《ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡང་དྲུང་བོན་གྱི་བཀའ་འགྱུར》གྱི་ཐེངས་གཉིས་པའི་མ་ཕྱིའི་གཏན་འབེབས་གྲོས་ཚོགས་ཁྲེང་ཏུའུ་རུ་འཚོགས་པ།

2018ལོའི་4པའི་ཚེས13ཉིན་ནས་ཚེས15ཡི་ཉིན་བར་ལ་ཁྲེང་ཏུའུ་གྲོང་ཁྱེར་དུ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་རྒྱལ་ཁབ་གསར་འགྱུར་པར་སྐྲུན་གྱི་བཅོས་སྒྱུར་རྣམ་གྲངས་མཛོད་མཛོད་འཇུག་རྣམ་གྲངས་དང་རྒྱལ་ཁབ་དཔེ་སྐྲུན་ཐེབས་རྩའི་རོགས་དངུལ་གྱི་རྣམ་གྲངས་གཙོ་བོ《ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡང་དྲུང་བོན་གྱི་བཀའ་འགྱུར》གྱི་ཐེངས་གཉིས་པའི་མ་ཕྱིའི་གཏན་འབེབས་གྲོས་ཚོགས་སྐོང་ཚོགས་བྱས།

《ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡང་དྲུང་བོན་གྱི་བཀའ་འགྱུར》ཞུ་དག་ནན་ཏན་བྱས་ནས་ཚད་ལྡན་ཡང་དག་ཅིག་ཡོང་ཆེད།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ། སྤྱི་ཁྱབ་རྩོམ་སྒྲིག་པ་ཚེ་རིང་བཀྲ་ཤིས་ཀྱིསPPTསྒང་དུ་དངོས་དཔེ་བཀོད་དེ《ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡང་དྲུང་བོན་གྱི་བཀའ་འགྱུར》མ་ཕྱི་ཞུ་དག་ཁྲོད་འབྱུང་སླ་བའི་གནད་དོན་ལ་གསལ་འགྲེལ་བརྒྱབ་ཅིང་། ཞུ་དག་ཡང་ཡང་བྱས་ནས་བྱེ་བྲག་གི་གནད་དོན་ལ་དབྱེ་ཞིབ་བྱས་པ་དང་། རྒྱལ་ཁབ་ཀྱི་ཚད་གཞི་ལྟར་རྩོམ་སྒྲིག་ཞུས་དག་གི་རྟགས་བཀོད་སྟངས་དང་། མ་ཕྱི་བར་ཞུ་དག་བྱེད་དུས་ཀྱི་རྟགས་དང་དེའི་བཀོད་སྟངས། དེ་མིན་མཉམ་འཇོག་བྱེད་དགོས་པའི་དོན་དག་སོགས་ཀྱི་ཐད་ནས་གསལ་བཤད་བྱས།

ཚོགས་ཐོག་ཏུ། བོད་རང་སྐྱོང་ལྗོངས་དང་། མཚོ་སྔོན། ཀན་སུའུ། སི་ཁྲོན་སོགས་ཞིང་ཆེན་དང་ལྗོངས་ནས་ཡོང་བའི་བོན་པོའི་ཆོས་ལུགས་པའི་སྡེ་ཡི་མཁས་པ་ཆེན་པོ30ལྷག་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱི་རྩོམ་སྒྲིག་པ་ཡོངས་མི50ལྷག་གིས་མཉམ་དུ《ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡང་དྲུང་བོན་གྱི་བཀའ་འགྱུར》ཞུ་དག་གི་ལས་ཀའི་འཆར་གཞི་དང་བྱེད་ཐབས་ལ་སོགས་པའི་སྐོར་ནས་གྲོས་བསྡུར་ཟབ་མོ་བགྱིས་ཏེ།  རྒྱལ་ཁབ་ཀྱི་འདོད་བློ་མཚོན་པའི་རྣམ་གྲངས་འདི་ལེགས་པོར་བསྒྲུབ་པ་ལ་ཁ་ཕྱོགས་གསལ་པོ་ཞིག་བསྟན་པ་དང་། དུས་ལྟར་དུ་སྤུས་ཀ་དང་གྲངས་འབོར་གྱི་ཆ་གང་ལ་འཐུས་ཤོར་མི་ཡོང་བ་ཞིག་འཁྱོངས་ཐུབ་པར་རྨང་གཞི་བརྟན་པོ་བཏིངས།


 ལོ་ཙཱ་བ། ཁོན་ཐར་འཚོ།