ཡུལ་ཤུལ་ཁུལ་གྱིས་ལུ་གུ་མེ་ཏོག་རྟགས་མའི་སློབ་རའི་རྐང་རྩེད་སྤོ་ལོ་འགྲན་བསྡུར་གྱི་བྱ་འགུལ་སྤེལ་བ།

ཡུལ་ཤུལ་ཁུལ་ལ་མཚོན་ན་སྔར་ནས་ད་བར་དུ་སློབ་རའི་རྐང་རྩེད་སྤོ་ལོའི་ཕྱོགས་ནས་རྨང་གཞི་ངེས་ཅན་ལྡན་ལ།ལྷག་པར་དུ་སློབ་མ་རྣམས་རྐང་རྩེད་སྤོ་མོ་རྩེ་པར་སྤྲོ་སྣང་ཆེན་པོ་ཡོད་པས།རིགས་སོ་སོའི་སློབ་གྲྭ་དག་གིས་ཧུར་ཐག་གི་སློབ་མ་རྣམས་ལ་རང་རང་གི་ནུས་རྩལ་ངོམས་པའི་གར་སྟེགས་བསྐྲུན་པ་རེད།དེ་དང་ཆབས་ཅིག་ཏུ་ཡུལ་ཤུལ་ཁུལ་ཨུ་ཁུལ་སྲིད་གཞུང་གིས་ཀྱང་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ཐོག་ད་བར་དུ་ཁུལ་ཡོངས་ནས་སློབ་གྲྭ་དགུ་རྒྱལ་ཡོངས་ཀྱི་རྐང་རྩེད་སྤོ་ལོའི་ཁྱད་ཆོས་ལྡན་པའི་སློབ་གྲྭ་རུ་བདམས་ཡོད་པ་རེད།

འགྲན་བསྡུར་བྱེད་བཞིན་པའི་ཡུལ་དངོས།

ཐེངས་འདིར་ཡང“དགའ་བ་བཞི་དང་དགོས་པ་གསུམ”གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡོང་བ་དང་ཚད་ལྡན་གྱི་ན་གཞོན་སྐྱེད་སྲིང་བྱ་ཆེད།ཟླ4པའི་ཚེས14ཉིན་ཡུལ་ཤུལ་ཁུལ་ཨུ་ཡོན་ལྷན་ཁང་གི་སློབ་གསོ་ལས་དོན་ལྷན་ཚོགས་དང་ཡུལ་ཤུལ་ཁུལ་སློབ་གསོ་ཅུའུ།ཁུལ་གུང་གཞོན་ལྷན་ཚོགས་བཅས་ཀྱི་མཉམ་དུ་རྩ་འཛུགས་བྱས་ཏེ་དགའ་བ་བཞི་དང་དགོས་པ་གསུམ་དགོངས་དོན་ལག་བསྟར་དང་།ཚད་ལྡན་གྱི་གཞོན་ནུར་བརྩོན་ལེན་བྱེད་ཅེས་པའི་བརྗོད་དོན་གཞིར་བཟུང་སྟེ་ལུ་གུ་མེ་ཏོག་རྟགས་མའི་སློབ་རའི་རྐང་རྩེད་སྤོ་ལོ་འགྲན་བསྡུར་གྱི་བྱ་འགུལ་དེ་ཡུལ་ཤུལ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པའི་ནང་དུ་སྤེལ་བ་དང་ཁུལ་ཡོངས་ཀྱི་མཐོ་འབྲིང་སློབ་གྲྭ་ལྔ་ཡི་རུ་ཁག་བཅོ་ལྔ་ཐེངས་འདིའི་བྱ་འགུལ་དུ་ཞུགས།
        བྱ་འགུལ་ཁྲོད་དུ།   ཡུལ་ཤུལ་མི་རིགས་མཐོ་སློབ་འབྲིང་གཉིས་པའི་རུ་ཁག་གིས་བྱ་དགའ་ཨང་དང་པོ་དང་། ཡུལ་ཤུལ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པའི་རུ་ཁག་གིས་བྱ་དགའ་ཨང་གཉིས་པ། ཡུལ་ཤུལ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གསུམ་པའི་རུ་ཁག་དང་ཡུལ་ཤུལ་ཁུལ་བརྒྱད་གཅིག་ལས་རིགས་སློབ་གྲྭའི་བུད་མེད་རུ་ཁག་གིས་བྱ་དགའ་ཨང་གསུམ་པ། ཡུལ་ཤུལ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གསུམ་པའི་རུ་ཁག་དང་ཡུལ་ཤུལ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་བཞི་བའི་རུ་ཁག་གིས་ཕུལ་བྱུང་བྱ་དགའ་བཅས་བླངས་པ་རེད།

ཨང་དང་པོའི་བྱ་དགའ་ཐོབ་མཁན།

ཨང་གཉིས་པའི་བྱ་དགའ་ཐོབ་མཁན།


གསར་འགོད་པ།རྡོ་རྗེ་སྒྲོལ་མ།