མཚོ་སྔོན་ཚྭ་ཁའི་ཚྭ་མཚེའུ་ལྗོངས་ཁུལ་གྱིས་ཟླ4པའི་ཚེས26ཉིན་ལ་སྒོ་ཕྱེས་རྒྱུའི་སྤྱི་བསྒྲགས།

རྒྱ་ཆེའི་ཡུལ་སྐོར་གྲོགས་པོ་རྣམས་དང་། ཡུལ་སྐོར་ལས་དོན་ཁང་། གཉེར་ཚོང་མཉམ་ལས་ལས་ཁུངས་རྣམས་ལ།

      དེ་སྔ2017ལོའི་ཟླ11པའི་ཚེས1ཉིན་ནས2018ལོའི་ཟླ4པའི་ཚེས1ཉིན་བར་ལ་མཚོ་སྔོན་ཚྭ་ཁའི་ཚྭ་མཚེའུ་ལྗོངས་ཁུལ་རིམ་འཕར་ལེགས་བཅོས་བྱ་རྒྱུ་གཏན་འཁེལ་བྱས་པའི་ལས་དེ་དགུན་གྱི་གྲང་ངར་དང་ལྷགས་རླུང་ལ་སོགས་པའི་གནམ་གཤིས་ཀྱི་རྐྱེན་དབང་གིས་འཆར་གཞི་ལྟར་ལེགས་འགྲུབ་མ་བྱུང་བར་བརྟེན། རྒྱ་ཆེའི་ཡུལ་སྐོར་བའི་བདེ་འཇགས་ལ་འགན་སྲུང་དང་། ཡུལ་ལྗོངས་ལ་ཉམས་རོལ། ལྗོངས་ཁུལ་གྱི་དུས་སྐབས་གསུམ་པའི་འཛུགས་སྐྲུན་ལེགས་པོར་འགྲུབ་པ་བཅས་ཀྱི་ཆེད་དུ། དེ་སྔ2018ལོའི་ཟླ4པའི་ཚེས1ཉིན་སྒོ་ཕྱེས་རྒྱུའི་དུས་ཚོད་དེ་ཕྱི་བསྣུར་གྱིས2018ལོའི་ཟླ4པའི་ཚེས26ཉིན་ལ་སྒོ་ཕྱེས་རྒྱུ་ཐག་བཅད་པས། དམིགས་སུ་འདིར་ཡོངས་བསྒྲགས་བྱས་ཡིན།

ཞེས་མཚོ་སྔོན་ཞིང་ཆེན་ཚྭ་ཁའི་ཚྭ་མཚེའུ་རིག་གནས་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་སི་ནས

2018ལོའི་ཟླ2པའི་ཚེས26ཉིན་ལ།