ཆི་ལེན་རྫོང་གིས་ལས་བྱེད་པ་བརྒྱ་བདམས་ནས་ཧྲན་ཏུང་པིན་ཀྲིག་ཏུ་ལས་ཁུར་སྦྱོང་བརྡར་བྱེད་དུ་མངགས།

ཟླ་བཞི་བའི་ཚེས་ཉེར་བཞི་ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་གི་ཕུལ་བྱུང་ལས་བྱེད་པ་དང་ཆེད་ལས་འཇོན་མི་བདུན་ཅུ་མཉམ་དུ་མེ་འཁོར་ལ་བསྡད་དེ་ཧྲན་ཏུང་ཞིང་ཆེན་པིན་ཀྲིག་གྲོང་ཁྱེར་དུ་དུས་ཡུན་ཟླ་གཉིས་རིང་གི་ལས་ཁུར་སྦྱོང་བརྡར་དང་གསོ་སྦྱོང་ལ་ཞུགས་ཏུ་སོང་།

ཆི་ལེན་རྫོང་གིས་ཧྲན་ཏུང་པིན་ཀྲིག་གིས་ཁ་གཏད་རོགས་སྐྲུན་བྱེད་པའི་གོ་སྐབས་བེད་སྤྱད་དེ། ཕུལ་བྱུང་ལས་བྱེད་པ་གཞོན་པ་ཞིང་ཆེན་ཕྱི་རུ་མངགས་ནས་ལས་ཁུར་སྦྱོང་བརྡར་བྱེད་པའི་བཟོ་སྐྲུན་ལག་བསྟར་བྱས་པ་དང་། ངོ་སྤྲོད་གཅིག་དང་ཞིབ་དཔྱད་གཉིས་ཀྱི་རྣམ་པ་སྤྱད་ནས། ཞིང་ཕྱུགས་དང་ཆུ་བེད། ཁྲིམས་འཛིན་དང་ཞང་དང་གྲོང་རྡལ་སོགས་སྡེ་ཁག་ནས་ལས་བྱེད་པ་དང་ཆེད་ལས་མི་སྣ་བརྒྱ་ལྷག་བདམས་ནས་སྐབས་གཉིས་སུ་བགོས་ཏེ་ལས་ཁུར་སྦྱོང་བརྡར་བྱེད་དུ་མངགས་པ་དང་། སྐབས་དང་པོར་མི་བདུན་ཅུ་དང་སྐབས་གཉིས་པར་བཞི་བཅུ་བཀོད་སྒྲིག་བྱས་ཡོད་ལ། ལས་ཁུར་སྦྱོང་བརྡར་དང་ལས་སྒོའི་གསོ་སྦྱོང་བརྒྱུད་དེ། གཙོ་བོར་བཟོ་ལས་དཔལ་འབྱོར་ཚུལ་བསྒྱུར་རིམ་སྤོར་དང་གྲོང་ཁྱེར་ཅན་འཛུགས་སྐྲུན། སྤྱི་ཚོགས་ལས་དོན་འཕེལ་རྒྱས་སུ་གཏོང་བ་སོགས་ཕྱོགས་ཀྱི་སྔོན་ཐོན་ཉམས་མྱོང་དང་བྱེད་ཐབས་ལ་སློབ་སྦྱོང་བྱས། ཐེངས་འདིའི་ལས་ཁུར་སྦྱོང་བརྡར་དང་གསོ་སྦྱོང་ནི་ཆི་ལེན་རྫོང་གི་བདམས་མངགས་བྱས་པའི་མི་གྲངས་ཆེས་མང་ཞིང་ལས་རིགས་ཆེས་མང་ལ། ཆེད་ལས་ཆེས་མང་པའི་འཐབ་ཇུས་ལས་འགན་ཐེངས་གཅིག་ཡིན་པ་དང་། ཕྱི་རུ་སོང་ནས་སློབ་སྦྱོང་བྱེད་པ་དང་ཉམས་མྱོང་བསྡུ་གསོག་བྱེད་པ། བྱང་ཚད་མཐོར་འདེགས་བྱེད་པ། ནུས་པ་མཐོར་འདེགས་བྱེད་པ་དམིགས་འབེན་དུ་བྱས་པ་དང་། ཅི་ཞིག་སློབ་སྦྱོང་བྱེད་པ་དང་ཅི་ཞིག་ཆད་ནས་དེ་ཁ་གསབ་བྱེད་པའི་རྩ་དོན་ལྟར། ཁ་གཏད་དེ་ཉམས་མྱོང་བསྡུ་ལེན་དང་སློབ་སྦྱོང་བྱེད་པ། དངོས་སུ་བཀོལ་སྤྱོད་བྱས་ནས། ལས་བྱེད་པ་དང་ཤེས་ལྡན་མི་སྣའི་ལས་སྒོའི་ནུས་པ་དང་བྱང་ཚད་མཐོར་འདེགས་བྱེད་པ་དང་། ལས་བྱེད་པ་དང་ཤེས་ལྡན་མི་སྣས་གནས་བབ་གསར་བ་དང་ལས་འགན་གསར་བ་དང་མཐུན་པར་བྱེད་མི་ཐུབ་པ་དང་།བྱ་བ་བཟང་བོར་མི་བསྒྲུབ་པའི་གནད་དོན་ཐག་གཅོད་བཟང་བོ་བྱེད་རྒྱུ་རེད།