ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་སྣེ་ཤན་ཁང་བརྒྱ་ཕྲག་ལྷག་ཁྲི་ཀ་རུ་བསྐྱོད་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ལོ་འདི་དག་གི་རིང་ལ་ཁྲི་ཀ་རྫོང་གི་ཡུལ་སྐོར་ལས་རིགས་ལ་འཕེལ་རྒྱས་ངེས་ཅན་ཞིག་བྱུང་བ་དང “རྒྱལ་ཁབ་རིམ་པའི་ཁྱབ་ཁོངས་ཀྱི་དཔེར་སྟོན་ས་ཁུལ”གྱི་འཛུགས་སྐྲུན་གཞིར་བཟུང་ནས་སྤྱིའི་དམིགས་འབེན་ལྟར “ཕྱི་ལ་འགྲོ་བ”དང “ནང་འདྲེན་བྱེད་པའི ”དྲིལ་སྒྲོག་བྱེད་ཐབས་ལ་བརྟེན་ནས་དྲིལ་སྒྲོག་གི་ཚད་གཞི་ཆེས་ཆེར་བཏང་ཞིང་། འགྲུལ་བའི་འགོ་ཁུངས་ཀྱི་ཚོང་ར་ནི་མཚོ་སྔོན་སོགས་ཉེ་འཁོར་གྱི་ཚོང་ར་ལས་རིམ་བཞིན་ཞིང་ཆེན་ཕྱི་ནང་གི་ཚོང་ར་རུ་རྒྱ་བསྐྱེད་པ་རེད།

མ་འོངས་པར “གནམ་འོག་རྨ་ཆུ་ཁྲི་ཀར་དྭངས ”ཞེས་པའི་ཚད་མཐོའི་བསྟོད་བསྔགས་ཀྱི་ཚད་གཞི་དེ་ཞིང་ཆེན་གཞན་ལ་བརྒྱུད་སྒྲོག་བྱེད་ཆེད། ཟླ4པའི་ཚེས8ཉིན། མཚོ་སྔོན་གྱིས་རྩ་འཛུགས་བྱས་པའི་སྐར་ཆེན་ཡུལ་སྐོར་སྣེ་ཤན་ཁང་གིས་ཡུན་ནན་ཞིང་ཆེན་དང་ཧི་ནན་ཞིང་ཆེན། ཧི་པེ་ཞིང་ཆེན་སོགས་ཀྱི་ཡུལ་སྐོར་སྣེ་ཤན་ཁང་བརྒྱ་ཕྲག་ལྷག་གི་མི་གྲངས126ཁྲི་ཀ་རྫོང་རྒྱལ་ཁབ་ས་རྒྱུ་སྤྱི་གླིང་ཨ་རྐོང་ཚོན་བདུན་ལྗོངས་ཁུལ་དང་ཆན་ཙི་ཧུའུ་བརླན་སའི་སྤྱི་གླིང་སོགས་ཀྱི་ལྗོངས་ཁུལ་མྱུལ་བའི་བྱེད་སྒོ་སྤེལ།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་གོམ་བགྲོད་བྱེད་སྒོ་དེས་ཁྲི་ཀ་རྫོང་གི་ཡུལ་སྐོར་ཐོན་ཁུངས་དང་ཁྱད་ལྡན་ས་ཆུའི་རིག་གནས་སོགས་ཀྱི་ཐད་ལ་ཆེད་དོན་འོས་སྦྱོར་སྐུལ་འདེད་གྲོས་ཚོགས་བསྡུས་ཤིང་། ས་གནས་དེའི་ཡུལ་སྐོར་ཐོན་ཁུངས་དང་ཡུལ་སྐོར་ཁང་སོ་སོ་དར་སྤེལ་གྱིས་ཚང་མས་ཕན་ཚུན་བར་དུ་མཉམ་འབྲེལ་བྱེད་པའི་བསམ་ཚུལ་བཏོན། ད་ལྟ “མཐོ་སྒང་གི་འབྲི་ཆུའི་ལྷོ་རྒྱུད”དེ་ཁྲི་ཀ་རྫོང་གི་ཡུལ་སྐོར་དམིགས་འབེན་གཙོ་བོ་ཡིན་ལ། “གནམ་འོག་རྨ་ཆུ་ཁྲི་ཀར་དྭངས”ཞེས་པ་དེ་ཡང་ཁྲི་ཀ་རྫོང་གི་ཡུལ་སྐོར་མཚན་སྙན་གྲགས་ཅན་དུ་གྱུར་ཡོད།  རྒྱུན་རིང་བོའི་ལོ་རྒྱུས་ཀྱི་འགོ་ཁུངས་དང་ཁྱད་དུ་འཕགས་པའི་ས་གཤིས་ཁོར་ཡུག དེ་མིན་ཉི་མ་རེ་རེ་བཞིན་དེང་རབས་ཅན་དུ་འགྱུར་བཞིན་པའི་གྲོང་ཁྱེར་གྱི་རྣམ་པ་བཅས་ཀྱིས་ཁྲི་ཀ་རྫོང་ལ་གཞན་ལས་ཁྱད་དུ་འཕགས་པའི་ཆ་རྐྱེན་ལྡན་པ་དང་གནའ་དེང་ཟུང་འབྲེལ། མི་ཆོས་ཀྱི་བསམ་བློ་བརྗེ་རེས། ཚོན་མདངས་རྣམ་པར་བཀྲག་པ་སོགས་ཡུལ་སྐོར་གྱི་ཐོན་ཁུངས་མོད་པོ་ཞིག་ཡོད།

ཐེངས་འདིར་གོམ་བགྲོད་བྱེད་སྒོ་དེས་ཁྲི་ཀ་རྫོང་དང་ཞིང་ཆེན་ཕྱི་ནང་གི་ཉེ་འཁོར་ས་ཁུལ་དུ་ཡུལ་སྐོར་སྣེ་ཤན་ཁང་སོ་སོས་ཕན་ཚུན་བར་ལ་མཉམ་འབྲེལ་བྱེད་པའི་ཚད་གཏིང་ཟབ་དུ་བཏང་ཞིང་། “ཁྲི་ཀའི་ཡུལ་ལྗོངས་ཧྲིལ་པོ་མཛེས་ལྗོངས”བྱེད་པ་དེ་གསར་འཛུགས་ཀྱིས་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་བ་དག་ཆེས་དགའ་བའི་ཡུལ་སྐོར་ལྗོངས་ཁུལ་དང་རྒྱལ་ཁབ་རིམ་པའི་ཡུལ་སྐོར་ཁམས་གཡེང་གུང་གསེང་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་པར་བྱེ་བྲག་གི་དོན་སྙིང་ངེས་ཅན་ཞིག་ལྡན་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།