མཚོ་ཤར་གྲོང་ཁྱེར་གྱིས་གནམ་གཤིས་དེང་རབས་ཅན་གྱི་འཛུགས་སྐྲུན་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས་པ། 

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ4 པའི་ཚེས་25 ཉིན་ལ་མཚོ་ཤར་གྲོང་ཁྱེར་གནམ་གཤིས་ཅུས་ཀྱིས་གནམ་གཤིས་དེང་རབས་ཅན་གྱི་འཛུགས་པར་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས་ཏེ། གནམ་གཤིས་དེང་རབས་ཅན་གྱི་འཛུགས་སྐྲུན་ཐད་འཕྲད་པའི་དུས་བབ་གསར་པར་དབྱེ་ཞིབ་དང་། དུས་རིམ་རྗེས་མའི་ལས་ཀ་བཀོད་སྒྲིག་བྱས་པ་རེད།

ཚོགས་འདུའི་ཐོག2017 ལོའི་གནམ་གཤིས་དེང་རབས་ཅན་གྱི་དཔྱད་དཔོག་སྙན་ཞུ་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱས་པའི་རྨང་གཞིའི་ཐོག་2018 ལོར་མཚོ་ཤར་གྲོང་ཁྱེར་གནམ་གཤིས་ཅུས་ཀྱི་གནམ་གཤིས་དེང་རབས་ཅན་གྱི་འཛུགས་པར་གནས་ཐང་འཕར་བའི་ཇུས་གཞི་ལ་འགྲེལ་བཤད་བརྒྱབ་པ་དང་། གནས་པའི་གནད་དོན་དང་བརྒྱུད་རིམ་ལ་དབྱེ་ཞིབ་བྱས་ནས། རྗེས་ཕྱོགས་ཀྱི་དམིགས་སུ་བཀར་ནས་ཡར་འདེགས་བྱེད་པའི་འཛུགས་སྐྲུན་གྱི་ནང་དོན་ལ་གསལ་བོ་བྱ་དགོས། བླང་བྱ་དང་ལས་ཁུངས་ཁག་གིས་གནམ་གཤིས་དེང་རབས་ཅན་གྱི་ལས་དོན་དེ་གྲོང་ཁྱེར་ཡོངས་ཀྱི་གནམ་གཤིས་ལས་དོན་ཁྲོད་ཀྱི་་གལ་ཆེའི་ནང་གི་དོན་ཆེན་ཞིག་ཏུ་བརྩིས་དགོས། འགན་འཁྲི་ཁག་བགོས་ལྟར་། སྤྱོད་གོ་ཆོད་པའི་བྱེད་ཐབས་བཏོན་ནས་གྲོང་ཁྱེར་ཡོངས་ཀྱི་གནམ་གཤིས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལས་དོན་བདེ་བླག་ངང་སྤེལ་བར་འགན་ལེན་བྱ་དགོས།།

ཚོགས་འདུའི་ཐོག་ད་དུང་ཞིང་ཆེན་གནམ་གཤིས་ཅུས་ཀྱི་གདན་འདྲེན་ཞུས་པའི་ཚབ་སྒྲུབ་ལས་བྱེད་མི་སྣས་ཚང་མར《 མཚོ་སྔོན་ཞིང་ཆེན་གྲོང་ཁྱེར་དང་ཁུལ་གྱི་གནམ་གཤིས་དེང་རབས་ཅན་གྱི་གཞི་རྩའི་ཆ་ནས་དཔྱད་ཞིབ་གདེང་འཇོག་བྱ་ཐབས་མངོན་འགྱུར་བྱུང་བའ》 གསལ་འགྲེལ་བྱས་པ་དང་།མཚོ་ཤར་གནམ་གཤིས་དེང་རབས་ཅན་གྱི་འཛུགས་སྐྲུན་ཐད་གནས་པའི་གནད་དོན་དང་། གྲོང་ཁྱེར( ཁུལ)ཅུས་གཞན་དང་བར་གྱི་བར་ཐག་དང་དེ་བཞིན་མངོན་མེད་ཀྱི་སྐར་མ་བསྣན་པའི་ལས་གཞི་ལ་དབྱེ་ཞིབ་བྱས་པ་མ་ཟད། ད་དུང་མཚོ་ཤར་གནམ་གཤིས་དེང་རབས་ཅན་གྱི་འཛུགས་སྐྲུན་སྐོར་གྱི་གནད་དོན་ཕན་ཚུན་གྲོས་བསྡུར་བྱས་པར་སྔར་ལས་སྐུལ་འདེད་གཏོང་དགོས།

ལོ་ཙཱ་བ། གཡང་སྐྱིད།