ཝང་དབྱང་གིས་ཞིན་ཅང་གི་བྱ་བར་གཟིགས་ཞིབ་མཛད།

ཟླ་བཞི་བའི་ཚེས་བཅུ་ཉིན་ནས་ཚེས་བཅུ་བཞི་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཞིན་ཅང་གི་བྱ་བར་གཟིགས་ཞིབ་མཛད། པར་འདི་ནི་ཚེས་བཅུ་གཅིག་ཉིན་ཝང་དབྱང་ཧི་ཐེན་རྫོང་གི་སྡེ་བའི་བྱིས་བཅོལ་ཁང་དུ་ཕེབས་ཏེ་བྱིས་པ་རྣམས་ལ་འཚམས་འདྲི་ཞུ་བའི་ཚུལ་རེད།

ཟླ་བཞི་བའི་ཚེས་བཅུ་ཉིན་ནས་ཚེས་བཅུ་བཞི་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཞིན་ཅང་གི་བྱ་བར་གཟིགས་ཞིབ་མཛད། པར་འདི་ནི་ཚེས་བཅུ་ཉིན་ཝང་དབྱང་ཧི་ཐེན་གྲོང་ཁྱེར་གྱི་དབྱི་ཟི་ལན་ཆོས་ཁང་དུ་ཕེབས་ཏེ། ཆོས་ལུགས་མི་སྣར་འཚམས་འདྲི་ཞུ་བའི་ཚུལ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཉེ་ལམ་ཞིན་ཅང་གི་བྱ་བར་གཟིགས་ཞིབ་མཛད་སྐབས་ནན་གྱིས་གསུངས་རྒྱུར། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཞིན་ཅང་བཅོས་སྐྱོང་བྱ་བའི་སྐོར་གྱི་བྱེད་ཕྱོགས་ལག་བསྟར་ནན་མོ་བྱས་ནས། ཞིན་ཅང་བརྟན་འཇགས་ཡོང་བར་བྱེད་པའི་བྱ་བ་བཟང་བོར་སྒྲུབ་པའི་དགོས་ངེས་རང་བཞིན་དང་དཀའ་ཚེགས་རང་བཞིན། ཡུན་རིང་རང་བཞིན་བཅས་ལ་ངོས་འཛིན་ཟབ་མོ་བྱེད་པ་དང་། སྤྱི་ཚོགས་བརྟན་འཇགས་དང་ཡུན་སྐྱོང་བདེ་འགོད་བྱ་བའི་སྤྱིའི་དམིགས་འབེན་ལ་དམ་པོར་དམིགས་ཏེ། རྩ་ལག་མཉམ་བཅོས་དང་ཕྱོགས་བསྡུས་སྲིད་སྐྱོང་། བརྟན་འཇགས་ཁྲོད་ཡར་རྒྱས་བརྩོན་ལེན་བཅས་བྱས་ནས། མཐུན་སྒྲིལ་འཆམ་མཐུན་དང་དར་རྒྱས་འབྱོར་ཕྱུག དཔལ་ཡོན་ཡར་ཐོན། བདེ་སྡོད་ལས་བརྩོན་བཅས་ཀྱི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཞིན་ཅང་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱེད་དགོས་ཟེར།

ཟླ་བཞི་བའི་ཚེས་བཅུ་ཉིན་ནས་ཚེས་བཅུ་བཞི་ཉིན་བར། ཝང་དབྱང་སྔ་གཞུག་ཏུ་ཧི་ཐེན་དང་ཨ་ཁི་སུའུ། ཝུའུ་ལུའུ་མུའུ་ཆི་བཅས་ས་ཁུལ་དུ་ཕེབས་ཏེ། གཞི་རིམ་དང་བྱ་བའི་ཡུལ་དངོས་དང་པོར་གཟིགས་ཞིབ་མཛད་པར་མ་ཟད། འགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་ཐེངས་མང་བསྡུས་ནས། ཕྱོགས་སོ་སོའི་བསམ་འཆར་དང་གྲོས་གཞི་ལ་ཉན།

