཞབས་ཞུའི་ཁ་གསབ་ཀྱི་ཚད་གཞི་མུ་མཐུད་དུ་ལེགས་སྒྲིག་བྱས་ཏེ་མཐོ་རུ་གཏང་རྒྱུ།      ཁྱིམ་ཚང་གི་སྨན་པའི་གན་རྒྱ་འཇོག་པའི་ཞབས་ཞུ་ཁྱོན་ཡོངས་ནས་སྐུལ་འདེད་བྱས་ཏེ།  མང་ཚོགས་ཀྱིས་གན་རྒྱ་འཇོག་པའི་ཚད85%ལ་སླེབས་རྒྱུ།   རོང་འབྲོག་ས་ཁུལ་གྱི་ཐུམ་འབུའི་ནད་བརྟག་དཔྱད་ཀྱི་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱ་རྒྱུ།     ཤང་གྲོང་དང་སྡེ་བ།  གཞིས་ཁུལ།  སྨན་ཁང1000གི་ལུས་ཕུང་སྦྱོང་བརྡར་བྱེད་སྤྱད་ཀྱི་རྒྱུ་ཆ་གསར་པ་ཁ་སྣོན་དང་བཀོད་སྒྲིག་བྱ་རྒྱུ།  

རྒན་གསོའི་བཟོ་སྐྲུན་ཐད་ནས།    ད་ཡོད་ཀྱི་རྒན་གསོ་སྒྲིག་ཆས་ཞབས་ཞུའི་ནུས་པ་ལེགས་བཅོས་བྱས་ཏེ་མཁར་ཤང་གི་རྒན་པ་ཁྲི8ལ་རྒན་གསོ་ཞབས་ཞུ་མཁོ་འདོན་དང་རྒན་གསོ་ལྟེ་གནས15 སྡེ་བའི་རྒན་པའི་ཁྱིམ་ཚང50ཁང་པ་གསར་སྐྲུན་དང་གཞི་རྒྱ་ཆེ་རུ་གཏང་རྒྱུ།   ཟི་ལིང་གྲོང་ཁྱེར་གྱི་སྡོད་ཁང་དང་སྡོད་ཁུལ་རྒན་གསོ་ཞབས་ཞུའི་རྒྱལ་ཁབ་རིམ་པའི་ཚོད་ལྟའི་ས་ཁུལ་གསར་སྐྲུན་བྱ་རྒྱུ།

མང་ཚོགས་ཀྱི་གཞིས་སྡོད་བཟོ་སྐྲུན་ཐད་ནས།    མཁར་གྲོང་གི་སྡོད་ཁང་ཐབས་ཆག་ཁྲི3.05ལ་ལེགས་བཅོས་དང་མཁར་གྲོང་གི་སྡོད་ཁུལ་རྙིང་པ་ཁྲི2ཀྱི་ཕྱོགས་བསྡུས་བཅོས་སྐྱོང་རྣམ་གྲངས་ལག་བསྟར་བྱ་རྒྱུ།    རོང་འབྲོག་པའི་ཁང་རྙིང་དང་ཉེན་ཁ་ཆེ་བའི་ཁང་པ་ཁྲི6གི་བསྒྱུར་བཀོད་རྣམ་གྲངས་ལག་བསྟར་བྱ་རྒྱུ།

དབུལ་སྐྱོར་བཟོ་སྐྲུན་ཐད་ནས།    དབུལ་ཐར་རྫོང12དང་སྡེ་བ500། མི་ཁྲི15དབུལ་ཐར་མངོན་འགྱུར་བྱ་རྒྱུ།   མཁར་ཤང་གི་ཆེས་དམའ་བའི་འཚོ་བའི་འགན་སྲུང་ཚད་གཞི་དང་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་འགན་སྲུང་ཁ་གསབ་ཚད་གཞི་ལེགས་སྒྲིག་བྱས་ཏེ་མཐོ་རུ་གཏང་རྒྱུ།      ཞིང་སྡེའི་བུད་མེད་ཁྲི18.7གྱི་འབྲས་སྐྲན་ནད་རིགས་གཉིས་ཀྱི་བརྟག་དཔྱད་ལེགས་འགྲུབ་བྱས་ཏེ།   མཁར་ཤང་གི་སྐྲན་ནད་ཧ་ཅང་ལྕི་བའི་ནད་པ300ལ་རོགས་སྐྱོར་བྱ་རྒྱུ།    སྐྱེས་མ་ཐག་ནས་ལོ6བར་གྱི་དབང་བོ་སྐྱོན་ཅན་གྱི་བྱིས་པ520ལ་རིན་མེད་ཀྱིས་བདེ་ཐང་ཞབས་ཞུ་ལག་བསྟར་བྱ་རྒྱུ།      ཞིང་སྡེའི་དབུལ་ཕོངས་དབང་བོ་སྐྱོན་ཅན2300ལ་ཕན་ནུས་ལྡན་པའི་ལག་རྩལ་གསོ་སྦྱོང་བྱ་རྒྱུ།  

  མཛེས་པའི་ཁྱིམ་གཞི་བཟོ་སྐྲུན་ཐད་ནས།     མཛེས་པའི་མཁར་གྲོང16དང་ཞིང་སྡེ500ཡི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་རྣམ་གྲངས་ལག་བསྟར་བྱ་རྒྱུ།     མཐོ་སྒང་གི་མཛེས་པའི་ཤང་སྡེ300འཛུགས་སྐྲུན་རྣམ་གྲངས་ལེགས་འགྲུབ་བྱ་རྒྱུ།    ཟི་ལིང་དང་མཚོ་ཤར་གྱི་ལྷོ་རི་དང་བྱང་རིའི་ནགས་སྐྲུན་ས་མུའུ1000དང་ཚའོ་ཅཱ་པའོ་གནམ་གྲུ་ཐང་གི་ཉེ་འཁོར་གྱི་ནགས་སྐྲུན་ས་མུའུ་ཁྲི3.3ལེགས་འགྲུབ་བྱ་རྒྱུ།    གསང་སྤྱོད་ཁང་ལེགས་བཅོས་བྱེད་པའི་ལོ་གསུམ་གྱི་ལས་འགུལ་འཆར་འགོད་ལག་བསྟར་འགོ་རྩོམ་རྒྱུ།    ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ལྗོངས་ཁུལ་གཙོ་བོ་ནས་ཚད་གཞི་མཐོ་བའི་ཡུལ་སྐོར་གསང་སྤྱོད་ཁང148གསར་སྐྲུན་དང་བསྒྱུར་བཀོད་བྱ་རྒྱུ།    གཞི་རིམ་གྱི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུའི་ལྟེ་གནས540འཛུགས་སྐྲུན་ལེགས་འགྲུབ་བྱ་རྒྱུ།    ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་གཙོ་བོའི་མཁའ་དབུགས་ཀྱི་སྤུས་ཚད་བཟང་བའི་ཉིན་གྲངས་ཀྱི་བསྡུར་ཚད78%ཡན་ལ་སླེབས་རྒྱུ།

ལོ་ཙཱ་བ། ལྷ་ཆེན་རྒྱལ།