ཀྲུང་དབྱང་སྒྲིག་ཨུད་ནས་མང་ཚོགས་ཉེ་འཁོར་གྱི་རུལ་སུངས་དང་སྤྱོད་ཚུལ་ཐད་ཀྱི་གནད་དོན་19བརྡ་ཁྱབ་བྱས་པ།

སྤྱི་ཟླ་4ཚེས་20ཉིན། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་དྲ་ཚིགས་ཐོག་ཉེ་ཆར་རིམ་ཁག་སྒྲིག་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་ཞིབ་བཤེར་ཐག་གཅོད་བྱས་པའི་མང་ཚོགས་ཀྱི་ཉེ་འཁོར་དུ་ཐོན་པའི་རུལ་སུངས་དང་སྤྱོད་ཚུལ་ཐད་ཀྱི་གནད་དོན་19བརྡ་ཁྱབ་བྱས་ཡོད།

བརྡ་ཁྱབ་བྱས་པའི་གྱོད་གཞི་དེ་དག་ཞིང་ཆེན་དང་ཐད་གཏོགས་གྲོང་ཁྱེར། རང་སྐྱོང་ལྗོངས་19དང་འབྲེལ་བ་ཡོད་པ་རེད། ཞིབ་བཤེར་ཐག་གཅོད་བྱས་པའི་གནད་དོན་19ནང་། འབྲེལ་ཡོད་མ་དངུལ་གཞན་སྤྱོད་བྱས་པ་སོགས་མ་དངུལ་ཐད་ཀྱི་གནད་དོན་མང་ཤོས་ཡིན་ཞིང་། དེས་5བཟུང་བ་དང་། མ་དངུལ་གཡོ་ལེན་བྱས་པའི་གྱོད་གཞི་3ཐོན་ཡོད། གཞན་ཡང་ད་དུང་གཏན་འབེབ་ལས་འགལ་ཏེ་བཤིག་སྤོའི་ཁ་གསབ་མ་དངུལ་གཤམ་སྤྲོད་བྱས་པ་དང་། དབང་པོ་སྐྱོན་ཅན་གྱི་འགན་སྲུང་མ་དངུལ་ཧམ་ཟ་བྱས་པ། འགན་བཅོལ་གུན་གསབ་མ་དངུལ་གཡོ་ལེན་བྱས་པ། དངུལ་མཛོད་ཆུང་ཆུང་ལྐོག་འཛུགས་བྱས་པ། དུར་ས་བཤིག་སྤོའི་ཁ་གསབ་མ་དངུལ་རྫུན་སྒྲིག་གཡོ་ལེན་བྱས་པ། སྤྱི་ཕན་ནགས་ཚལ་གྱི་ཁ་གསབ་མ་དངུལ་བཙན་བཟུང་བྱས་པ། རྒྱལ་ཁབ་ཀྱི་ས་ཆ་བསྡུ་ལེན་གྱི་ཁ་གསབ་མ་དངུལ་གཡོ་ལེན་བྱས་པ། སྒྲིག་འགལ་ཐོག་མཉམ་སྡེབ་མ་དངུལ་ནས་ཁ་གསབ་སྤྲད་པ། མཉམ་སྡེབ་ཀྱི་རྒྱུ་ནོར་བཙན་བཟུང་བྱས་པ། འཛུགས་སྐྲུན་ཁ་གསབ་རོགས་དངུལ་བཀག་ཉར་སྒེར་བགོས་བྱས་པའི་གནད་དོན་སོགས་ཚུད་ཡོད་པ་རེད།