ཝང་དབྱང་གིས་གསུངས་རྒྱུར། རང་སྐྱོང་ལྗོངས་ཏང་ཨུས་ཆེས་མཐོའི་ཆབ་སྲིད་རང་རྟོགས་དང་བསམ་བློའི་རང་རྟོགས། བྱ་སྤྱོད་རང་རྟོགས་བཅས་བཅངས་ཏེ། ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་བློ་བརྟན་འགྱུར་མེད་སྒོས་ལག་བསྟར་བྱེད་པར་ཕན་ནུས་ལྡན་པའི་བྱ་བ་མང་པོ་བསྒྲུབས་པ་དང་། དུས་རིམ་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་བླངས་པས། ཞིན་ཅང་གི་སྤྱིའི་གནས་བབ་བརྟན་འཇགས་ཡིན་ལ། སྤྱི་ཚོགས་བདེ་འཇགས་ཀྱི་གནས་བབ་ཇེ་ལེགས་སུ་བསྒྱུར་ཡོད། ཆོས་ལུགས་ཐལ་སྐྱོད་སིམ་འཛུལ་བྱེད་པར་མངོན་གསལ་སྒོས་བཀག་འགོག་བྱས་ནས། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་བདེ་འཇགས་ཀྱི་ཚོར་བ་སྔར་ལས་ཇེ་ཆེར་སོང་ཡོད། དེ་དང་མཉམ་དུ་ལྗོངས་ཡོངས་ཀྱི་དཔལ་འབྱོར་བརྟན་འཇགས་དང་བདེ་བླག་ངང་འཕེལ་རྒྱས་སུ་སོང་བ་དང་། རིགས་སོ་སོའི་མང་ཚོགས་བར་གྱི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་རྒྱུན་ཆད་མེད་པར་ཇེ་དམ་དུ་གཏོང་བ། དཔུང་ཚོགས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱ་བ་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྤེལ་ཏེ། ཡུན་སྐྱོང་བདེ་འགོད་བྱ་བར་ཤུགས་རྐྱེན་ཐེབས་པའི་གཏིང་ཟབ་པའི་གནད་དོན་རྩ་བ་ནས་ཐག་གཅོད་བྱེད་པར་རྨང་གཞི་བཟང་བོ་བཏིངས་ཡོད་ཟེར།

ཝང་དབྱང་གིས་ནན་གྱིས་གསུངས་རྒྱུར། ཞིན་ཅང་གི་བྱ་བ་བཟང་བོར་སྒྲུབ་དགོས་ན། མིག་སྔའི་གནས་བབ་ལ་རྐང་བཙུགས་ཏེ། ངན་ཤུགས་གསུམ་གྱི་མགོ་ནོན་རྣམ་པ་རྒྱུན་འཁྱོངས་བྱས་ནས། སྤྱི་ཚོགས་བརྟན་འཇགས་ཀྱི་གནས་བབ་བཟང་བོ་ཇེ་བརྟན་དུ་གཏོང་དགོས་ལ། ཡུན་རིང་ལ་དམིགས་ཏེ་རྨང་གཞི་འདིང་བ་དང་གཞི་རྩར་དོ་དམ་བྱེད་པའི་བྱ་བ་མང་པོ་བསྒྲུབས་ནས། ཡུན་སྐྱོང་བདེ་འགོད་བྱ་བའི་གཞི་རྩ་ཇེ་བརྟན་དུ་གཏོང་དགོས། འབྲེལ་ཡོད་སྲིད་ཇུས་མུ་མཐུད་འཐུས་ཚང་དུ་གཏོང་བ་དང་། ལག་ལེན་ཁྲོད་ར་སྤྲོད་བྱུང་བའི་ནུས་ལྡན་བྱེད་ཐབས་རྒྱུན་ལྡན་ཅན་དུ་བསྒྱུར་ནས། ད་ཡོད་ཀྱི་གྲུབ་འབྲས་སྔར་ལས་ཇེ་བརྟན་དུ་གཏོང་དགོས། ཏང་གི་འགོ་ཁྲིད་དང་བསམ་བློའི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་ལ་གཅེས་པ་དང་ཞིན་ཅང་ལ་གཅེས་པ། དཀའ་སྤྱད་ལས་སྐྲུན་དང་གསར་གཏོད་བརྩོན་ལེན་བྱེད་པ། སྒེར་སེམས་མེད་པར་བྱས་རྗེས་འཇོག་པ་བཅས་ཀྱི་སྙིང་སྟོབས་དར་སྤེལ་བྱས་ནས། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་ཞིང་ཀུན་སྤྱོད་བཟང་ལ། སྒྲིག་ལམ་གཟབ་ནན་ཡིན་པའི་ལས་བྱེད་པའི་དཔུང་སྡེ་ཞིག་སྐྱེད་སྲིང་བྱེད་དགོས་ཟེར།

ཝང་དབྱང་གིས་ནན་གྱིས་བསྟན་དོན། དཔུང་ཚོགས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་འཐབ་ཇུས་གལ་ཆེན་ཞིག་ཡིན་པས། དཔུང་ཚོགས་བཅོས་སྒྱུར་བྱེད་པའི་ཡང་དག་པའི་ཁ་ཕྱོགས་དམ་པོར་འཛིན་པ་དང་། བཅོས་སྒྱུར་གྱི་གནད་དོན་གལ་ཆེན་དང་ཕྱོགས་གཙོ་བོ་དམ་པོར་བཟུང་སྟེ། དཔང་ཚོགས་ལྷོ་ཕྱོགས་སུ་རྒྱ་བསྐྱེད་པར་མྱུར་དུ་སྐུལ་འདེད་གཏོང་བ་དང་། སྟོབས་ཤུགས་ཡོད་རྒུས་དཔུང་ཚོགས་དང་ས་གནས་གཉིས་མཉམ་འདྲེས་སྒོས་འཕེལ་རྒྱས་སུ་གཏོང་བ། དཔུང་ཚོགས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བྱས་ནས། དུས་རབས་གསར་བའི་དཔུང་ཚོགས་ཀྱི་དམིགས་བསལ་ནུས་པ་སྔར་ལས་འདོན་སྤེལ་བཟང་བོ་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཆོན་གོ་ཡིས་མཉམ་དུ་རྟོག་ཞིབ་བྱས།