ས་མུའུ་ཁྲི2.1ལ་སྐྱེ་ཁམས་སྡོང་འཛུགས་ནགས་སྐྲུན་གྱིས་ཞིང་ཆེན་གྱི་མཁར་བྱང་ས་སྟོང་ལ་ལྗང་མདོག་གསར་སྣོན་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ལོ་མང་པོའི་རིང་ཞིང་ཆེན་གྱི་མཁར་བྱང་ས་ཁུལ་དེ “  སྐྱེ་ཁམས་གནས་སྡོད་བྱང་རྒྱུད ” དུ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་དམ་པོར་བཟུང་ནས། “བྱང་གསུམ”གྱི་ནགས་ཚལ་སྲུང་སྐྱོབ་སྔོན་འགོག་དང་རྨོ་བསྐྱུར་ནགས་སྐྲུན་བྱས་ཤིང་། “ མཐའ་བཞིའི”ལྗང་སྒྱུར་དང་རང་བྱུང་ནགས་ཚལ་སྲུང་སྐྱོབ། ལྷོ་བྱང་རི་ངོས་ཀྱི་རིམ་པ་གསུམ་པའི་སྐྱེ་ཁམས་ནགས་སྐྲུན་ལས་གཞི་སོགས་གཙོ་བོར་བཟུང་ནས་མངའ་ཁོངས་སོ་སོར་ནགས་སྐྲུན་ལྗང་སྒྱུར་བྱེད་པའི་རྒྱ་ཁྱོན་མུ་མཐུད་དུ་ཇེ་ཆེར་བཏང་ཞིང་། ནགས་ཚལ་གྱི་ཁྱབ་འགྱེད་ཚད་གཞི་ཡང་མུ་མཐུད་དུ་ཇེ་མཐོར་བཏང་ནས། རི་སྟོང་ས་སྟོང་ལྗང་སྒྱུར་ཅན་དུ་གཏོང་བའི་ཕན་ནུས་ཉིན་རེ་བཞིན་མངོན་གསལ་ཇེ་ཆེར་བཏང་བ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ལོ་འདི་དག་གི་རིང་ལ་སྐྱེ་ཁམས་གནས་སྡོད་ཁུལ་གསར་སྐྲུན་བྱེད་ཆེད། བྱང་རྒྱུད་ས་ཁུལ་དུ་ནུས་ཤུགས་གང་ཡོད་སྒོས་སྐྱེ་ཁམས་ནགས་སྐྲུན་བྱ་བ་ཡོངས་སུ་སྤེལ་བ་དང2017ལོའི་ལོ་མཇུག་ལ་བྱང་རྒྱུད་རི་སྟོང་ས་སྟོང་གི་ལྗང་སྒྱུར་རྒྱ་ཁྱོན་ས་མུའུ79689ལ་སླེབས་པ་དང་རྒྱལ་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི38.6ཟིན་ཡོད། དེ་ཡང2015-2018ལོའི་བར་དུ་ལྷོ་བྱང་རི་བོའི་ས་ཁུལ་དུ་རིམ་པ་གསུམ་པའི་ཆེས་མཐོའི་སྐྱེ་ཁམས་ནགས་སྐྲུན་མུའུ21755བསྐྲུན་པ་ལག་བསྟར་བྱས། ད་ལོ་ཡང་ལྷོ་བྱང་རི་རྒྱུད་དུ་རིམ་གསུམ་སྐྱེ་ཁམས་ནགས་འཛུགས་བཟོ་སྐྲུན་རྣམ་གྲངས་དེ་མཁར་བྱང་ས་ཁུལ་གྱི