མཚོ་སྔོན་གྱི་དཔལ་འབྱོར་གྱི་འཁོར་རྒྱུག་ལེགས་པོར་མགོ་བརྩམས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  ཟླ4པའི་ཚེས18ཉིན་ལ་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་འཚོགས་ཤིང་།   ཞིང་ཆེན་སྡོམ་རྩིས་ཅུའུ་ཡིས་གསར་འགྱུར་མགྲིན་ཚབ་པ་དབྱི་ཧྥེང་གིས་དུས་ཚིགས་དང་པོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གི་གནས་ཚུལ་ཁྱབ་སྒྲོག་བྱས་པ་རེད།   རྒྱལ་ཁབ་སྡོམ་རྩིས་ཅུའུ་ཡིས་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད་ནས།  དུས་ཚིགས་དང་པོར་ཞིང་ཆེན་ཡོངས་ནས་ས་ཁུལ་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར532.58ཡོངས་འགྲུབ་བྱས། བསྡུར་ཆོག་པའི་རིན་གོང་ལྟར་བརྩིས་ན།   ན་ནིང་གི་དུས་མཉམ་དང་བསྡུར་ན7.2%འཕར། དེ་ནི་རྒྱལ་ཡོངས་ཀྱི་དུས་ཚིགས་དང་པོའི་འཕར་ཚད་ལས་བརྒྱ་ཆའི0.4ལས་མཐོ།  

དུས་ཚིགས་དང་པོར།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་བརྟན་པོ་འོག    ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས“ཉིན་བརྒྱ་རིང་གི་འགག་གཏོར”འགུལ་སྐྱོད་འཛིན་ལུང་དུ་བརྩིས་ཏེ།  ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤུས་མཚག་ཕན་འབྲས་མུ་མཐུད་དུ་ཇེ་མཐོ་དང་དཔལ་འབྱོར་གྲུབ་ཚུལ་མཐུད་མར་ཇེ་ལེགས་སུ་བཏང་སྟེ་དཔལ་འབྱོར་འཁོར་རྒྱུག་གི་མགོ་བཟང་པོར་བརྩམས།   ཐོན་ལས་དང་པོའི་འཕར་རིན་སྒོར་དུང་ཕྱུར19.54ཡིན་ལ4.1%འཕར།  ཐོན་ལས་གཉིས་པའི་འཕར་རིན་སྒོར་དུང་ཕྱུར216.12ཡིན་ལ8.2%འཕར།  ཐོན་ལས་གསུམ་པའི་འཕར་རིན་སྒོར་དུང་ཕྱུར296.92ཡིན་ལ6.5%འཕར།  

ཟླ1པོ་ནས3པའི་བར།  ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་བརྟན་བརླིང་སྒོས་འཕེལ་ཞིང་འབྲུ་རིགས་བཏབ་པའི་རྒྱ་ཁྱོན་ཅུང་ཙམ་ཇེ་ཆེར་སོང་།  བཟོ་ལས་ཐོན་སྐྱེད་ཀྱི་འཕར་ཚད་ཇེ་མཐོར་སོང་ཞིང་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་རིན་ན་ནིང་གི་དུས་མཉམ་དང་བསྡུར་ན8.5%འཕར་བ་དང་། འཕར་ཚད་ན་ནིང་གི་དུས་མཉམ་དུ་བསྡུར་ན་བརྒྱ་ཆའི0.6ཇེ་མཐོར་སོང་བ་དང་།  རྒྱལ་ཡོངས་ཀྱི་དུས་ཚིགས་དང་པོའི་འཕར་ཚད་ལས་བརྒྱ་ཆའི1.7ལས་མཐོ།   གཏན་འཇགས་རྒྱུ་ནོར་ཀྱི་འཛུད་འཇུག་མགོ་ཅུང་བཟང་པོར་བརྩམས་པ་སྟེ།   གཏན་འཇགས་རྒྱུ་ནོར་གྱི་འཛུད་འཇུག་སྒོར་དུང་ཕྱུར240.41ཡོངས་འགྲུབ་བྱས་པ་དང་ན་ནིང་གི་དུས་མཉམ་དང་བསྡུར་ན9.8%འཕར་བ་དང་། རྒྱལ་ཡོངས་ཀྱི་དུས་ཚིགས་དང་པོའི་འཕར་ཚད་ལས་བརྒྱ་ཆའི2.3ལས་མཐོ།   འཛད་སྤྱོད་ཚོང་རྫས་ཀྱི་ཚོང་ཁྲོམ་འཁྲུག་པོ་ཡིན་པ་སྟེ།  སྤྱི་ཚོགས་ཀྱི་འཛད་སྤྱོད་ཚོང་རྫས་ཀྱི་སིལ་ཚོང་སྤྱི་གྲངས་སྒོར་དུང་ཕྱུར184.70རེད། མཁར་གྲོང་གཞིས་དམངས་ཀྱི་ཡོང་སྒོ་འཕར་ཚད་ཅུང་མགྱོགས།  གྲོང་རྡལ་གྱི་རྒྱུན་སྡོད་གཞིས་དམངས་རེར་ཆ་སྙོམས་སུ་བགོས་ཆོག་པའི་ཡོང་སྒོ9.3%འཕར།  ཞིང་སྡེའི་རྒྱུན་སྡོད་གཞིས་དམངས་རེར་ཆ་སྙོམས་སུ་བགོས་ཆོག་པའི་ཡོང་སྒོ10.3%འཕར།།

ལོ་ཙཱ་བ། གཡང་སྐྱིད།