མཚོ་ནུབ་ཁུལ་གྱིས་བརྟན་བརླིང་ངང་ཀྲུང་དབྱང་ཁོར་སྲུང་ལྟ་རྟོག་པས་ལྡོག་ལན་སྤྲད་པའི་གནད་དོན་ལ་དག་ཐེར་དང་ལྟ་ཞིབ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།  ཀྲུང་དབྱང་གི་ཁོར་སྲུང་ལྟ་རྟོག་པས་ལྡོག་ལན་སྤྲད་པའི་གནད་དོན་དག་ཐེར་ལས་འགན་དུས་བཀག་ལྟར་ལེགས་འགྲུབ་བྱ་ཆེད། ཉེ་ཆར།  མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ལྟ་ཞིབ་ཇུས་གཞི་དུས་ཐོག་ཏུ་བཟོས་ནས་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང6བཙུགས་པ་མ་ཟད། ཁོངས་གཏོགས་གྲོང་ཁྱེར་དང་རྫོང་། སྲིད་འཛིན་ཨུ་ལྷན། འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ་དོ་དམ་ཨུ་ལྷན་དང་། ཁུལ་ཐད་གཏོགས་སྡེ་ཚན་ཁག་གིས་ཆེད་དོན་ལྟ་ཞིབ་སྤེལ་བ་རེད།

རྒྱུས་ལོན་བྱས་པ་ལྟར་ན། ཁུལ་ཡོངས་ཀྱིས་ཀྲུང་དབྱང་གི་ཁོར་སྲུང་ལྟ་རྟོག་པས་ལྡོག་ལན་སྤྲད་པའི་གནད་དོན་དག་ཐེར་དང་ལྟ་ཞིབ་བྱེད་པའི་རིང་གི་ཡིག་བསྐུར་ཞུ་གཏུག་གྱོད་གཞི་བསྒྲུབ་རྒྱུ་དང་། “ཁོར་ཡུག་སྲུང་སྐྱོང་བྱེད་ཐབས་གསར་པ་དོན་ཚན་བཅུ་གསུམ”སོགས་ཕྱོགས་གསུམ་གྱི་ཐད་ནས་ལག་ལེན་དོན་འཁྱོལ་བྱེད་པར་དམིགས་ནས།  གནད་དོན་དག་ཐེར་བྱེད་པར་སྤྱིའི་ཇུས་གཞི10དང་ཐབས་ཇུས70ལྷག་གཏན་འབེབས་བྱས་ཤིང་། ཀྲུང་དབྱང་གི་ཁོར་སྲུང་ལྟ་རྟོག་པས་ལྡོག་ལན་སྤྲད་པའི་གནད་དོན་ཁྲོད་གནད་དོན་ཁག7རེ་བ་ལྟར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། སྡེ་ཁག་གིས་ངོས་འཛིན་བྱས་པའི་གནད་དོན་ཁག3ལ་ཡང་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་རེད།

འདིའི་མུར། མཚོ་ནུབ་ཁུལ་གྱིས་དཀའ་གནད་ཆེ་བའི་གནད་དོན་གཙོ་གནད་དུ་བཟུང་ནས་དག་ཐེར་བྱ་རྒྱུ་ཡིན་པ་དང་། ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་ཡོང་ཐུབ་པར་བརྩོན་ལེན་བྱ་རྒྱུ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།