མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིང་གིས་གཞི་རིམ་གྱི་ཁྲིམས་ལུགས་ཞབས་ཞུ་པ་བསྡུ་བའི་རྒྱུགས་ལེན་སྤྱི་བསྒྲགས།

རང་ཞིང་གི་གཞི་རིམ་གྱི་ཁྲིམས་འབྲེལ་ཞབས་ཞུ་དཔུང་སྡེ་འཛུགས་སྐྱོང་ལ་ཤུགས་བསྣན་དང་། གཞི་རིམ་ཁྲིམས་ལུགས་ཞབས་ཞུའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱ་ཆེད།   ཞིང་ཆེན་ཁྲིམས་འཛིན་ཐིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁྲིམས་འཛིན་པུའུ་ཡི《 གཞི་རིམ་གྱི་ཁྲིམས་ལུགས་ཞབས་ཞུའི་ལས་ཀ་བྱེད་མཁན་གྱི་དོ་དམ་བྱ་ཐབས》སྟེ། (བཀའ་རྒྱ་ཨང138)ཀྱི་གཏན་འབེབས་གཞིར་བཟུང་བའི་ཐོག  རང་ཞིང་གི་དངོས་ཡོད་གནས་ཚུལ་ལ་སྦྱར་ནས། སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ཏེ་གཞི་རིམ་ཁྲིམས་ལུགས་་ཞབས་ཞུ་བ་སྐོར་ཞིག་བསྡུ་རྒྱུ་ཐག་བཅད་ཅིང་།  འབྲེལ་ཡོད་གནས་ཚུལ་གཤམ་གསལ།

དང་པོ། མིང་ཐོ་འགོད་མཁན་ལ་ཆ་རྐྱེན་འདི་དག་ཚང་དགོས།

༡ ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བརྩི་སྲུང་བྱེད་པ།

༢ མཐོ་རིམ་སློབ་ཆེན་གྱི་ཁྲིམས་ལུགས་ཆེད་ལས་དང་ཆེད་ཚན་ཡན་གྱི་མཐར་ཕྱིན་སློབ་མའམ་ཡང་ན་བཅའ་ཁྲིམས་ཀྱི་ཆེད་ལས་དངོས་གཞི་སློབ་མ་མིན་ཡང་བཅའ་ཁྲིམས་ཀྱི་ཆེད་ལས་ཤེས་བྱའི་རྨང་གཞི་ཡོད་པ།  

༣  ཀུན་སྤྱོད་བཟང་བ།

༤ གཞི་རིམ་ཁྲིམས་ལུགས་ཞབས་ཞུ་ཆེད་གཉེར་བ་བྱེད་ཐུབ་པ།

༥  ལུས་ཁམས་བདེ་ཐང་ཡིན་པ།

གོང་གསལ་གྱི་ཆ་རྐྱེན་འདི་དག་ཚང་བའི་སློབ་གསོ་དང་ཚན་ཞིབ་སྡེ་ཚན་དུ་ལས་ཀ་གཉེར་མཁན་དང་། དམངས་གཉེར་ཁེ་ལས་སུ་ལས་ཀ་གཉེར་མཁན། ཡང་ན་ཞིང་ལས་གཉེར་མཁན་དག་གིས། ཡིད་ཚད་བཏང་བ་བརྒྱུད།གཞི་རིམ་ཁྲིམས་ལུགས་སའོ་ཡི་གདན་ཞུ་ལྟར་གཞི་རིམ་གྱི་ཁྲིམས་ལུགས་ཞབས་ཞུའི་འགན་གཅིག་ལྕོགས་སུ་འཁུར་ཆོག འོན་ཀྱང་སློབ་གསོ་དང་ཚན་རིག་ཞིབ་འཇུག་སྡེ་ཁག་ཁྲོད་ཀྱི་འདི་ལྟའི་ཞོར་ལས་འཁུར་མི་ཆོག་པ་དག་འདིའི་ནང་དུ་མི་འདུ།
      གཉིས་པ། མིང་ཐོ་འགོད་སྟངས།

མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་སྲིད་འཛིན་གྱི་དྲ་ཚིགས་ནས་མིང་བཀོད་རེའུ་མིག་ཕབ་ལེན་བྱས་ཏེ།བདག་འདོམས་བྱེད་ཁོངས་ཀྱི་རྩ་དོན་ལྟར། སྤྱི་ཟླ5 པའི་ཚེས30 ཉིན་བར་ལ་གྲོང་ཁྱེར( ཁུལ) གྱི་ཁྲིམས་འཛིན་ཅུས་ཁག་ཏུ་བསྐྱོད་དེ་མིང་ཐོ་འགོད་དགོས་པ་ཡིན།  གྲོང་ཁྱེར( ཁུལ)སོ་སོའི་ཁྲིམས་འཛིན་ཅུས་ཀྱིས་སྤྱི་ཟླ6 པའི་ཚེས10 ཉིན་གྱི་སྔོན་ལ་གནས་ཚུལ་ཕྱོགས་བསྡུས་བྱས་ནས་སློབ་མའི་མིང་འགོད་དེབ་གཞུང་བཟོས་ཐོག  ཞིབ་བཤེར་དང་མཉམ་དུ་མིང་བཀོད་རེའུ་མིག( གཅིག་རེ) ཞིང་ཆེན་ཁྲིམས་འཛིན་ཐིང་གི་ཁྲིམས་རོགས་པའི་བདེན་དཔང་དོ་དམ་ཁྲུའུ་ལ་སྤྲོད་དགོས།

རྒྱུགས་སྤྲོད་སློབ་མས་མིང་ཐོ་འགོད་སྐབས།  ཉེ་བའི་དུས་སུ་བསྐྱོན་པའི་ཚོན་གཉིས་ཅན་གྱི་འདྲ་པར2རེ( མིང་བཀོད་རེའུ་མིག་དང་རྒྱུགས་སྤྲོད་ཁྲོལ་ཡིག) དང་། མཐར་ཕྱིན་འཛིན་ཡིག་དང་ཐོབ་ཐང་ལག་ཁྱེར་དང་དེའི་བསྐྱར་དཔར་རེ་འདོན་སྤྲོད་བྱ་དགོས།  

གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ལྡན་པའི་མི་སྣས་རྒྱུགས་ལེན་མིང་ཐོ་འགོད་མི་ཆོག

གཅིག རྐང་བཙུགས་ནས་ཁྲིམས་འགལ་གྱི་ལས་ཀ་ལས་ཏེ་ཉེས་ཆད་ཕོག་མྱོང་མཁན།

གཉིས། གཞུང་གི་ལས་ཀ་ལས་ཕྱིར་ཕུད་བྱས་མྱོང་མཁན།

གསུམ། དམངས་དོན་གྱི་འགན་མི་ཐེག་པའམ་ཡང་ན་དམངས་དོན་གྱི་འགན་ཆ་ཚང་འཁུར་མི་ནུས་མཁན།

བཞི།  ཁྲིམས་འགལ་སྒྲིག་འགལ་གྱི་བྱ་བ་ཚབས་ཆེན་བཟོས་པས་གཞི་རིམ་ཁྲིམས་ལུགས་ཞབས་ཞུ་ཁང་གིས་གདན་ཞུའི་གན་རྒྱའམ་ཡང་ན་ངལ་རྩོལ་གྱི་གན་རྒྱ་ཕྱིར་འཐེན་བྱས་མྱོང་མཁན།

ལྔ། ཁྲིམས་རོགས་པའི་ལས་གཉེར་ལག་ཁྱེར་ཕྱིར་བསྡུས་སོང་བའམ། ཡང་ན་ཕྱིར་བསྡུས་སོང་བའི་ལག་འཁྱེར་སླར་སློག་པའི་དུས་ཚོད་ལ་ཐོན་མེད་མཁན།

