དཔའ་བོའི་སྙན་རྩོམ《གླིང་རྗེ་གེ་སར་རྒྱལ་པོ》གློག་བརྙན་དུ་ཕབ་རྒྱུའི་རྟེན་འབྲེལ་མཉམ་གླེང་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

 ཉེ་ལམ་བོད་ཀྱི་ལོ་རྒྱུས་སྙན་རྩོམ་རིང་མོ་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་དེ་གློག་བརྙན་དུ་ཕབ་བསྐྲུན་བྱ་རྒྱུའི་རྟེན་འབྲེལ་མཉམ་གླེང་ཚོགས་འདུ་པེ་ཅིང་དུ་སྐོང་འཚོགས་བྱས་ཤིང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གི་གེ་སར་ཞིབ་འཇུག་པ་དང་། འབུམ་རམས་པའི་དགེ་རྒན་ཆེན་མོ།《གླིང་རྗེ་གེ་སར་རྒྱལ་པོ》སྒྲིག་རྩོམ་གནང་མཁན་རྒན་འཇམ་དཔལ་རྒྱ་མཚོ་ལགས་དང་གློག་བརྙན་ཕབ་བསྐྲུན་ཚོགས་པ་ལྷན་འཛོམས་ཀྱིས་རྣམ་གྲངས་འདིའི་རྟེན་འབྲེལ་རང་འགྲིག་དང་གྲ་སྒྲིག་ལས་ཀའི་སྐོར་ནས་མཚམས་སྦྱོར་གནང་བྱུང་བ་རེད།

 

གླིང་རྗེ་གེ་སར་རྒྱལ་པོ་དང་IPབར་གྱི་ལས་འབྲེལ།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན་དུ།   བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པར་མཐོང་ཆེན་ཚད་མེད་གནང་སྟེ།  གླིང་རྗེ་གེ་སར་རྒྱལ་པོ་དེ་ཉིད་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་རིག་གནས་ཀྱི་འབྱུང་ཁུངས་ཆེན་པོ་གསུམ་གྱི་ཡ་གྱལ་དུ་བགྲངས་པ་མ་ཟད། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག   ཞི་ཅིན་ཕིང་གིས་གེ་སར་སྒྲུང་དང་།  མཱ་ནཱ་སི།  ཇང་གེར་གསུམ་ནི་མི་སེམས་འགུལ་བའི་ལོ་རྒྱུས་སྙན་རྩོམ་རིང་མོ་གསུམ་ཡིན་ཞིང་། ཀྲུང་ཧྭའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ཀྱི་མཆོག་ནོར་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ལོངས་སྤྱོད་ཡིན་ཞེས་གསུངས་སོང་།

 ཉེ་བའི་ལོ་ཚུན་རིག་གནས་འཛད་སྤྱོད་ཀྱི་ཁྲོམ་རའི་སྒང་ལ་གཞིགས་ཚེ། IPསྟེ་Intellectual Property“ཤེས་བྱའི་བདག་དབང”ནི་གཡོལ་དུ་མེད་པའི་གནད་ཚིག་ཅིག་ཏུ་གྱུར་ཡོད་ན་ཡང་། ད་ལྟའི་ཆར་གྱི་IPལ་མཚོན་ན་རྣམ་པ་སྣ་ཚོགས་ཡོད་པའི་དབང་གིས“ཤེས་བྱའི་བདག་དབང་”ཞེས་པའི་མིང་ཙམ་གྱིས་མཚོན་ཐུབ་པ་ཞིག་མ་ཡིན།   ལོ་རྒྱུས་སྙན་རྩོམ་རིང་མོའི་རིག་གནས་ཀྱི་རིན་ཐང་ཆེ་ཤོས་དེ་མངོན་མཚོན་ཅི་ལྟར་བྱེད་པའི་ཐད་ལ་འཛམ་གླིང་ཧྲིལ་པོ་ནས་འཚོལ་ཞིབ་ཀྱི་རྒྱུན་ཆད་མ་མྱོང་། ལྷག་པར་དུ་ཉེ་བའི་ལོ་རིང་།  ལོ་རྒྱུས་སྙན་རྩོམ་རིང་མོ་གློག་བརྙན་དུ་ཕབ་བསྐྲུན་བྱས་པར་ལེགས་འགྲུབ་ཆེན་པོ་བྱུང་ཡོད་ཅིང་། དེ་ནི་དཔེར་ན་ཡེ་ལི་ཡ་ཐེ་དང་། ནེ་པའོ་ལོན་ཀན་གྱི་གཞས།  མ་ཧཱ་བྷ་ར་ཏ་སོགས་ལྟ་བུ་རེད།   གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་འདི་གློག་བརྙན་དང་ཡང་ན་མུ་འབྲེལ་བརྙན་འཕྲིན་ཟློས་གར་དུ་ཕབ་བསྐྲུན་བྱ་ཐུབ་ཚེ།   དེ་ལ་རིག་གཞུང་གི་རིན་ཐང་གཞལ་དུ་མེད་པ་ཞིག་ལྡན་པའི་མི་ཚད། ཆབ་སྲིད་དང་དངོས་ཡོད་ཀྱི་ཆ་ལ་དོན་སྙིང་གལ་ཆེན་ལྡན།

