ཞིང་ཆེན་གྱིས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་བའི་ཆེད་དོན་ཞིབ་བཤེར་སྙན་ཞུའི་གྲོས་ཚོགས་བསྡུས་པ།

— ཝང་ཞའོ་ཡིས་ཚོགས་འདུར་གཙོ་སྐྱོང་གནང་པ་མ་ཟད་གཏམ་བཤད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཞིང་ཆེན་གྱི་གསར་གཏོད་བྱ་བའི་འགོ་ཁྲིད་ཚོ་ཆུང་གིས་གཅིག་གྱུར་གྱི་བཀོད་སྒྲིག་གཞིར་བཟུང་ནས་ཟླ4པའི་ཚེས12ཉིན་ཞིང་ཆེན་གྱིས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་བའི་ཆེད་དོན་ཞིབ་བཤེར་སྙན་ཞུའི་གྲོས་ཚོགས་བསྡུས། ཞིང་ཆེན་ཏང་ཨུ་དང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཡིས་ཚོགས་འདུར་གཙོ་སྐྱོང་གནང་བ་མ་ཟད་གཏམ་བཤད་གནང་། ཞིང་ཆེན་ཞིབ་བཤེར་རྩ་འཛུགས་ཚོ་ཆུང་དང་པོའི་འགོ་བ་ལིས་ཧོང་ཞིས་དང་ཚད་ལེན་ཞིབ་བཤེར་རྩ་འཛུགས་ཀྱི་ཁོངས་མི། གྲོང་ཁྱེར་གྱི་འགོ་ཁྲིད་ཏོན་ཧྥ་ཏ་དང་ཀྲོའུ་ཀ ཀོན་ཞིན་མེན། ཧན་ཧྲིན་ཚེ། ཁྲིན་ཧུང་པེན། ལིས་ཞའོ་ཀུན། ལིས་ཞའོ་སོགས་གྲོས་ཚོགས་ལ་ཞུགས་པ་རེད།

ཝང་ཞའོ་ཡིས་བསྟན་དོན། ལོ་གཅིག་གི་རིང་ལ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་དང་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་པུའུ་དང་ཞིང་ཆེན་གསར་འཛུགས་གཞུང་སྒྲུབ་ཁང་། ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ཡོན་བཅས་ཀྱི་མཛུབ་སྟོན་རོགས་རམ་འོག་གྲོང་ཁྱེར་ཧྲིལ་པོའི་གོང་འོག་བར་གསུམ་གྱིས་མཐུན་སྒྲིལ་འབད་བརྩོན་བྱས་པ་བརྒྱུད་ཟི་ལིང་གྲོང་ཁྱེར་དེ་རྒྱལ་ཡོངས་ཀྱི་ཞིང་ཆེན་སྲིད་འཛིན་གྲོང་ཁྱེར་ཁྲོད་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེར་སྟོན་གྲོང་ཁྱེར་དང་པོ་རུ་བདམས་ཐོན་བྱུང་བ་རེད། ཐེངས་འདིའི་གོ་སྐབས་འདི་བརྒྱུད་ངས་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་བྱས་ཏེ་འགོ་བ་ལིས་ཧུང་ཞུས་སོགས་ཀྱི་རང་རེའི་གྲོང་ཁྱེར་གྱི་གསར་གཏོད་བྱ་བར་ཞིབ་བཤེར་བྱེད་པར་ལྷག་བསམ་འཁོལ་བའི་ངང་ནས་དགའ་བསུ་བྱས་པ་ཡིན་ལ། ཟི་ལིང་གྲོང་ཁྱེར་གྱི་གསར་འཛུགས་བྱ་བ་སྒྲུབ་པར་ནུས་པ་འདོན་མྱོང་བའི་མཛུབ་སྟོན་དང་རོགས་རམ་གནང་བའི་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་པུའུ་དང་ཞིང་ཆེན་གསར་འཛུགས་གཞུང་སྒྲུབ་ཁང་། ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་། དེ་མིན་གཞན་པའི་གྲོང་ཁྱེར་དང་ཁུལ་སོ་སོའི་འགོ་ཁྲིད་དང་བློ་མཐུན་རྣམས་ལ་ཡང་ལྷག་བསམ་འཁོལ་བའི་ངང་ནས་བཀའ་དྲིན་ཆེ་ཞུས་པ་ཡིན།