གསུམ་པ། ཡིག་ཚད་ཀྱི་ནང་དོན།

ཁྲིམས་ལུགས་རིག་པའི་རྨང་གཞིའི་ཤེས་བྱ། དམངས་ཁྲོད་ཁ་མཆུ།  དཔལ་འབྱོར་དང་སྲིད་འཛིན་བཅའ་ཁྲིམས་ཤེས་བྱ། དམངས་ཁྲོད་ཁ་མཆུ་དང་སྲིད་འཛིན་གཏུག་བཤེར་གྱི་ཁྲིམས་ལུགས་ཤེས་བྱ། གཞི་རིམ་གྱི་ཁྲིམས་ལུགས་ཞབས་ཞུའི་ལམ་ལུགས་དང་དེའི་ལག་ལེན་ཤེས་བྱ། ཡིག་ཚད་གཏོང་སྟངས་ནི། ཁྲིམས་ལུགས་ཀྱི་རྨང་གཞིའི་ཤེས་བྱ་དང་ལག་ལེན་གཉིས་ཟུང་འབྲེལ་བྱ་རྒྱུ་དང་། དེ་ལས་སྔ་མ་གཙོ་བོར་འཛིན་དགོས་ཡོད།  རྒྱུགས་ངོས་ཀྱི་དྲི་གཞི་ལ་གཙོ་བརོ་བརྡར་ཤ་གཅད་རྒྱུ། གདམ་གསེས་བྱ་རྒྱུ། དྲི་བར་ལན་འདེབས་པ་དང་ཁ་མཆུ་སོགས་ཡོད།

རྒྱུགས་ལེན་པའི་དུས་ཚོད་ནི2018ལོའི་ཟླ11པའི་ཚེས10ཉིན་གྱི་ཆུ་ཚོད 830——1130བར་དང་། ཕྱིི་དྲོའི་ཆུ་ཚོད1430——1730བར་ཡིན། ས་གནས་ནི་རྒྱུགས་ལེན་ཁྲོལ་ཡིག་དུ་གསལ།

 བཞི་བ། སྐར་གྲངས་སྤྱི་བསྒྲགས།

ཡིག་ཚད་བཏང་བའི་སློབ་མས་མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་སྲིད་འཛིན་དྲ་ཚིགས་སམ་གྲོང་ཁྱེར( ཁུལ)ཁག་གི་ཁྲིམས་འཛིན་ཅུས་ལ་ཁ་པར་བཏང་ནས་འདྲི་རྩད་བྱ་ཆོག

ལྔ་པ། ལས་གཉེར་ཆོག་འཐུས་དང་ཕོགས་ཐོབ་སྐོར།

ཡིག་རྒྱུགས་དང་། ཁ་རྒྱུགས། ཆབ་སྲིད་ཞིབ་བཤེར་བཅས་རིམ་པ་གསུམ་པོ་བརྒྱུད་རྗེས།  གྲོང་ཁྱེར( ཁུལ) སོ་སོའི་ཁྲིམས་འཛིན་ཅུས་ཀྱིས《 གཞི་རིམ་གྱི་ཁྲིམས་ལུགས་ཞབས་ཞུའི་ལས་ཀ་བྱེད་མཁན་གྱི་ལས་གཉེར་ཆོག་འཐུས་དོ་དམ་བྱ་ཐབས》 ཀྱི་འབྲེལ་ཡོད་ལས་གཉེར་ཆོག་འཐུས་ཀྱི་གཏན་འབེབས་ལྟར་དུ《 གཞི་རིམ་གྱི་ཁྲིམས་ལུགས་ཞབས་ཞུ་ལས་གཉེར་བྱས་འཐུས་ཀྱི་ལག་ཁྱེར》 སྤྲད་རྒྱུ་དང་། དེ་ནས་དངོས་སྦྱོང་གི་དུས་ཚད་ལོངས་རྗེས། གཞི་རིམ་ཁྲིམས་ལུགས་ཞབས་ཞུ་ཁང་གིས་གདན་ཞུའི་གན་རྒྱ་འཇོག་དགོས་ལ། གན་རྒྱ་བཞག་རྗེས་གན་རྒྱའི་ནང་དོན་ལྟར་འགན་འཁྲི་ལག་ཏུ་བསྟར་དགོས་པ་དང་། དེ་བཞིན་ངལ་རྩོལ་གླ་ཡོན་ལེན་པ་དང་། ཉེན་འགོག་འགན་ལེན་དང་ཕན་བདེའི་ལྟ་སྐྱོང་གི་ཕོགས་ཐོབ་ཡང་དུས་ལྟར་སྟེར་རྒྱུ་རེད།  