མི་འགྱང་བར་རྩོམ་པ་པོ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་རྒྱུའི་གླིང་རྗེ་གེ་སར་རྒྱལ་པོ་ཞེས་པའི་དེབ་དེ་ལ་ཡིག་འབྲུ་ཧ་ལམ་ཁྲི1500དང་། པོད་ལྔ་ཡོད་ཅིང་། རྩོམ་པ་པོ་ནི་ཀྲུང་གོའི་གེ་སར་ཞིབ་འཇུག་ཁང་གི་ཆེད་མཁས་པ་འཇམ་དཔལ་རྒྱ་མཚོ་ལགས་རེད།  དེབ་དེས་གེ་སར་རྒྱལ་པོའི་སྒྲུང་མ་དཔེར་བཟུང་ཞིང་། རྒན་ཁོང་རང་གིས་གཙོ་སྒྲིག་མཛད་ཡོད་པའི་པོད40དང་། དེབ་གྲངས51།  ཡིག་འབྲུ་ཁྲི2000ལྷག་ཅན་གྱི་བོད་ཡིག་པར་གཞི་གེ་སར་རྒྱལ་པོ་ཞེས་པ་སྒྲོམ་གཞི་བྱས་པ་དང་།    དམངས་ཁྲོད་ཀྱི་སྒྲུང་པ་རྒན་བཀྲ་བྷ་དང་བསམ་གྲུབ་རྣམ་གཉིས་ཀྱི་བཤད་སྒྲུང་དཔྱད་གཞིར་བཟུང་ཐོག  རང་ཉིད་ཀྱིས་ལོ་ངོ་བཞི་བཅུའི་རིང་གི་ཞིབ་འཇུག་གྲུབ་འབྲས་དང་ཟུང་དུ་འབྲེལ་ནས་རྩོམ་སྒྲིག་བྱས་པ་ཞིག་རེད་ལ། དེ་ནི་ད་སྔའི་བར་དུ་འཛམ་གླིང་ཐོག་དབང་དྲག་ཆེ་ཆེར་ལྡན་པའི་དཔའ་བོའི་ལོ་རྒྱུས་མཚོན་པའི་སྙན་རྩོམ་རིང་མོ་གླིང་རྗེ་གེ་སར་རྒྱལ་པོའི་ཡིག་ཐོག་གི་བརྩམས་ཆོས་དང་།  IPཡི་ས་བོན་ཐོག་མར་བྱུང་བའི་དཔྱད་ཡིག་མེད་དུ་མི་རུང་བར་གྱུར།  

གླིང་རྗེ་གེ་སར་རྒྱལ་པོ་ཞེས་པའི་དེབ་འདི་ལ་མཆོག་ཏུ་གྱུར་བའི་IPཡི་སྙིང་བོ་ལྡན་པ་མ་ཟད། དེའི་འབྲེལ་གྱི་སྣོད་བཅུད་མ་ལག་ལ་གསར་སྤེལ་གྱི་མི་མངོན་ཕན་ཆ་མང་པོ་ཡོད་པར་བརྟེན།  དེ་གློག་བརྙན་དུ་ཕབ་བསྐྲུན་དང་ཡང་ན་སྒྱུ་རྩལ་གྱི་མཚོན་སྟངས་གཞན་དུ་ཁ་ལོ་སྒྱུར་རྒྱུ་ནི་འཛམ་གླིང་ཐོག་གི་ལོ་རྒྱུས་སྙན་རྩོམ་གྲགས་ཅན་གང་རུང་ཞིག་བརྒྱུད་མྱོང་བའི་སྒྱུ་རྩལ་གྱི་ལམ་བུ་ཞིག་རེད།

པར་འདི་ནི་རང་རྒྱལ་གྱི་གེ་སར་ཞིབ་འཇུག་པ། གླིང་རྗེ་གེ་སར་རྒྱལ་པོ་ཞེས་པ་རྩོམ་སྒྲིག་གནང་མཁན་དང་འཁྲབ་གཞུང་རྩོམ་མཁན་རྒན་འཇམ་དཔལ་རྒྱ་མཚོ་ལགས་རེད།

