མ་འོངས་གཟི་འོད་སློབ་གསོ་ཐེབས་རྩ་ཚོགས་པས་རང་ཞིང་གི་དབུལ་ཕོངས་རོང་འབྲོག་ས་ཁུལ་གྱི་སློབ་གྲྭ་དག་ལ་སློབ་ཁྲིད་སྒྲིག་ཆས་ཀྱི་ཞལ་འདེབས་གནང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ4པའི་ཚེས8ཉིན། ཞིང་ཆེན་ལོ་ཆུང་ན་གཞོན་འཕེལ་རྒྱས་ཐེབས་རྩ་ཚོགས་པ་དང་མ་འོངས་གཟི་འོད་སློབ་གསོའི་ཐེབས་རྩ་ཚོགས་པ། དེ་མིན་གུང་གཞོན་ཚོགས་པ་མཚོ་བྱང་ཁུལ་ཏང་ཨུ་སོགས་མཉམ་འབྲེལ་སྒོས་སྤེལ་བའི “ལྔ་བཞིའི ”རིམ་བསྟར་བྱེད་སྒོ་མ་འོངས་པའི་གཟི་འོད“རེ་བའི་བཟོ་སྐྲུན་གྱིས་བར་སྟོང་གསར་སྐྲུན་བྱེད་པ”ཞེས་པའི་སྤྱི་ཕན་ཞལ་འདེབས་བྱེད་སྒོ་སྤེལ་བ་རེད།

མཚོ་བྱང་ཁུལ་མདའ་བཞི་རྫོང་ནུབ་མཚོ་གྲོང་བརྡལ་མདོ་ལ་རི་བོའི་མི་རིགས་སློབ་འབྲིང་དུ་བྱ་འགུལ་མཛད་སྒོ་དངོས་སུ་སྤེལ་བ་དང་། མ་འོངས་བའི་གཟི་འོད་སློབ་གསོ་ཐེབས་རྩ་ཚོགས་པས་རང་ཞིང་གི་དབུལ་ཕོངས་རོང་འབྲོག་ས་ཁུལ་གྱི་སློབ་གྲྭ་དག་ལ་རིན་གོང་སྒོར་ཁྲི2000ལྷག་གི3D པར་འདེབས་འཕྲུལ་ཆས་དང་སློབ་གསོའི་ཞབས་ཞུ། དེ་མིན་ངོས་མཉམ་སློབ་སྦྱོང་འཕྲུལ་ཆས་སོགས་གནང་། ཞལ་འདེབས་ཁ་གཏད་ཡུལ་དེ་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ8གྱི་སློབ་གྲྭ50ལྷག་ཡིན་ལ། དེ་དང་མཉམ་པོར་ཆ་རྐྱེན་ངེས་ཅན་ལྡན་པའི་གྲོང་ཁྱེར་དང་ཁུལ4ཡིས་འོས་སྦྱོར་བྱས་པའི་སློབ་གྲྭ་བཞི་ལ་སློབ་ཁྲིད་ཚོད་ལྟའི་འཛིན་གྲྭ་བཞི་གསར་འཛུགས་བྱས། ཞལ་འདེབས་སྒྲིག་ཆས་འདི་དག་གིས་རང་ཞིང་གི་རོང་འབྲོག་དབུལ་ཕོངས་ས་ཁུལ་གྱི་སློབ་གྲྭ་དག་གི་སློབ་ཁྲིད་ཆ་རྐྱེན་དེ་ཚད་ངེས་ཅན་གྱི་སྒོ་ནས་མཐོར་འདེགས་སུ་བཏང་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།