ཞིང་གྲོང་བྱིས་པ་ཁད་ཉེ་ས་ནས་སློབ་གྲྭ་ལེགས་པོར་འགྲིམ་འདོད་ཀྱི་རེ་བ་ཡོངས་སུ་བསྐངས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། གསར་འགོད་པས་སློབ་གསོ་སྡེ་ཁག་ནས་རྒྱུས་ལོན་པ་ལྟར་ན། ད་ལོ་ཙོང་ཁ་རྫོང་གིས་སློབ་གསོའི་རྣམ་གྲངས་གལ་ཆེན48འཛུགས་བསྐྲུན་ལག་བསྟར་བྱ་རྒྱུ་ཡིན་ལ། དེའི་ཐད་མ་དངུལ་སྒོར་དུང་ཕྱུར3.7གཏང་རྒྱུ་ཡིན་པ་རེད། ལས་གཞི་དེ་འགོ་བརྩམས་ནས་ད་ལྟའི་བར་ཁྱོན་བསྡོམས་ལས་གཞི21འཕྲོ་རིམ་འཕྲོར་སྤེལ་བ་དང་བསྡུར་ཚད100%རུ་སླེབས་ཡོད། གསར་དུ་འཛུགས་བསྐྲུན་བྱེད་རྒྱུའི་རྣམ་གྲངས16ལ་ད་ལྟ་མ་དངུལ་གཏོང་མཁན་བསྡུ་ལེན་དང་ལས་བཟོ་རྩ་འཛུགས་པ་བསྡུ་ལེན་བྱེད་བཞིན་ཡོད་པས། ཟླ5པའི་ནང་ཁྱོན་ཡོངས་ནས་ལས་གཞི་ཡོད་ཚད་ལས་འགོ་རྩོམ་རྒྱུ་རེད། ལས་གཞི་ལག་བསྟར་བྱས་ཆོག་པའི་ལས་གཞི11ལ་ད་ལྟ་ལེགས་སྒྲིག་དང་ཇུས་འགོད་བྱེད་བཞིན་ཡོད། ལས་གཞི་འདི་དག་ལག་བསྟར་གྱིས་རྫོང་རིམ་པའི་ཞིང་གྲོང་གི་སློབ་གྲྭའི་སློབ་སྒྲུབ་ཆ་རྐྱེན་དེ་སྔར་ལས་ལྷག་པའི་སྒོ་ནས་ལེགས་བཅོས་བྱས་པ་མ་ཟད། ཞིང་གྲོང་སློབ་མ་དག་གིས་ཕུལ་བྱུང་སློབ་གསོའི་ཐོན་ཁུངས་ལོངས་སྤྱོད་ཐུབ་པའི་ཕུགས་འདུན་ཡང་སྔར་ལས་ལྷག་པའི་སྒོ་ནས་བསྐངས་པ་རེད།

རྫོང་ཡོངས་ཀྱི་སློབ་གསོའི་གཙོ་གནད་རང་བཞིན་གྱི་རྣམ་གྲངས་འཛུགས་བསྐྲུན་དེ་དུས་ལྟར་ལས་འགོ་རྩོམ་པ་དང་དུས་ལྟར་ལེགས་འགྲུབ་བྱུང་བ། རྒྱུ་སྤུས་ཚད་ལྡན་བཅས་ལ་འགན་བཅོལ་ཁག་ཐེག་བྱ་ཆེད། རྫོང་དེའི་གཅིག་ནས་དོན་དངོས་ལ་ཤུགས་བསྣན་ནས་ལས་བརྩོན་དམ་འཛིན་བྱེད་པ། གཉིས་ནས་འགན་བཅོལ་ལ་ཤུགས་བསྣན་ནས་དངོས་ཡོད་གོང་རིམ་ལ་ཡར་ཞུ་བྱེད་པ། གསུམ་ནས་དོ་དམ་ལ་ཤུགས་བསྣན་ཏེ་དོན་དངོས་བྱེད་ཐབས་རེ་རེ་ཞིབ་ཚགས་ཀྱིས་བསྒྲུབས་ཡོད་པ་རེད། རྒྱུས་ལོན་བྱུང་བ་ལྟར་ན། 2017ལོར་ཙོང་ཁ་རྫོང་གིས་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར2.87བཏང་ནས་སློབ་གསོའི་འཛུགས་བསྐྲུན་རྣམ་གྲངས85ལ་ཁྱོན་ཡོངས་ནས་ལེགས་བཅོས་བྱས་ཤིང་། འོས་འགན་སློབ་གསོས་ཁ་གསབ་སྟོང་ཆ་སྐོང་བའི་རྣམ་གྲངས་ལག་བསྟར་བྱས། སློབ་གྲྭའི་རྒྱ་ཁྱོན་རྨིད་གྲུ་བཞི་མ་ཁྲི13.6རྒྱ་བསྐྱེད་ཞིག་གསོ་བྱས་ཤིང་། བྱིས་སྐྱོང་གླིང11གསར་འཛུགས་བྱས། སློབ་འབྲིང2རྒྱ་བསྐྱེད་པ། གནས་སྤར་གཞིས་སྡོད་ས་ཁུལ་དག་ལ་སློབ་གྲྭ6གསར་འཛུགས་བྱས་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།