མཚོ་སྔོན་ཞིང་ཆེན་གསར་འཛུགས་དཔྱད་ཞིབ་བྱ་བའི་ཚན་ཆུང་ང་ཚོའི་སློབ་གྲྭར་བྱ་བའི་མཛུབ་སྟོན་དུ་ཕེབས་པ།


གཟབ་ནན་སྒོས་ཞིབ་བཤར་བྱེད་བཞིན་པ།

ཕྱོགས་ཡོངས་ནས་ངེད་སློབ་གྲྭའི་མི་རིགས་མཐུན་སྒྲིལ་བྱ་བར་ཡར་སྐུལ་དང་།མི་རིགས་མཐུན་སྒྲིལ་བྱ་བར་མཐོར་འདེགས་བྱེད་པ།བདེ་བླག་ངང་གསར་འཛུགས་བྱ་བ་ལེགས་འགྲུབ་ཡོང་བར་ཁེག་ཐག་བྱེད་པར། སྤྱི་ཟླ4པའི་ཚེས12ཉིན་གྱི་ཕྱི་དྲོར། ཁུལ་སྲིད་གཞུང་རྒྱུན་ལས་དང་ཁུལ་དཔོན་གཞོན་པ་བང་ཧྲན་ཆོན་དང་ཁུལ་གསར་འཛུགས་ཁང་གི་ཀྲུའུ་རིན།ཁུལ་སློབ་གསོ་ཅུའུ་ཡི་འགོ་ཁྲིད་བཅས་ཀྱི་སྣེ་ཁྲིད་འོག་མཚོ་སྔོན་ཞིང་ཆེན་གསར་འཛུགས་དཔྱད་ཞིབ་བྱ་བའི་ཚན་ཆུང་ང་ཚོའི་སློབ་གྲྭར་བྱ་བར་མཛུབ་སྟོན་དུ་ཕེབས་པ་དང་།ཐོག་མར་ངེད་སློབ་གྲྭའི་དཔལ་ཡོན་གླིང་ག་དང་རྩེད་འཇོ་ར་བ།དགེ་བཟོ་བའི་བྱ་འགུལ་ཁང་།དཔེ་ཀློག་ཁང་།ཏང་སྲིད་བྱ་འགུལ་ཁང་།བཟོ་ལས་ལག་རྩལ་ཁང་བཅས་ངེད་སློབ་གྲྭས་མི་རིགས་མཐུན་སྒྲིལ་གསར་འཛུགས་བྱ་བར་བསྒྲུབས་པའི་འབྲེལ་ཡོད་བྱ་བར་ཞིབ་བཤེར་བྱས་ཤིང་།སློབ་གྲྭའི་གསར་འཛུགས་གཞུང་ལས་ཁང་གི་རྒན་པེ་ཀྲི་དཔལ་གྱིས་ཉེ་བའི་ལོ་འགའི་རིང་ལ་བསྒྲུབས་པའི་གི་མི་རིགས་མཐུན་སྒྲིལ་བྱ་བ་ཞིབ་ཅིང་ཕྲ་བའི་སྒོ་ནས་གོང་འགོ་ཁྲིད་རྣམས་ལ་མཚམས་སྦྱོར་བྱས་པ་དང་།ཁོང་རྣམ་པས2017ལོའི་ཟླ3ནས2018ལོའི་ཟླ4པའི་བར་ལ་ངེད་སློབ་གྲྭས་བསྒྲུབས་པའི་མི་རིགས་མཐུན་སྒྲིལ་གསར་འཛུགས་བྱ་བའི་འབྲེལ་ཡོད་རྒྱུ་ཆ་གཞིར་བྱས་ནས་ཞིབ་བཤེར་དང་འདྲི་རྟོགས། ལྟ་ཀློག་བཅས་ཀྱིས་ངེད་སློབ་གྲྭའི་གནས་ཚུལ་ལ་ཞིབ་རྟོགས་ནན་མོ་བྱས་མཐར། ངེད་སློབ་གྲྭས་མི་རིགས་མཐུན་སྒྲིལ་ཡར་སྐུལ་གསར་འཛུགས་བྱ་བའི་ཐད་ལ་གྲུབ་འབྲས་གང་ལེགས་བླངས་པས་གཟེངས་བསྟོད་མི་དམན་པ་ཐོབ།              
  

གསར་འགོད་པ།བློ་བཟང་ཆོས་འཛིན།