ཞིང་ཆེན་ཞིང་ཕྱུགས་ཐིན་གྱིས་ལས་སྒོ་ཆེན་མོ་བརྒྱད་ལག་བསྟར་གྱིས་ཞིང་ལས་དར་རྒྱས་ཀྱི་སྤུས་ཚད་ལ་ཁྱོན་ཡོངས་ནས་སྐུལ་འདེད་བྱ་རྒྱུ་ཡིན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཞིང་ལས་པུའུ་ཡིས2018ལོའི་ཞིང་ལས་རྒྱུ་སྤུས་བྱ་བའི་བརྡ་སྦྱོར་དང་འབྲེལ་བའི་སྐོར་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། རང་ཞིང་གི2018ལོའི་ཞིང་ལས་རྒྱུ་སྤུས་བྱ་བར་ཏན་ཏིག་གིས་སྐུལ་འདེད་བྱེད་པ། ཞིང་སྡེའི་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ། ཞིང་ཕྱུགས་ལས་རིགས་ཀྱིས་སྒྲིག་གཞི་ཅན་གྱི་བཅོས་སྒྱུར་གཏིང་ཟབ་དུ་སྤེལ་བར་མཁོ་སྤྲོད་དང་ཞིང་ཕྱུགས་ལས་རིགས་མགྱོགས་མྱུར་སྒོས་ལྗང་མདོག་ཅན་དང་ཕུལ་བྱུང་ཅན། ཁྱད་ལྡན་ཅན། ཚོང་རྟགས་ཅན་བཅས་ལ་འཕེལ་རྒྱས་སུ་འགྲོ་ཆེད། ཞིང་ཆེན་ཞིང་ཕྱུགས་ཐིན་གྱིས་ཞིང་ལས་རྒྱུ་སྤུས་ཐད་ཀྱི་ལས་སྒོ་ཆེན་མོ་བརྒྱད་ལག་བསྟར་བྱེད་པའི་ཇུས་གཞི་མར་བཀྲམས་པ་དང་ཞིང་ལས་དར་རྒྱས་སུ་གཏོང་བར་ཁྱོན་ཡོངས་ནས་སྐུལ་འདེད་བྱས་པ་རེད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་རྗེས་ནས་བཟུང་། རང་ཞིང་གིས་ཞིང་ལས་པུའུ་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་སྤྱི་ཁོག་བཀོད་སྒྲིག་གཞིར་བཟུང་ནས་ཞིང་ལས་ཐོན་རྫས་ཀྱི་རྒྱུ་སྤུས་བདེ་འཇགས་ལྟ་ཞིབ་དོ་དམ་བྱ་བ་ནན་ཏན་སྒོས་དམ་པོར་བཟུང་ནས་ཞིང་ལས་ཐོན་རྫས་ཀྱི་རྒྱུ་སྤུས་བདེ་འཇགས་ཐད་དོན་རྐྱེན་མི་འབྱུང་བར་ཁག་ཐེག་བྱས་ཤིང་། དེ་དམིགས་འབེན་དུ་བཟུང་ནས་ཐོན་སྐྱེད་བདེ་འཇགས་དང་དོ་དམ་བདེ་འཇགས་གཉིས་དམ་འཛིན་རྒྱུན་འཁྱོངས་སྒོས”གཟབ་ནན་ཆེན་པོ་བཞིའི”བླང་བྱ་ནན་ཏན་སྒོས་ལག་བསྟར་དངོས་འབབ་བྱས། དེ་ཡང་ཐོན་སྐྱེད་དང་ལྟ་སྐུལ་དོ་དམ་གཉིས་ཀྱི་ཐད་ཤུགས་གང་ཡོད་བཏོན་ནས། ཞིང་ཆེན་རིམ་པའི་ལྟ་ཞིབ་ཚད་ལེན་ཅན་དུ་བཏང་ཞིང་ཚོང་རྟགས་གྲགས་ཅན་གསར་འཛུགས་བྱེད་པར་སྐུལ་འདེད་བྱས་ཤིང་། ཞིང་ལས་ཐོན་རྫས་ཀྱི་རྒྱུ་སྤུས་བདེ་འཇགས་ཐད་རྫོང་རིམ་པས་གསར་གཏོད་བྱ་བ་དང་ཁུངས་འདེད་ཚོད་ལྟ་གསར་འཛུགས