རྒན་འཇམ་དཔལ་རྒྱ་མཚོས་ཚོགས་ཐོག་ཏུ་འདི་སྐད། 《གླིང་རྗེ་གེ་སར་རྒྱལ་པོ་》ནི་ང་རང་གིས་ལོ་ངོ་བཅུ་ཕྲག་རིང་ལ་བློ་རིག་རྩལ་དུ་སྤྲུགས་ནས་རྩོམ་སྒྲིག་བྱས་པའི་བརྩམས་ཆོས་རྩེ་དྲ་ཡིན་ལ། གེ་སར་ཕྱོགས་ཀྱི་ཆེས་མཇུག་མཐའི་བརྩམས་ཆོས་ཀྱང་ཡིན་པས། འབྱུང་འགྱུར་ཀྲུང་གོའི་ལོ་ངོ50རིང་གི་གེ་སར་ཞིབ་འཇུག་ལ་རམ་འདེགས་ཐུབ་པར་ང་ལ་ཡིད་ཆེས་ཡོད།  ད་ལྟ་ང་ཚོའི་འོས་འགན་གཙོ་བོ་ནི་རིག་གཞུང་གི་གྲུབ་འབྲས་འདི་སྤྱི་ཚོགས་རིག་གནས་ཀྱི་གྲུབ་འབྲས་སུ་བསྒྱུར་ནས་སྤྱི་ཚོགས་ལ་ཞབས་འདེགས་ལེགས་པོ་ཞུ་ཐུབ་རྒྱུ་དེ་རེད་ཟེར།

ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེ་མོ་བློ་བཟང་མཁས་གྲུབ་ལགས་ཀྱིས།   བོད་རིགས་ས་ཁུལ་ལ་མཚོན་ན་གེ་སར་སྒྲུང་ནི་ས་ཆ་སོ་སོར་ས་ཁྱབ་རྡོ་ཁྱབ་ཏུ་སོང་ཡོད་པའི་ཤེས་བྱ་ཀུན་འདུས་ཀྱི་དཔེ་དེབ་ཅིག་ཡིན་པ་དང་། དེ་ལ་ཆབ་སྲིད་ཀྱི་རིན་ཐང་དང་། རིག་གནས་ཀྱི་རིན་ཐང་། རིག་གཞུང་གི་རིན་ཐང་། སྤྱི་ཚོགས་ཀྱི་རིན་ཐང་ཆེན་པོ་ལྡན། ཡིན་ན་ཡང་མི་མང་པོ་ཞིག་གིས་གོ་ཐོས་མཐོང་མྱོང་མེད་པས། གློག་བརྙན་ལ་སོགས་པའི་ལམ་ནས་ཀུན་གྱི་མིག་མདུན་དུ་བསྟར་ན་གེ་སར་སྒྲུང་གི་མཚོན་དོན་དང་རིན་ཐང་ཆ་ཚང་བོར་མངོན་ཐུབ་པ་གདོན་མི་ཟ་ཞེས་བརྗོད།


པེ་ཅིང་གསེར་གྱི་སྒྲོལ་མ་གློག་བརྙན་འཕྲིན་སྨྱན་བྱེད་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་བདེ་གཡང་།

པེ་ཅིང་གསེར་གྱི་སྒྲོལ་མ་གློག་བརྙན་འཕྲིན་སྨྱན་བྱེད་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་བདེ་གཡང་གིས།  གེ་སར་རྒྱལ་པོའི་སྒྲུང་འདིའིIPལ་ཚད་ལས་འདས་པའི་ནང་དོན་རྒྱ་ཆེན་པོ་ཞིག་ཡོད་པས།  འདི་སྔོག་འདོན་མ་བྱས་ཡར་སྔོན་ལ་རྨང་གཞི་བརྟན་པོ་ཞིག་མ་བཏིངས་ཚེ་རྗེས་ཀྱི་ལས་ཀ་མང་པོ་ཞིག་བསྒྲུབ་ཐུབ་རྒྱུ་ཁག་པོ་ཡོང་གི་རེད། ང་ཚོས་ལོ་ངོ་དུ་མའི་སྔོན་ཞིག་ནས་འདིའི་སྐོར་ལ་གྲ་སྒྲིག་བྱས་པ་ཡིན།  ད་ཆ་འཛམ་གླིང་ཐོག་ལོ་རྒྱུས་སྙན་རྩོམ་མང་པོ་ཞིག་གློག་བརྙན་དུ་ཕབ་ཡོད་ན་ཡང་། 《 གླིང་རྗེ་གེ་སར་རྒྱལ་པོ》ཡི་སྤོམ་མཐུག་པོའི་ཁྱད་ཆོས་གཞིར་བཟུང་ན་ལོ་རྒྱུས་སྙན་རྩོམ་ལས་བྱུང་བའི་གློག་བརྙན་འདི་འཛམ་གླིང་ཐོག་ཆེས་མཆོག་ཏུ་གྱུར་བ་ཞིག་ཏུ་ཕབ་བསྐྲུན་ཐུབ་པ་ལ་ཡིད་ཆེས་ཡོད་ཟེར།

