“རེ་བའི་ལས་གཞི་གསར་གཏོད་པའི་བར་སྟོང”ཞེས་པའི་སྤྱི་ཕན་ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ་བ། 

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ4པའི་ཚེས8ཉིན་ལ་ཞིང་ཆེན་གཞོན་ནུ་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་དང་། མེན་རི་ཀྲི་ཞན་སློབ་གསོ་ཐེབས་རྩ་ཚོགས་པ་དེ་བཞིན་གུང་གཞོན་ཚོགས་པ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཁུལ་ཏང་ཨུས་བཅས་ཀྱིས་མཉམ་དུ་གཉེར་བའི“ ལྔ་བཞི” བྱེད་སྒོ་རབ་དང་རིམ་པ་ལས་མི་རི་ཀྲི་ཞན་སྟེ“ རེ་བའི་ལས་གཞི་གསར་གཏོད་པའི་བར་སྟོང” ཞེས་པའི་སྤྱི་ཕན་ཞལ་འདེབས་འབུལ་བའི་བྱེད་སྒོ་དེ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྒྱ་མདོ་རྫོང་ནུབ་མཚོ་གྲོང་རྡལ་གྱི་མདོ་ལ་རི་བོའི་མི་རིགས་སློབ་འབྲིང་ནས་སྤེལ་འགོ་ཚུགས་པ་རེད།

འགོ་ཚུགས་མཛད་སྒོའི་ཐོག་མེན་རི་ཀྲི་ཞན་སློབ་གསོ་ཐེབས་རྩ་ལྷན་ཚོགས་ཀྱིས་རང་རེའི་ཞིང་ཆེན་གྱི་དབུལ་པོའི་རོང་འབྲོག་ཁུལ་གྱི་སློབ་གྲྭར་རིན་ཐང་སྒོར་ཁྲི2000ཀྱི3 D ཡིག་དཔར་འཕྲུལ་ཆས་དང་། སློབ་གསོའི་སྤྲིན་ཞབས་ཞུ་དེ་བཞིན་སློབ་སྦྱོང་འཕྲུལ་ཆས་སོགས་ཞལ་འདེབས་སུ་འབུལ་བ་དང་། རོགས་སྐྱོབ་བྱ་ཡུལ་དེ་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ8ཀྱི་སློབ་གྲྭ50ལ་ཁྱབ་ཡོད། དུས་མཚུངས་སུ་ཆ་རྐྱེན་འཛོམས་པའི་གྲོང་ཁྱེར་དང་ཁུལ་གྱིས་འོས་སྦྱོར་བྱེད་པའི་སློབ་གྲྭ་བཞི་ལེགས་སུ་འདེམས་ནས་གསར་གཏོད་པའི་སློབ་ཁང་ཚོད་ལྟའི་འཛིན་གྲྭ་བཞི་བཙུགས་པ་རེད།

ཐེངས་འདིའི་མེན་རི་ཀྲི་ཞན་སློབ་གསོའི་ཐེབས་རྩ་ལྷན་ཚོགས་ཀྱིས་སློབ་འཁྲིད་སྒྲིག་ཆས་ཞལ་འདེབས་ཕུལ་བ་ནི་སློབ་གསོ་པུའུ་ཡི《སློབ་གསོ་ཆ་འཕྲིན་ཅན་གྱི་“ ལོ་ལྔ་འཆར་གཞི་བཅུ་གསུམ་པའི”འཆར་འགོད》 དང་སློབ་གྲྭའི་གསར་གཏོད་པའི་བར་སྟོང་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་བར་དམིགས་ནས། བྱང་ཚད་སློབ་གསོ་དང་གསར་གཏོད་སློབ་གསོར་ཁྱོན་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱེད་པའི་ཚོད་ལྟ་ཞིག་དང་། སྲིད་ཇུས་ཀྱི་སྣེ་ཁྲིད་དང་། སྤྱི་ཚོགས་ཞུགས་པ། གཞོན་ནུར་ཕན་པ་ཐོབ་པའི་སྤྱི་ཕན་གྱི་བྱེད་ཐབས་ཤིག་རེད།

ལོ་ཙཱ་བ། གཡང་སྐྱིད།