ཡ་རྫི་རྫོང་གིས་མཐོ་སྒང་གི་མཛེས་པའི་གྲོང་གསེབ67འཛུགས་སྐྲུན་ལག་ལེན་དུ་བསྟར་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།  ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་མི་འདང་སར་ཁ་གསབ་བྱེད་ཆེད།  ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་གིས་མཐོ་སྒང་གི་མཛེས་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་རྒྱུ་དེ་གྲོང་གསེབ་ཀྱི་སྤུས་ཚད་མཐོར་འདེགས་དང་མཁར་ཞང་གཅིག་གྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཏུ་བརྩིས་ཏེ།  “ཞིང་ས་མཛེས་པོ་དང་གྲོང་སྡེ་མཛེས་པོ། མཚོ་བ་སྐྱིད་པོ།” བསྐྲུན་དགོས་པའི་སྤྱིའི་བླང་བྱ་ལྟར།  མཐོ་སྒང་གི་མཛེས་པའི་གྲོང་གསེབ་67འཛུགས་སྐྲུན་གྱི་རྣམ་གྲངས་ལག་བསྟར་བྱས་པ་དང་། སྟོབས་ཤུགས་ཡོད་རྒུས་གྲོང་གསེབ་དར་རྒྱས་འཐབ་ཇུས་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་བ་རེད།

ན་ནིང་ནས་བཟུང་། སྡེ་ཁག་མང་པོའི་མ་དངུལ་གཅིག་བསྡུས་བྱས་ཏེ་མཐོ་སྒང་གི་མཛེས་པའི་གྲོང་གསེབ67འཛུགས་སྐྲུན་བྱེད་པའི་རྣམ་གྲངས་ནང་བསྡོམས་པའི་མ་དངུལ་སྒོར་དུང་ཕྱུར5.43བཏང་བ་དང་། མི་ཕྱུགས་ཀྱི་འཐུང་ཆུ་དང་བདེ་འཇགས་གློག་བཀོལ། སྡེ་བའི་གཞུང་ལམ་སྲ་བསྒྱུར་དང་བཙོག་ཆུ་འབུད་བྱེད་ཆུ་སྦུབས་དྲ་བ་སོགས་རྨང་གཞིའི་སྒྲིག་ཆས་དང་སྡེ་བ་རིམ་པའི་ཕྱོགས་བསྡུས་བྱ་འགུལ་ལྟེ་གནས། འཕྲོད་བསྟེན་ཁང་དང་བྱིས་གཉོར་ཁང་སོགས་སྤྱི་གཞུང་ཞབས་ཞུའི་སྒྲིག་ཆས་ཁྱོན་ཡོངས་ནས་རིམ་སྤོར་སྒྱུར་བཀོད་བྱས་པ་རེད།

དེ་དང་མཉམ་དུ། ཡ་རྫི་རྫོང་གིས་གྲོང་གསེབ་ཀྱི་ཁང་རྙིང་དང་ཉེན་ཁ་ཡོད་པའི་ཁང་པ་9682བསྒྱུར་བཀོད་བྱས་པ་དང་། 72%སྡེ་བར་ལྗང་སྒྱུར་དང་མཛེས་སྒྱུར་བཟོ་སྐྲུན་ལག་བསྟར་བྱས་པ་མ་ཟད། 90%ཡི་སྡེ་བར་ཚད་ལྡན་ཅན་གྱི་ལུས་རྩལ་ར་བ་དང་ལུས་སྦྱོང་ཡོ་བྱད། དཔེ་མཛོད་ཁང་སོགས་ལུས་རྩལ་རིག་གནས་སྒྲིག་ཆས་ཀྱིས་ཁེབས་པར་བྱས་ལ། 67%གྱི་གྲོང་རྡལ་དུ་གད་སྙིགས་ཐག་གཅོད་ར་བ་འཛུགས་སྐྲུན་བྱས་པ་དང་། 20%ཡི་སྡེ་བར་བཙོག་ཆུ་འབུད་བྱེད་ཆུ་སྦུབས་དྲ་བ་ཁེབས་པར་བྱས། 68%ཀྱི་སྡེ་བར་“གཙང་གསུམ་དང་ལེགས་བཅོས་ལྔ། རྙོག་འཛིང་དྲུག་ལེགས་བཅོས”སོགས་བརྗོད་གཞི་ཡིན་པའི་གྲོང་གསེབ་ཀྱི་ཁོར་ཡུག་དག་ཐེར་ལེགས་བཅོས་རྣམ་གྲངས་ལག་བསྟར་བྱས་ཏེ། གྲོང་གསེབ་ཀྱི་གད་སྙིགས་ཐག་གཅོད་ནང་རྐྱེན་འཛུགས་སྐྲུན་བྱས་པ་དང་། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་ཆས་འཐུས་ཚང་དུ་བཏང་བ་མ་ཟད།  གྲོང་གསེབ་ཀྱི་ཁོར་ཡུག་སྤུས་ཚད་ཉིན་རེ་བཞིན་མཐོར་འདེགས་སུ་བཏང་བ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།