ཡོན་ཧྲིས་གྲོང་གསེབ་ཀྱི་སློབ་ཆུང་སློབ་མར་ཚན་རིག་གི་སློབ་ཚན་འཁྲིད་པ།

མི་དམངས་དྲ་བའི་འཕྲིན།ཟླ་4ཚེས་14ཉིན་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་9ཡིས་གདན་ཞུས་ལྟར་ཀྲེ་ཅང་ཞིང་ཆེན་ཁྲང་ཤིན་རྫོང་གི“གསེར་གཟེར”རྒྱལ་ཁབ་ས་གཤིས་རྗེས་ཤུལ་སྲུང་སྐྱོང་ཁུལ་དུ་ཁྲང་ཤིན་རྫོང་མེ་ཧྲན་གྲོང་རྡལ་ལྟེ་བའི་སློབ་ཆུང་གི་སློབ་མ་100ལྷག་ལ་ཚན་རིག་ཁྱབ་གདལ་གྱི་སློབ་ཚན་ཟུར་ཁྲིད་བྱས་པ་དང་། ཡོན་ཧྲི་ཚོས་སློབ་ཆུང་སློབ་མར་ས་གཤིས་ཀྱི་ལོ་རྒྱུས་དང་། སྣོད་བཅུད་ཁོར་ཡུག སྐྱེ་དངོས་རིམ་འགྱུར། དེ་བཞིན“གསེར་གཟེར”སོགས་ཀྱི་གོ་དོན་ངོ་སྤྲོད་བྱས་ནས་སློབ་མའི་ཚན་རིག་གི་བྱང་ཚད་མཐོ་རུ་བཏང་བ་རེད།