གཞན་དག

ཞིང་ཆེན་ཁྲིམས་འཛིན་ཐིང་གིས་ཡིག་རྒྱུགས་གོང་གི་གསོ་སྦྱོང་འཛིན་གྲྭ་དང་། ལས་ཁུངས་གང་རུང་ལ་མངགས་བཅོལ་གྱིས་རྒྱུགས་སྤྲོད་གསོ་སྦྱོང་ཟུར་ཁྲིད་སོགས་སྤེལ་རྒྱུ་མིན། སྤྱི་བསྒྲགས་འདི་མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་སྲིད་འཛིན་སོགས་སྨྱན་སྦྱོར་དྲ་ཚིགས་སོགས་སུ་དུས་གཅིག་ཏུ་འགྲེམས་སྤེལ་བྱས་པ་ཡིན་པས། འབྲེལ་ཡོད་རྒྱུགས་ལེན་གྱི་སྲིད་ཇུས་ཐད་ནས་གནས་ཚུལ་འདྲི་རྒྱུ་ཡོད་ན་ཞིང་ཆེན་དང་གྲོང་ཁྱེར( ཁུལ) སོ་སོའི་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ལ་བློ་འདྲི་བྱས་ཆོག  

བློ་འདྲི་བྱེད་སའི་ཁ་པར་ཨང་གྲངས།

མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིང་གི་ཁ་པར་ཨང་གྲངས་ནི (0971)8238237、8247992ཡིན།

ཟི་ལིང་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱི་ཁ་པར་ཨང་གྲངས་ནི (0971)6142518ཡིན།

མཚོ་ཤར་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱི་ཁ་པར་ཨང་གྲངས་ནི(0972)8619482ཡིན།

མཚོ་ནུབ་ཁུལ་ཁྲིམས་འཛིན་ཅུས་ཀྱི་ཁ་པར་ཨང་གྲངས་ནི(0977)8211150ཡིན།

མཚོ་ལྷོ་ཁུལ་ཁྲིམས་འཛིན་ཅུས་ཀྱི་ཁ་པར་ཨང་གྲངས་ནི (0974)8512837ཡིན། 
        མཚོ་བྱང་ཁུལ་ཁྲིམས་འཛིན་ཅུས་ཀྱི་ཁ་པར་ཨང་གྲངས་ནི (0970)8644957ཡིན།

རྨ་ལྷོ་ཁུལ་ཁྲིམས་འཛིན་ཅུས་ཀྱི་ཁ་པར་ཨང་གྲངས་ནི(0973)8725565ཡིན།

མགོ་ལོག་ཁུལ་ཁྲིམས་འཛིན་ཅུས་ཀྱི་ཁ་པར་ཨང་གྲངས་ནི(0975)8382694ཡིན།

ཡུལ་ཤུལ་ཁུལ་ཁྲིམས་འཛིན་ཅུས་ཀྱི་ཁ་པར་ཨང་གྲངས་ནི(0976)8810271ཡིན།

ལོ་ཙཱ་བ། ཁོན་ཐར་འཚོ།