«ཞི་ཅིན་ཕིང་གི་སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བའི་སྐོར་གྱི་རྒྱས་བཤད་ཕྱོགས་བསྒྲིགས»ཞེས་པའི་དཔེ་དེབ་པར་སྐྲུན་འགྲེམ་སྤེལ་བྱས།

ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི«ཞི་ཅིན་ཕིང་གི་སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བའི་སྐོར་གྱི་རྒྱས་བཤད་ཕྱོགས་བསྒྲིགས»ཞེས་པའི་དཔེ་དེབ་ཉེ་ལམ་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱས།

«རྒྱས་བཤད་ཕྱོགས་བསྒྲིགས»ནང་བསྡོམས་པས་ཆེད་དོན་བཞི་ཡོད་པ་སྟེ། གཅིག་ནི་སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱེད་པ་དང་། གཉིས་ནི་ཁྱབ་ཁོངས་གཙོ་བོའི་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ། གསུམ་ནི་ཐུན་མོང་དང་ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་མངོན་འགྱུར་བྱེད་པ། བཞི་ནི་ཞི་བདེའི་འཕེལ་རྒྱས་བགྲོད་ལམ་སྟེང་སྐྱོད་པ་བཅས་རེད། དཔེ་དེབ་ནང་རྒྱས་བཤད་བཞི་བརྒྱ་དང་ལྔ་བཅུ་བཀོད་པ་དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས2012ལོའི་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན་ནས་2018ལོའི་ཟླ་གསུམ་པའི་ཚེས་ཉི་ཤུ་ཉིན་བར་མངོན་གསལ་སྒོས་སྤེལ་བའི་གསུང་བཤད་དང་སྙན་ཞུ། གླེང་མོལ། མཛུབ་སྟོན། མཆན་བཀོད་མཛུབ་སྟོན། རྟེན་འབྲེལ་ཞུ་ཡིག་བཅས་ཡིག་ཆ་གལ་ཆེན་བརྒྱ་དང་བརྒྱད་ཅུ་ལྷག་རེད།

སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱེད་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ནང་དོན་གཙོ་བོ་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུ་ལས་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་པ་དང་། སྐྱིད་སྡུག་གི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། བདེ་གནས་ཉེན་ཟོན་བྱེད་པ་ནི་ང་ཚོའི་ཏང་གིས་རྒྱལ་སྐྱོང་སྲིད་འཛིན་གྱི་རྩ་དོན་གལ་ཆེན་ཞིག་ཡིན་ཞེས་ནན་གྱིས་བསྟན། བློ་མཐུན་ཞི་ཅིན་ཕིང་གིས་སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལ་དམིགས་ཏེ་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་སྤེལ་པར་མ་ཟད། ནང་དོན་ཕུན་སུམ་ཚོགས་ཤིང་དོན་སྙིང་གཏིང་ཟབ་པས། ང་ཚོའི་ཏང་གི་རྒྱལ་ཁབ་བདེ་འཇགས་ལྟ་བའི་ངོས་འཛིན་དེ་ཆུ་ཚད་མཐོན་པོ་ཞིག་ཏུ་མཐོར་འདེགས་བཏང་སྟེ། དུས་རབས་གསར་བའི་རྒྱལ་ཁབ་བདེ་འཇགས་བྱ་བར་མཛུབ་སྟོན་བྱེད་པའི་སྟོབས་དང་ལྡན་པའི་བསམ་བློའི་མཚོན་ཆ་ཞིག་རེད། བློ་མཐུན་ཞི་ཅིན་ཕིང་གི་སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་ནན་མོ་བྱེད་པ་དེ་ཏང་ཡོངས་ཀྱི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱེད་པ། བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་བདེ་འཇགས་བགྲོད་ལམ་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་བདེ་འཇགས་སྒྲིག་གཞི་དང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བདེ་འཇགས་ནུས་པ་ཇེ་ཆེར་གཏོང་བར་ཤུགས་བསྣན་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ནུས་ཡོད་སྒོས་སྲུང་སྐྱོབ་བྱས་ནས། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་དོན་སྙིང་ཧ་ཅང་གལ་ཆེན་ལྡན།