ཀོང་ཞི་ཏ་མའོ་ཧྲན་དུ་རྟ་འཛིང་དང་ཉ་འཛིན་གྱི་ཆོ་གས“གསུམ་པའི་ཚེས་གསུམ”ལ་རྟེན་འབྲེལ་ཞུས་པ།

ཟླ4པའི་ཚེས18ཉིན། ཀོང་ཞི་ལི་ཀྲིག་གྲོང་ཁྱེར་རེན་ཧྲི་མའོ་རིགས་རང་སྐྱོང་རྫོང་ཟན་ཧྥང་གྲོང་བརྡལ་དུ། ཀྲོང་རིགས་དང་མའོ་རིགས་ཁྲི2ལྷག་གིས་མཉམ་དུ། གླུ་ལེན་འགྲན་བསྡུར་དང་། རྟ་འཛིང་། ཉ་འཛིན་སོགས་ཀྱིས་ཀོང་ཞིའི་སྲོལ་རྒྱུན་དུས་ཆེན“ཀྲོང་རིགས་ཀྱི་གསུམ་པའི་ཚེས་གསུམ”ལ་རྟེན་འབྲེལ་ཞུས། 2014ལོར་ཀོང་ཞི་སྲིད་གཞུང་གིས་མང་ཚོགས་ཀྱི་སྲོལ་རྒྱུན་དུས་ཆེན་དེ་གུང་གསེང་དུས་ཆེན་ལ་གཏན་འཁེལ་བྱས་ཏེ། དམངས་གླུ་འགྲན་བསྡུར་དང་གཡག་འཛིང་སོགས་ཀྱིས་ཀྲོང་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱས། 

ལོ་ཙཱ་བ།རྟ་མགྲིན་དཔལ།