སྟོང་སྐོར་རྫོང་གིས་ཏང་འཛུགས་སྣེ་ཁྲིད་ཀྱིས་ཞིང་བའི་ཡོང་སྒོ་འཕར་སྣོན་དང་ཕྱུག་འགྱུར་ལ་སྐུལ་འདེད་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། སྟོང་སྐོར་རྫོང་ཧྲིན་ཀྲུང་ཤང་དེང་རབས་ཞིང་ལས་དཔེར་སྟོན་གླིང་ཁུལ་གྱི་ར་སྐོར་ནང་འབྲི་སིལ་འཐུ་སྒྲུགས་བྱེད་དུ་འོངས་བའི་ཡུལ་སྐོར་འགྲུལ་བ་མཚམས་མི་ཆད་པ་མཐོང་ཐུབ་ལ། ཞིང་བ་དག་གི་གདོང་ལ་འཛུམ་གྱིས་ཁེངས་ནས་ལས་ལ་བྲེལ་བཞིན་འདུག་ལ། འདུ་འཛི་ཆེ་བའི་མཛེས་ལྗོངས་དེས་ཡུལ་འདིར་སླེབས་པའི་ཡུལ་སྐོར་བ་རང་བྱུང་དང་ཉེ་སར་བཅར་དུ་བཅུག་སྟེ་རང་ཉིད་ཀྱིས་དངོས་སུ་འབྲི་སིལ་བཏོགས་པ་ལ་ཉམས་ཞིབ་ཐེངས་ཤིག་བྱེད་དུ་བཅུག་ལ། མཉམ་ལས་ཁང་དེས་ཞིང་བ་ཁྱིམ་ཚང་དག་ལ་ཡོང་སྒོ་གསར་བའི་ལམ་བུ་ཞིག་ཀྱང་གསར་སྣོན་བྱས་ཡོད།

ད་ལྟ་སྟོང་སྐོར་རྫོང་ཧྲིན་ཀྲུང་ཤང་དེང་རབས་ཞིང་ལས་དཔེར་མཚོན་གླིང་ཁུལ་ལ་འབྲི་སིལ་གྱི་དྲོད་ཁང་ཆེན་མོ22ཡོད་ལ། ས་རྒྱ་མུའུ25ཟིན་ཡོད། འདེབས་འཛུགས་བྱས་ཡོད་པའི་འབྲི་སིལ་རིགས་མི་འདྲ་བ5ཡི་འཚོ་བཅུད་དང་བྲོ་བ་སོགས་ཀྱི་ཐད་ལ་ཤིང་ཏོག་གཞན་དག་ལ་མེད་པའི་ལེགས་ཆ་ལྡན། སྤུས་ལེགས་འབྲི་སིལ་དང་ཁམས་གཡེང་ཉོ་བསྡུའི་ཁོར་ཡུག་སོགས་ཀྱིས་ཡུལ་སྐོར་འགྲུལ་བ་མང་པོ་ཞིག་གནས་འདིར་འབྲི་སིལ་བསྡུ་ལེན་བྱེད་དུ་འོངས་བ་རེད། ནང་སྒོས་སུ་དུས་ཆེན་སོགས་ཀྱི་སྐབས་ཉིན་རེར་མི་གྲངས200ལྷག་གི་ཡན་ལ་སྣེ་ལེན་བྱེད་བཞིན་ཡོད་ལ། གཟའ་འཁོར་གཅིག་རིང་གི་ཡོང་འབབ་སྒོར་ཁྲི1གི་ཡན་ལ་སླེབས་ཡོད།

ངོ་སྤྲོད་བྱས་པ་ལས་ཤེས་གསལ་ལྟར་ན། ལོ་འདི་དག་གི་རིང་ལ་སྟོང་སྐོར་རྫོང་ཞིང་ནགས་འབྲོག་ལས་ཅུའུ་ཡིས་ཏང་གསར་འཛུགས་བྱ་བའིས“ ཏན་ཏན་ཏིག་ཏིག་བཞིའི”དགོས་འདོད་གལ་ཆེན་དམ་འཛིན་བྱས་ཤིང་། “ ལྟོས་མེད་གཉིས”ལ་དཔེ་སྡུར་གྱིས་ཞིང་ལས་ལག་རྩལ་དར་སྤེལ་ལྟེ་གནས་ཀྱི་ཏང་ཀྲི་པུའུ་ཏང་ཡོན་ལས་བྱེད་པས་ཚན་རྩལ་ལ་བརྟེན་ནས་ཞིང་ལས་ལ་རོགས་སྒྲུབ་བྱེད་པ། ཏང་ཚོ་ཆུང་དེ་གཙོ་གནད་དུ་འཛིན་པ། གོམ་གང་མདུན་སྤོས་སྒོས་ཏང་ཀྲི་པུའུ་དང་ཏང་རྩ་འཛུགས། ཏང་ཡོན་བཅས་ཀྱིས་ཁྱད་ལྡན་དཔལ་འབྱོར་གྱི་བྱེད་ནུས་འཕེལ་རྒྱས་ཐད་ཀྱི་འགན་འཁྲི་དང་ལས་བགོས་ལ་སྐུལ་འདེད་བྱས་ཏེ། “ཀྲི་པུའུ+ཏང་ཚན་ཆུང+ཁེ་ལས+མང་ཚོགས”བཅས་ཀྱི་ཏང་འཛུགས་ཞབས་ཞུའི་ཐོན་ལས་ཀྱི་སྒྲིག་གཞི་གྲུབ་པར་བྱས་ཏེ། རྩ་འཛུགས་ཀྱིས་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་ཀྱི་བྱེད་ནུས་འདོན་པའི་ཐད་ཤུགས་བརྒྱབ་པ་རེད། ཁྱད་ཆོས་ལ་བརྟེན་ནས་འཕེལ་རྒྱས་གསར་གཏོད་བྱེད་པ་དང་ཁྱད་ལྡན་ཐོན་རྫས་ཀྱིས་ཡོང་སྒོ་འཕར་སྣོན་ལ་སྐུལ་འདེད་བྱེད་པའི་བྱ་བའི་བསམ་ཕྱོགས་གཞིར་བཟུང་ནས་གླིང་ཁུལ་ནང་རོལ་དུ་འབྲི་སིལ་འདེབས་འཛུགས་བྱེད་པ་དར་སྤེལ་བྱས་ཏེ། རང་བདག་སྒོས་ཤིང་ཏོག་འཐུ་སྒྲུག་བྱེད་པའི་ལམ་གསར་བ་ཞིག་འཚོལ་བཤེར་བྱས་ནས་ཕྱིར་འཚོང་གཙོ་བོ་ཡིན་པའི་དྲ་བའི་ཚོང་གཉེར་གྱི་འཕེལ་རྒྱས་རྣམ་པ་ཞིག་དར་སྤེལ་བྱས་ཡོད། དེར་མཐུད་ནས་གླིང་ཁུལ་དེས་མ་འོངས་བར་ཚོང་རའི་ཁ་ཕྱོགས་དེ་གཙོ་བོར་བཟུང་ཞིང་། ཡོང་འབབ་འཕར་སྣོན་ད་དམིགས་འབེན་དུ་བཟུང་ནས་ད་ལྟ་ཡོད་པའི་ས་མུའུ300ཡི་རྨང་གཞིའི་སྟེང་སྐྱེ་ལྡན་གནོད་འཚེ་མེད་པའི་སྔོ་ཚོད་འདེབས་འཛུགས་འཕེལ་རྒྱས་སུ་གཏོང་རྒྱུ་ཡིན་པ་རེད། དེའི་ཁོངས་སུ་རྡོ་ཀུབ་དང་ཀྲོ་མ་ཀྲུ། ཀེའུ། སྣག་ཚལ་སོགས་འདུས། དེ་དང་མཉམ་པོར་མུ་མཐུད་དུ་འབྲི་སིལ་དང་རྒུན་འབྲུམ། ཆུ་ཀུབ། ཁམ་བུ་སོགས་ཁྱད་ལྡན་ཤིང་ཏོག་ཡང་འདེབས་འཛུགས་བྱེད་རྒྱུ་ཡིན་པ་རེད།  སྟོང་སྐོར་རྫོང་ཞིང་ནགས་ཕྱུགས་ལས་ཅུའུ་ཏང་ཨུ་ཡིས་འགོ་ཁྲིད་རྩ་འཛུགས་དང་སྲིད་ཇུས་ཀྱི་མཛུབ་ཁྲིད། ཚན་རྩལ་ལ་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་ཐད་ཞབས་ཞུ་འདོན་སྤྲོད་བྱས་ཤིང་། ཏང་གི་འཛུགས་བསྐྲུན་དེ་ཐོན་ལས་འཕེལ་རྒྱས་ཀྱི་གོ་རིམ་མི་འདྲ་བ་དག་གི་ཁྲོད་མཉམ་བསྲེས་སྒོས་ཕན་ཚུན་གྱི་ལེགས་ཆ་ཁ་གསབ། དྲ་རྒྱའི་ཕྱིར་འཚོང་དང་ཞིང་རའི་སྐྱེ་ཁམས་ཉོ་བསྡུ་གཉིས་ཟུང་འབྲེལ་སྒོས་མཐའ་འཁོར་གྱི་ཞིང་བ་དག་ལ་ལས་ཞུགས་བྱེད་པའི་སྣེ་ཁྲིད་འོག་ཁྱད་ལྡན་དཔལ་འབྱོར་འཕེལ་རྒྱས་ཀྱིས་ཞིང་བ་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་དམིགས་འབེན་དེ་ཡོངས་འགྲུབ་བྱས་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།