ཝང་ཅན་ཅོན་གྱིས་མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བར་རྟོག་ཞིབ་བྱས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་ཝང་ཅན་ཅོན་གྱིས་ཟླ་བཞི་བའི་ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོར་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དུ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། ལྷག་བསམ་རྣམ་དག་གིས་འགན་ནུས་སྒྲུབ་པ། ཁག་ཁུར་བྱེད་ཕོད་པར་བྱེད་པ། རྒྱུན་མཐུད་ངང་མཚོ་སྔོན་གྱི་ཆབ་སྲིད་སྐྱེ་ཁམས་ཐད་ཀྱི་རི་ལྗང་ཆུ་དྭངས་འཛུགས་སྐྲུན་བྱེད་པ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱས་ཏེ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ཆབ་སྲིད་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་ཟེར།

ཝང་ཅན་ཅོན་གྱིས་མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པའི་བསམ་པའི་རྣམ་པ་དང་སྲིད་གཙང་རིག་གནས་འཛུགས་སྐྲུན་ལ་བསྟོད་བསྔགས་བྱས། ཁོ་ལས་ཁུངས་ཀྱི་གཞུང་སྒྲུབ་ཁང་དུ་སོང་ནས། ལས་བྱེད་པ་དང་མཛའ་བརྩེའི་གླེང་མོལ་བྱས་པ་དང་། སྒྲིག་ལམ་ལག་བསྟར་ལྟ་སྐུལ་ཐད་ཀྱི་རྣམ་པ་བཞི་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། ནགས་ཚལ་ལ་བདག་སྐྱོང་བྱེད་པ་དང་ཉམས་གསོ་བྱེད་པ། དོ་དམ་དང་གཅེས་སྤྲས་བྱེད་པའི་བར་གྱི་འབྲེལ་བ་ཐག་གཅོད་པ། འགན་འཁྲི་གཉིས་གཞི་རིམ་དུ་རྒྱུན་བསྲིང་བ་དང་དྲང་ཕྱོགས་ཀྱི་ནུས་ཚད་གྲུབ་པར་བྱེད་པ་སོགས་ཀྱི་གནད་དོན་ཐད་ནས། ཚང་མ་དང་མཉམ་དུ་བགྲོ་གླེང་བརྗེ་རེས་བྱས་པ་དང་མཛུབ་སྟོན་བྱས།

གཏམ་བཤད་ལ་ཉན་རྗེས། ཝང་ཅན་ཅོན་གྱིས་ཉེ་བའི་ལོ་འགའི་རིང་ཞིང་ཆེན་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཆབ་སྲིད་འཛུགས་སྐྲུན་དེ་གོ་གནས་དང་པོར་འཇོག་པ། ཞི་ཅིན་ཕིང་གི་སྲོག་ཤིང་གོ་གནས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ། ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོབ་བྱེད་པ། དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་ལྟར། སྔར་ལས་ཚན་རིག་དང་མཐུན་པ་དང་སྔར་ལས་གཟབ་ནན། སྔར་ལས་ཕན་འབྲས་ལྡན་པའི་སྒོ་ནས་ཏང་ལ་དོ་དམ་བྱེད་པ་དང་ཏང་བཅོས་སྐྱོང་བྱེད་པའི་བྱ་བ་སྤེལ་ནས། ནམ་ཡང་འབད་འཐབ་བྱེད་པའི་སྙིང་སྟོབས་ཀྱིས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་བྱེད་པའི་བྱ་བ་གཏིང་ཟབ་ཏུ་སྤེལ་དགོས་ཟེར།

ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས། ལྟ་ཞིབ་བཅའ་ཁྲིམས་དང་སྲོལ་ཡིག རྩ་དོན་ལྟར་འགན་འཁྲི་ལག་བསྟར་བྱེད་རྒྱུ་དེ། ནུས་རྩལ་མཁས་ཤོས་དང་བྱ་བའི་རྐང་འཛུགས་ས་དང་དམིགས་འབེན་དུ་བརྩི་དགོས། ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་བ་སྤེལ་རྒྱུ་དེ་ལས་འགན་གལ་ཆེན་དུ་བརྩི་བ་དང་། དུས་རབས་གསར་བའི་ཏང་ནང་ཁུལ་གྱི་གསར་བརྗེ་དང་སྤྱི་ཚོགས་གསར་བརྗེ་སྤེལ་ནས། ཏང་སྔར་ལས་སྟོབས་ལྡན་དུ་འཛུགས་སྐྲུན་བྱེད་དགོས་ཟེར།

ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། དཔུང་སྡེ་འཛུགས་སྐྲུན་བཟང་བོ་བྱེད་རྒྱུ་དེ་བྱ་བ་གལ་ཆེན་དུ་བརྩི་དགོས། ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས། ལྟ་ཞིབ་བཅའ་ཁྲིམས་འགྲེམ་སྤེལ་དང་ལག་བསྟར་བྱས་པ་དེས། དུས་རབས་གསར་བའི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བྱ་བའི་ཐད་གོ་དོན་དང་འགན་འཁྲི་གསར་པ་བསྩལ། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་དང་རྒྱ་ཆེའི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་བྱེད་པས་ནམ་ཡང་བྱ་བའི་གཏན་ཤུགས་དང་ཐེག་ཤུགས། གསོན་ཤུགས་བཅས་རྒྱུན་འཁྱོངས་བྱེད་པ་དང་། ལག་ལེན་ལ་སློབ་སྦྱོང་དང་མང་ཚོགས་ལ་སློབ་སྦྱོང་། སྔོན་ཐོན་དཔེ་ལེགས་ཅན་ལ་སློབ་སྦྱོང་བྱེད་པ། རང་རྟོགས་སྒོས་ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་གི་རྣམ་པ་སྤྱད་དེ་བྱ་བ་སྤེལ་བ། ཏང་དང་མི་དམངས་ཀྱིས་བསྩལ་པའི་གཟི་བརྗིད་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ། ཧུར་ཐག་གིས་མཚོ་སྔོན་ཞིང་ཆེན་གྱི་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རྣམ་པ་གསར་བ་བསྐྲུན་དགོས་ཟེར།

ལིག་ཉིང་དང་ཐིན་ཅཱ་ཚེ་གཉིས་ཀྱིས་མཉམ་དུ་རྟོག་ཞིབ་བྱས།