ཝང་ཞའོ་ཡིས་གྲོས་ཚོགས་སྐབས་ནན་གྱིས་བསྟན་དོན། ས་ཁུལ་སོ་སོའི་འབྲེལ་ཡོད་ལས་ཁུངས་སོ་སོས་རྩ་འཛུགས་འགོ་བ་ལིས་ཧོང་ཞིས་ཡི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་བྱས་པ་བརྒྱུད་དངོས་ཡོད་དམ་འཛིན་གྱིས་ལག་ལེན་མཐར་ཕྱིན་བྱེད་པ་དང་མུ་མཐུད་དུ་རང་རེའི་གྲོང་ཁྱེར་གྱི་གསར་འཛུགས་གྲུབ་འབྲས་དེ་སྔར་ལས་སྲ་བརྟན་དང་སྔར་ལས་མཐོར་འདེགས་སུ་བཏང་། གཅིག་ནས་ནུས་ཤུགས་གང་ཡོད་སྒོས་ཚད་ལེན་ཞིབ་བཤེར་བྱ་བར་རམ་འདེགས་བྱེད་པ། ཡང་དག་པའི་སྒོ་ནས་ཚད་ལེན་ཞིབ་བཤེར་བྱ་བའི་གལ་ཆེན་རང་བཞིན་དང་གཟབ་ནན་རང་བཞིན། དགོས་ངེས་རང་བཞིན་སོགས་ལ་ངོས་འཛིན་གསལ་པོ་བྱས་ཏེ་ཚད་ལེན་ཞིབ་བཤེར་བྱ་བ་དང་ལེན་གྱིས་ཟི་ལིང་གྲོང་ཁྱེར་གྱི་གསར་འཛུགས་གྲུབ་འབྲས་བྱ་བའི་ཆུ་ཚད་ཀྱི་གོ་སྐབས་གལ་ཆེན་དེ་སྔར་ལས་སྲ་བརྟན་དང་སྔར་ལས་ཇེ་མཐོར་གཏོང་དགོས། གཉིས་ནས་བྱ་བའི་དངོས་ཡོད་བཅོས་སྒྱུར་དམ་འཛིན་བྱེད་པ། ཁྱོན་ཡོངས་ནས་བཅོས་སྒྱུར་གནད་དོན་དེ་བྱ་བའི་རྨང་གཞི་རུ་བཟུང་ནས་ཟི་ལིང་གྲོང་ཁྱེར་གྱི་གསར་འཛུགས་བྱ་བའི་ཆོད་སེམས་དེ་འགྲེམས་སྤེལ་གང་ལེགས་ཀྱིས་འགུལ་སྐྱོད་དང་དངོས་ཡོད་ཕན་འབྲས་སྨིན་དུ་འཇུག་དགོས། གསུམ་ནས་ནན་ཏན་སྒོས་སྔོན་ཐོན་ཉམས་མྱོང་ལ་སློབ་སྦྱོང་བྱས་ཏེ་ཚད་ལེན་ཞིབ་བཤེར་ཁྲོད་སློབ་སྦྱོང་ལ་གོ་སྐབས་དམ་འཛིན་གྱིས་ཚད་ལེན་རྩ་འཛུགས་མཛུབ་སྟོན་གྱི་རོགས་རམ་འོག་གྲོང་ཁྱེར་ཧྲིལ་པོའི་བྱ་བ་དེ་ཆུ་ཚད་གསར་བ་རུ་མཐོར་འདེགས་གཏོང་དགོས།

གྲོས་ཚོགས་སྟེང་ལིས་ཧོང་ཞིས་ཡིས་ཆེད་དོན་ཞིབ་བཤེར་བྱ་བའི་དགོས་འདོད་གཙོ་བོ་ངོ་སྤྲོད་བྱས་པ་དང་། གྲོང་ཁྱེར་ཏང་ཨུ་དང་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཀྲོའུ་ཀ་ཡིས་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་བྱས་ཏེ་ཟི་ལིང་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ཕུལ། གྲོས་ཚོགས་སྟེང་གི་མི་སྣ་དག་གིས་གསར་འཛུགས་བྱ་བའི་ཐད་ལ་ཡིད་ཚིམས་པའི་གདེང་འཇོག་ཡང་བྱས་པ་རེད།

གྲོང་ཁྱེར་གསར་འཛུགས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ས་ཁུལ་གྱི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཁོངས་མི་དང་སྟོང་སྐོར་རྫོང་ཏང་ཨུའི་ཧྲུའུ་ཅི། རྫོང་དང་ཆུས་སོ་སོའི་ཏང་ཨུ། སྲིད་གཞུང་གི་འགན་ཁུར་བློ་མཐུན་གཙོ་བོ། ལས་བགོས་དོ་དམ་འགན་ཁུར་བློ་མཐུན། རྫོང་སོ་སོའི་གསར་འཛུགས་གཞུང་སྒྲུབ་ཁང་གི་ཀྲུའུ་རེན། མི་རིགས་སོ་སོ་དང་ལས་རིགས་སོ་སོའི་འཐུས་ཚབ་མི་སྣ་བཅས་གྲོས་ཚོགས་ལ་ཞུགས་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།