ཀྲུང་གོའི་མི་རིགས་གློག་བརྙན་འཕྲིན་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན། པེ་ཅིང་མི་རིགས་གློག་བརྙན་འཕྲིན་བཟོ་སྐྲུན་ལྟེ་གནས་ཀྱི་ཀྲུའུ་རེན་ཉིག་སུང་གིས།  2013ལོར་ང་ཚོས་ཀྲུང་གོའི་མི་རིགས་གྲངས་ཉུང་གི་གློག་བརྙན་ལས་གྲྭ་འདི་བཙུགས་ཤིང་། དེ་འོག་ཏུ་ཀྲུང་གོའི་ལོ་རྒྱུས་སྙན་རྩོམ་རིང་མོ་གསུམ་གྱི་བརྙན་གཟུགས་ལས་གྲྭ་བཙུགས་ཡོད།  ཉེ་བའི་ལོ་རིང་། དེའི་འབྲེལ་གྱི་ལས་ཀ་གོ་རིམ་མ་འཆོར་བར་ལས་སྒང་ཡིན་ཡང་། ཐོག་མར་འཁྲབ་བྱའི་གར་ནི་ 《གླིང་རྗེ་གེ་སར་རྒྱལ་པོ》འདི་ཡིན།   《གླིང་རྗེ་གེ་སར་རྒྱལ་པོ》འདི་མི་རིགས་ཀྱི་གློག་བརྙན་ཞིག་ཡིན་པའི་ཁྱད་ཆོས་ཧ་ཅང་མངོན་གསལ་ཡིན་ཞིང་།  མང་ཚོགས་ཀྱི་བློ་ཁ་དང་ཉེ་ལ་རྩོལ་བྱུང་རིག་གནས་ཀྱི་རྨང་གཞི་མཐུག་པོ་ཞིག་ཡོད་པས། ཀྲུང་གོའི་གློག་བརྙན་གྱི་སྟོབས་ཤུགས་འབྱུང་ས་གསར་པ་དང་ནང་དོན་གྱི་འགག་གནད་སྒྲོལ་བྱེད་ཅིག་ཡིན་ངེས། གཞན་ཚོང་ལས་ཀྱི་རིན་ཐང་ཐད་ལ་ཡང་ཧ་ཅང་གཞལ་དུ་མེད་པས་བརྙན་ཕབ་དང་སྒྲིག་བཟོ། འགྲེམ་སྤེལ་གྱི་གོ་རིམ་ཁྲོད་ཧའོ་ལའེ་ཝུ་གློག་བརྙན་གྱི་བཟོ་ལས་ཅན་འགྱུར་གྱི་རྣམ་པའམ་བྱེད་ཐབས་ལ་ཟུར་ལྟ་བྱེད་རྒྱུ་ཚོད་ལྟ་བྱ་ཆོག་པ་རེད་བསམ་ཟེར།

《གེ་སར་སྒྲུང་》གིIPནི་ད་ལྟའི་ཆར་སྦྲང་ཚང་བརྡོལ་བ་དང་རླུང་འཚུབ་གཡུག་པ་ལྟ་བུའི་ཟིང་ཟིང་གི་རྣམ་པ་དེ་དང་མི་མཚུངས་པར་རིག་གཞུང་གི་མངའ་ཁོངས་ནས་རླབས་ཆེན་མེས་རྒྱལ་ལ་རྒྱལ་སྤྱིའི་ཐོག་མཚན་སྙན་སྒྲོན་ཐུབ་པའི་དཔའ་བོའི་ལོ་རྒྱུས་ཀྱི་སྙན་རྩོམ་ཞིག་ཡིན་པས།དེའི་IPགསར་སྤེལ་ནི་དུས་ཡུན་རིང་བོ་ཞིག་ལ་བགྲོད་དགོས་པའི་ལམ་ཞིག་ཡིན།  《གླིང་རྗེ་གེ་སར་རྒྱལ་པོ》ཞེས་པའི་གློག་བརྙན་གྱི་ལས་སྒྲུབ་ཚོགས་པས།  《གླིང་རྗེ་གེ་སར་རྒྱལ་པོ》ཡི་IPགསར་སྤེལ་བྱས་རྗེས།  《གེ་སར》ཞེས་པ་མི་མང་པོ་ཞིག་གིས་ཤེས་ཐུབ་པར་མ་ཟད། བོད་མི་རིགས་ལ་རྒྱུས་ལོན་དང་ཀྲུང་ཧྭའི་རིག་གནས་ལ་དགའ་བོ་ཡོང་བར་ཕན་པ་ཆེན་པོ་ཡོད་ངེས་རེད་ཟེར།

ལོ་ཙཱ་བ། ཁོན་ཐར་འཚོ།