མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ལས་ཁུངས་ཀྱི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་ཆེད་དོན་འཆད་ཁྲིད་བསྡུས།

ཟླ་བཞི་བའི་ཚེས་བཅུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ལས་ཁུངས་ཀྱི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་སློབ་སྦྱོང་འཆད་ཁྲིད་བསྡུས་ཏེ། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ཁྲིམས་རིག་པ་ཁང་གི་ཀྲུའུ་རིན་ཀྲའོ་ཞི་ཕིང་གདན་ཞུ་བྱས་ནས་ཆེད་དོན་ཟུར་ཁྲིད་བྱས། ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ལས་བྱེད་པ་དང་ཉེན་རྟོག་པས་མཚོ་སྔོན་གྱི་སྲིད་ཁྲིམས་ཆེད་དྲའི་བརྙན་རིས་གྲོས་ཚོགས་མ་ལག་བརྒྱུད་དེ་འཆད་ཁྲིད་ལ་ཉན།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་སྲིད་ཁྲིམས་ལས་བྱེད་པ་དང་ཉེན་རྟོག་པ་ཡོངས་ཀྱིས་རྩ་ཁྲིམས་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པར་ཤུགས་སྣོན་པ་དང་། རྩ་ཁྲིམས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ། ཞི་ཅིན་ཕིང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་རྒྱུས་ལོན་གཏིང་ཟབ་བྱེད་རྒྱུ་བཅས་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་དུ་བརྩི་བ། ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་སློབ་སྦྱོང་བྱེད་པའི་བྱ་འགུལ་ལ་ཟུང་འབྲེལ་བྱེད་པ། སྲིད་ཁྲིམས་ལས་བྱེད་པ་དང་ཉེན་རྟོག་པས་འདུ་ཤེས་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བར་སྣེ་ཁྲིད་བྱེད་པ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གོ་གནས་ལ་སྲུང་སྐྱོབ་བྱེད་པ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོབ་བྱེད་པ། ཏང་གི་སྲིད་ཁྲིམས་བྱ་བའི་ཐད་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལམ་བུ་རུ་སྐྱོད་དགོས། ཏང་ཡོན་འགོ་ཁྲིད་དང་ལས་བྱེད་པས་སྔོན་དུ་སློབ་སྦྱོང་བྱེད་པ་དང་སློབ་སྦྱོང་གཏིང་ཟབ་བྱེད་པ། ཆབ་སྲིད་ལངས་གནས་མཐོན་པོའི་སྟེང་ནས་རྩ་ཁྲིམས་ལ་བཟོ་བཅོས་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ། སྣེ་ཁྲིད་དེ་རྩ་ཁྲིམས་ལ་བརྩི་བཀུར་དང་རྩི་ཁྲིམས་ལ་སློབ་སྦྱོང་བྱེད་པ། རྩ་ཁྲིམས་ལ་སྲུང་སྐྱོབ་བྱེད་པ། རྩ་ཁྲིམས་བཀོལ་སྤྱོད་བྱེད་པའི་ཐད་ཀྱི་མིག་དཔེ་བྱེད་དགོས། དྲིལ་སྒྲོག་སློབ་གསོའི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། རྣམ་པ་སྣ་མང་བརྒྱུད་དེ་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་ཆེས་གསར་བའི་དགོངས་དོན་དང་བླང་བྱ་དྲིལ་སྒྲོག་རྒྱ་ཆེར་བྱེད་པ་དང་། རྒྱལ་ཁབ་རྩ་ཁྲིམས་ཉིན་མོའི་བྱ་འགུལ་ལ་རྩ་འཛུགས་བཟང་བོ་བྱེད་པ། བདུན་ལྔ་ཁྲིམས་ལུགས་ཁྱབ་གདལ་བྱ་འགུལ་སྤེལ་བ། བྱེད་ཐབས་མི་འདྲ་བ་དང་ཀུན་གྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་རྣམ་པ། དཔེ་གཞི་དངོས་བརྒྱུད་དེ། ཀྲུང་གོའི་རྩ་ཁྲིམས་ཐད་ཀྱི་གཏམ་རྒྱུད་བཤད་དེ། རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་གཏོང་བ་དང་། རྩ་ཁྲིམས་ཤེས་བྱ་ཁྱབ་གདལ་དུ་གཏོང་བ། རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་ལ་ཤུགས་སྣོན་པའི་ཐད་སྣང་ཚུལ་བཟང་བོ་བསྐྲུན་དགོས་པའི་རེ་བ་བཏོན།