མདོ་ལ་རྫོང་གིས་གནད་ཁེལ་དབུལ་སྐྱོར་ལ་ཕན་འབྲས་མངོན་གསལ་བླངས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་ལམ་མདོ་ལ་རྫོང་གིས2018ལོའི་དབུལ་སྐྱོར་མཁྲེགས་གཏོར་ལ་སྐུལ་འདེད་བྱ་བའི་གྲོས་ཚོགས་སྟེང་དབུལ་ཕོངས་ཁྱིམ་ཚང534ཡི་མང་ཚོགས1745དབུལ་ཐར་མངོན་འགྱུར་བྱེད་རྒྱུ་གཏན་ཁེལ་བྱས་ཤིང་། དབུལ་ཕོངས་སྡེ་བ6དབུལ་ཕོངས་ལས་ཡོངས་སུ་ཐར་བར་བྱས་ཏེ་དབུལ་ཕོངས་རྫོང་གི་ཞྭ་མོ་འབུད་པ་མངོན་འགྱུར་བྱེད་པའི་དམིགས་འབེན་གཙོར་བཟུང་ནས། མདོ་ལ་རྩྭ་ཐང་དུ་དབུལ་སྐྱོར་མཁྲེགས་གཏོར་བྱ་བའི་ཐད་ལ་གཡུལ་འཐབ་ཀྱི་རྔ་བོ་ཆེ་ཤུགས་ཀྱིས་བརྡུངས་ཏེ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་དཔུང་འཇུག་བྱེད་པའི་དུང་བརྡ་འབུད་རྒྱུ་ཡིན་པ་རེད།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གིས“སེམས་ཁུར་བྱེད་མི་དགོས་པ་གཉིས་དང་འགན་བཅོལ་གསུམ ”དེ་མིན“གྲངས་འབོར་གསུམ་དང་ཚད་གཞི་གཅིག”གི་གཙོ་གནད་འབུར་དུ་བཟུང་ནས། རྫོང་དང་ཤང་། སྡེ་བ་རིམ་པ་གསུམ་ལ་དབུལ་སྐྱོར་མཁྲེགས་གཏོར་བྱ་བའི་གནོན་ཤུགས་རབས་དང་རིམ་པ་བརྒྱུད་སྒྲོག་གིས་ཁྱོན་ཡོངས་ནས་འགན་འཁྲི་ལག་བསྟར་བྱས་པ་རེད། རྫོང་རིམ་པས་དབུལ་སྐྱོར་སྒྲིག་ཆས་ཀྱི་མ་དངུལ་དེ2016ལོའི་སྒོར་ཁྲི488ནས་སྒོར་ཁྲི1000ལ་འཕར་སྣོན་བྱས་ཤིང་། དེ་ནི་ལོ་སྔོན་མ་ལས་བརྒྱ་ཆའི204.9འཕར་ཡོད། སྲིབ་ལུང་ཀླད་དང་ར་གདོང་། སྡེ་ཞོལ་མ་སོགས་དབུལ་ཕོངས་སྡེ་བ7གྱི་དབུལ་ཐར་ལས་འགན་དེ་བདེ་བླག་ངང་ཡོངས་འགྲུབ་བྱས་ཤིང་། དབུལ་ཐར་བརྟན་འཇགས་ཀྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མི་གྲངས577ནས1876ལ་འཕར། བཙུན་མོ་གཞོང་གྲོང་བརྡལ་གྱི་དུང་སོ་ཆེ་བ་སྡེ་བའི་ཁྱིམ་ཚང58ལ་གསར་དུ་གནས་སྤོར་གྱིས་ཡིག་ཚགས་དང་བྱང་བུ་བཟོས་སྟེ་ཁྱིམ་ཚང་རེ་རེར་ཆ་སྙོམས་ཀྱིས་སྒོར་ཁྲི2.5ཡི་ཁང་བའི་མཛེས་སྤྲས་རིན་དངུལ་གནང་བ་དང་དབུལ་ཕོངས་ཁྱིམ་ཚང་དག་གནས་སྤོར་ཐུབ་པ་དང་སྡོད་ཁང་གཏན་འཇགས་ཡིན་པ། དངུལ་བུན་འཁུར་མི་དགོས་པ་བཅས་སུ་བསྒྱུར།

ནུས་ཤུགས་གང་ཡོད་སྒོས་གནད་འཁེལ་དབུལ་སྐྱོར་བྱ་བ་དེ་སྔོག་འདོན་བྱས་པ་བརྒྱུད་མདོ་ལ་རྫོང་གིས་རྫོང་རིམ་པའི་འགོ་ཁྲིད27ཡིག་ཚགས་དང་བྱང་བུ་བཟོས་ཡོད་པའི་དབུལ་ཕོངས་སྡེ་བ22ལ་གཏན་ཁེལ་བྱས་ཤིང་། རྫོང་རིམ་པའི་འགོ་ཁྲིད་ཀྱིས“1+10”ཡི་མཉམ་སྦྲེལ་རོགས་སྐྱོར་དང་། ཏང་ཡོན་ལས་བྱེད་པས“ཁ་གཏད་མཉམ་སྦྲེལ་གྱི་རོགས་སྐྱོར”“ཧྲུའུ་ཅི་དང་པོ ”སྡེ་བའི་ནང་བསྡད་དེ་རོགས་སྐྱོར་བྱེད་པ། ཏང་ཡོན་དག་གིས་དབུལ་ཕོངས་ཁྱིམ་ཚང་ལ་སྣེ་ཁྲིད་དང་། ཕྱུག་འགྱུར་ནུས་པ་ཅན་གྱིས་དབུལ་ཕོངས་ཁྱིམ་ཚང་ལ་སྣེ་ཁྲིད་བྱེད་པ། རྣམ་གྲངས་མ་དངུལ་དེ་ཏང་ཡོན་དང་ཕྱུག་འགྱུར་ནུས་པ་ཅན་གྱི་སྣེ་ཁྲིད་འོག་འདེབས་འཛུགས་ལས་རིགས་དང་གནག་ཕྱུགས་ལས་རིགས། ཡུལ་སྐོར་སོགས་རྣམ་གྲངས་འཕེལ་རྒྱས་སུ་བཏང་ཞིང་། དབུལ་ཐར་མཁྲེགས་གཏོར་བྱ་བ་ལ་ཁྱོན་ཡོངས་ནས་སྐུལ་འདེད་བྱས་ཏེ་དབུལ་ཐར་ཁྱབ་ཁོངས་ཁྱོན་ཡོངས་ལ་ཁྱབ་པ་མངོན་འགྱུར་བྱས། ཏང་ཡོན་ལས་བྱེད་མི་སྣ1700དབུལ་ཕོངས་ཁྱིམ་ཚང1574ལ་ཁ་གཏད་ཟུང་འབྲེལ་བྱས་ཤིང་། རོགས་སྐྱོར་དངོས་ཡོད་གནས་ཚུལ་མི་འདྲ་བ900ལྷག་བསྒྲུབས་ནས་མ་དངུལ་སྒོར་ཁྲི260ལག་བསྟར་དངོས་འབེབས་བྱས། “ཏང་འཛུགས+”གི་དབུལ་སྐྱོར་རྣམ་པ་་དང“ཏང་ཀྲི་པུའུ+མཉམ་ལས་ཁང”165གསར་འཛུགས་བྱས་ཤིང་། ཁོངས་མི2970ཟབ་ཞུགས་བྱས་ཏེ་དབུལ་ཕོངས་སྡེ་བ82ལ་སྣེ་ཁྲིད་བྱས་ཤིང་ཆ་སྙོམས་མི་རེའི་ཡོང་འབབ་སྒོར385ལ་སླེབས།

ལོ་ཙཱ་བ། ལྷ་དཔལ་སྐྱབས།