་བྱེད་པར་སྐུལ་འདེད་བྱས། དེ་བཞིན་དུ་ཐོན་རྫས་ལྟ་སྐུལ་དོ་དམ་དང་ཐོན་སྐྱེད་ཡང་དག་པར་ཤུགས་བསྣན་ནས་ལྟ་སྐུལ་དོ་དམ་དང་ལྟ་ཞིབ་ཚད་ལེན་མ་ལག་གསར་འཛུགས་ལ་ཤུགས་སྣོན་བྱས། ཞིང་ཆེན་དང་གྲོང་ཁྱེར། རྫོང་། ཡུལ་ཚོ་བཅས་ཀྱི་ལྟ་ཞིབ་ཚད་ལེན་སྒྲིག་གཞི་ཁྱོན་ཡོངས་ནས་གསར་འཛུགས་བྱས་ཤིང་། ཁོངས་གཏོགས་ཡུལ་དངོས་ནས་དོ་དམ་འགན་འཁྲི་ལག་བསྟར་བྱས། ལོ་ངོ་ལྔའི་རིང་ལ་ཞིང་ལས་ཐོན་རྫས་ཀྱི་རྒྱུ་སྤུས་བདེ་འཇགས་དེ་ཆ་སྙོམས་སྒོས་ལྟ་ཞིབ་ཚད་ལེན་གྱི་འོས་འཚམ་ཚད་གཞི་ནི་བརྒྱ་ཆའི96ཡན་ཡིན། 2016ལོར་རང་ཞིང་གི་ཞིང་ལས་ཐོན་རྫས་རྒྱུ་སྤུས་བདེ་འཇགས་ལྟ་སྐུལ་དོ་དམ་མུར་བསྲིངས་ཕན་འབྲས་བྱ་བ་འབུར་དུ་ཐོན་ཞིང་། ཞིང་ལས་པུའུ་ཡི་ཡིག་ཐོག་ནས་གདེང་འཇོག་དང་བསྟོད་བསྔགས་བྱས། 2017ལོར་འོས་འཚམ་ཅན་གྱི་ཚད་གཞི་དེ་བརྒྱ་ཆའི97.4ལ་སླེབས་པ་མུ་མཐུད་དུ་རྒྱུན་འཁྱོངས་བྱས།

2018ལོར་ཞིང་ལས་པུའུ་ཡིས་ཞིང་ལས་རྒྱུ་སྤུས་ཀྱི་ཚད་གཞི་གཏན་ཁེལ་བྱས་ཤིང་། ཞིང་ལས་ཐོན་རྫས་ཀྱི་རྒྱུ་སྤུས་དེ་བདེ་འཇགས་ངང་ཁྱོན་ཡོངས་ནས་དུས་རབས་གསར་པའི་ཆུ་ཚད་ལ་མཐོར་འདེགས་སུ་སོང་ཡོད། རང་ཞིང་གི་ཞིང་སྡེའི་རོང་འབྲོག་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དེ་རྒྱལ་ཡོངས་དང་དུས་མཉམ་དུ་དུས་རབས་གསར་པར་ཕྱོགས་པ་དང་། མི་འགྱངས་བར་ཞིང་ལས་རྒྱུ་སྤུས་བྱ་བ་དེ་ས་གནས་ཀྱི་དོན་དངོས་དང་ད་ཆའི་་བྱ་བ་གཉིས་ལ་ཟུང་འབྲེལ་དམ་པོ་བྱས་ཏེ། ཞིང་ཆེན་ཞིང་ཕྱུགས་ཐིན་གྱིས་ནན་ཏན་སྒོས་ཐོན་སྐྱེད་ཚད་ལྡན་ཅན་ལ་སྐུལ་འདེད་དང་ཞིང་ལས་ཐོན་རྫས་ཀྱི་རྒྱུ་སྤུས་ལ་བདེ་འཇགས་ཚད་ལེན་ཞིབ་བཤེར་བྱེད་པ། ཞིང་ལས་ཐོན་རྫས་ཀྱི་རྒྱུ་སྤུས་བདེ་འཇགས་བཅའ་ཁྲིམས་ལག་བསྟར་བྱེད་པ། ཞིང་ལས་ཐོན་རྫས་ཀྱི་རྒྱུ་སྤུས་བདེ་འཇགས་རྫོང་གསར་འཛུགས་བྱེད་པ། ཐོན་རྫས་ཐོན་སྐྱེད་བྱེད་སའི་ཁོར་ཡུག་གཙང་སེལ་དང་ཞིང་ལས་ཚོང་རྟགས་མཐོར་འདེགས་སུ་གཏོང་བ། ཚན་རིག་ལ་བརྟེན་ནས་ཞིང་ལས་ཚན་རྩལ་དར་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་པ་བཅས་ཡིན།

ལོ་ཙཱ་བ། ལྷ་དཔལ་སྐྱབས།