་ལེ་བར་ཉི་ཤུའི་མཚམས་ཀྱི་གྲོང་བརྡལ་བར་སླེབས་ཡོད་ལ། ལེ་བར་ཉི་ཤུའི་མཚམས་ཀྱི་སྡེ་བ་ནས་མེ་ཏོག་ལྡུམ་རའི་སྡེ་བའི་བར་དུ་མུའུ4335དང་། ཞའོ་ཆའོ་དོན་གཅོད་ཁྲུའུ་ཡི་ཏ་ཡིའུ་རི་བོར་ས་མུའུ770ལ་ནགས་སྐྲུན་བྱས། ལྷོ་བྱང་རི་རྒྱུད་ཀྱི་རིམ་གསུམ་སྐྱེ་ཁམས་ནགས་སྐྲུན་རྣམ་གྲངས་ཆུ་བེད་དོ་དམ་དྲ་རྒྱས་སྒྲིག་ཆས་ཀྱི་བཟོ་སྐྲུན་དམ་འཛིན་ལག་བསྟར་བྱས་ཤིང་། བཟོ་སྐྲུན་དེ་མཁར་བྱང་ས་ཁུལ་ལིག་ཅ་ཀོའུ་ནས་འོན་ལྐུགས་ལུང་བའི་རི་ངོས་བར་ད་ལྟ་ཏུན50ཅན་གྱི་ཆུ་རྫིང5ཡོངས་འགྲུབ་བྱས་ཤིང་། ཆུ་འདྲེན་སྦུ་གུ་རྨིད7897 ཆུ་གཏོར་རྨིད4000ལྷག་གི་སྦུ་གུའི་དྲ་རྒྱ་འཛུགས་སྐྲུན་བྱས་ཤིང་། ཟླ4པའི་ཟླ་མཇུག་ལ་ཁྱོན་ཡོངས་ནས་ཡོངས་འགྲུབ་བྱས་ཤིང་ཁྱོན་ཡོངས་ནས་ནུབ་རི་ས་ཁུལ་དུ་ས་མུའུ4500ལྷག་གི་ལྗང་སྒྱུར་ཡུར་ལམ་དེ་ཁྱོན་ཡོངས་ནས་ཐག་གཅོད་བྱས་པ་རེད།

སྡོང་ཕྲུག་གི་མྱུ་གུའི་གསོན་ཚད་ལ་ཤུགས་སྣོན་བྱེད་ཆེད། ད་ལོའི་ཟླ4པའི་ཟླ་སྟོད་ལ་བྱང་རྒྱུད་ཀྱི་ཞིང་ལས་ནགས་སྐྲུན་ཆུ་བེད་ཅུའུ་ཡིས་གློག་གི་ལྕགས་མདོང་མཐོན་པོ། མྱུར་བགྲོད་གཞུང་ལམ་འགྲམ་རྒྱུད་དང“མཐའ་བཞི”རུ་ལྗང་མདོག་སྐྱེ་ཁམས་ནགས་སྐྲུན་གྱིས་ཆེད་ལས་དོ་དམ་སྲུང་སྐྱོབ་རུ་དཔུང་གསར་འཛུགས་བྱས་ཤིང་། ཁྱབ་ཁོངས་ཧྲིལ་བོའི་སྡོང་བོ་རྙིང་བར་གཙང་སེལ་བྱས་ཤིང་། མྱུ་གུ་འདེབས་འཛུགས་བྱེད་པ་དང་ཆུ་གཏོང་བ། རྩྭ་ལྡུམ་མེད་པར་གཏོང་བ་སོགས་ཀྱི་བྱ་བ་བསྒྲུབས། འཆར་གཞི་ལྟར་ན་མ་དངུལ་སྒོར་ཁྲི69བཏང་ནས་གསོམ་སྡོང་དང་སྒྲོན་ཤིང་། ཧི་པེ་ལྗོན་པ། ལི་ཤིའི་སྡོང་ཕྲུག་སོགས་ཁྱོན་བསྡོམས་སྡོང་ཕྲུག་ཁྲི4.9འདེབས་འཛུགས་ཡོངས་འགྲུབ་བྱེད་རྒྱུ་ཡིན་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།