མཁའ་སྐྱོད་ཉིན་མོར། ཚན་རིག་ལག་རྩལ་སྦྱངས།

མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་21ཉིན། “ཀྲུང་གོའི་མཁའ་སྐྱོད་ཉིན་མོ”འཆར་བའི་མཚམས་སུ། ཧོ་པེ་ཤིང་ཐའེ་དཔལ་འབྱོར་གསར་སྤེལ་ཁུལ་དུ“མཁའ་སྐྱོད་ཀྱི་དུས་རབས་གསར་པ་མཉམ་དུ་གཏོད”ཅེས་བརྗོད་དོན་གཙོ་བོར་བྱེད་པའི་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་གཉེར་བ་དང་། ཟླ་བའི་འཚོལ་ཞིབ་འདུ་འགོད་དང་། མི་ཞུགས་མཁའ་སྐྱོད། བྱང་སྐར་སྨེ་བདུན་གྱི་ཕྱོགས་སྟོན་སོགས་རང་རྒྱལ་གྱི་མཁའ་སྐྱོད་ཁྱབ་ཁོངས་ཀྱི་གྲུབ་འབྲས་ལ་འགྲེལ་བཤད་བརྒྱབ་སྟེ་གཞོན་ནུ་ལོ་ཆུང་རྣམས་ཀྱི་ཚན་རིག་ལ་དགའ་བ་དང་འཚོལ་ཞིབ་བྱེད་ཕོད་པའི་སྙིང་སྟོབས་འཕེལ་བར་བྱས་ཡོད་པ་རེད།